རང་གིས་རང་ལ་གདམས་པ།

རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ། 琼迈文学网 2025-02-13
༄༅།། འདབ་རྒྱས་ཟེའུ་འབྲུ་རྒྱས་པའི་གེ་སར་གྱི་ལང་ཚོ།།
ཉ་གང་ཟླ་བས་ནོན་པའི་འོད་དཀར་གྱི་གདན་ལ།།
བདེ་སྟོང་ཕྱག་རྒྱས་རྣམ་རོལ་གཡོ་མེད་དུ་བཞུགས་པའི།།
ལྷ་གཅིག་བླ་མ་རྡོ་རྗེ་སེམས་དཔའ་དེ་མཁྱེན་ནོ།།
ལས་ངན་ཨ་བུ་ཤྲཱི་རྣམ་གཡེངས་ཅན་ཁྱོད་ཉོན་དང་།།
སྔར་འཁྲུལ་འཁྲུལ་བས་བསླུས་བསླུས་ཨི་དྲན་ཨི་གོ།།
ད་འཁྲུལ་འཁྲུལ་བ་འདི་ལ་བག་ཟོན་དགོས་སོ།།
སྟོང་ཟོབ་མི་ཚེ་མ་བསྐྱལ་རང་སེམས་བསྐོར་དང་།།
དགོས་མེད་བྱ་བློ་མང་པོ་ད་ནི་སྐྱུར་ཐོང་།།
བསམ་བརྒྱ་འགྲུབ་དུས་མེད་པའི་རང་སེམས་སྡུག་ཁུར།།
བྱས་བྱས་ཟིན་པ་མེད་པའི་རྣམ་གཡེངས་ཆུ་རིས།།
རང་མགོ་རང་གིས་མ་བསྐོར་ཁ་རོག་འདུག་དང་།།
བརྒྱ་ཐོས་གཅིག་ཀྱང་མ་ཟིན་ཐོས་པས་ཅི་ཕན།།
ཐོས་ཀྱང་དགོས་དུས་མི་དྲན་བསམ་པས་མི་ཕན།།
ཉོན་མོངས་གཉེན་པོར་མ་སོང་སྒོམ་པ་སྐྱུར་ཐོང་།།
བཟླས་གྲངས་བསྙེན་ཚད་སོང་ཡང་བསྐྱེད་རིམ་མ་གོམས།།
ལས་འཐས་ལྷ་སྐུ་གསལ་ཡང་གཉིས་འཛིན་མ་ཞིག།།
ལྟར་སྣང་འདྲེ་གདོན་འདུལ་ཡང་རང་རྒྱུད་མ་ཐུལ།།།
བསྙེན་སྒྲུབ་ཁྲིགས་ཆགས་ལེགས་པའི་ཐུན་བཞི་སྐྱུར་ཐོང་།།
མཐོ་ན་གསལ་གསལ་འདྲ་ཡང་ལྷོད་ཆ་མ་སྐྱེས།།
དམའ་ན་གནས་གནས་འདྲ་ཡང་དྭངས་ཆ་མ་ཐོན།།
ཕུར་ཚུགས་རིག་ཆ་འདྲ་ཡང་གཏད་སོ་མདུང་ཚུགས།།
སེམས་འཛིན་རྟོད་ཕུར་བརྟན་པའི་ལྟ་སྟངས་སྐྱུར་ཐོང་།།
བཤད་ཡམས་སྙན་སྙན་འདྲ་ཡང་སེམས་ལ་མི་ཕན།།
རིགས་ལམ་རྣོ་རྣོ་འདྲ་ཡང་འཁྲུལ་བའི་རུ་མ།།
གདམས་ངག་ཟབ་ཟབ་འདྲ་ཡང་ཉམས་སུ་མི་ལེན།།
སེམས་གཡེངས་མིག་ནད་སྐྱེད་པའི་དཔེ་བལྟས་སྐྱུར་ཐོང་།།
རྔ་ཆུང་ཏིང་ཏིང་བརྡུངས་ཀྱང་ཡུལ་མཛེས་ཆོས།།
ཤ་ཁྱེར་ཁྲག་ཁྱེར་ཟེར་ཀྱང་གཅེས་འཛིན་མ་ཞིག།
ཏིང་ཤག་སིལ་སིལ་བརྡུང་ཡང་དམིགས་གཏད་མི་འདུག།
མཛེས་མཛེས་ལྟར་སྣང་ལེགས་པའི་ཨོ་ཟོབ་སྐྱུར་ཐོང་།།
ད་ལྟ་སློབ་སློབ་འདྲ་ཡང་ནམ་ཕུག་མི་སྐྱོང་།།
དེ་རིང་ཤེས་ཤེས་འདྲ་ཡང་ག་ལེར་རྗེས་མེད།།
བརྒྱ་ལ་ལོབས་ནས་སོང་ཡང་སེམའས་ལ་མི་བསྐོར།།
དོ་གལ་ཆེ་མདོག་ཁ་པོས་སློབ་མ་སྐྱུར་ཐོང་།།
ད་ལོ་གཅེས་གཅེས་འདྲ་ཡང་སང་ཕོད་དེ་མེད།།
ཉམ་ཆུང་བྱེད་མདོག་ཁ་ཡང་མཐོ་སྣང་ཆེ་འོང་།།
ཕར་ལ་བརྩེ་བས་བསྐྱངས་ན་ཕར་ཕར་རིང་བའི།།
ཨ་གསར་ཁ་འཛུམ་ངོ་དགའི་སྙིང་གྲོགས་སྐྱུར་ཐོང་།།
འཛུམ་ལམ་དགའ་དགའ་འདྲ་ཡང་ཨི་བདེན་མི་ཤེས།།
སྐོར་ཅིག་བདེ་སྣང་འཆར་ཡང་ཟླ་དགུའི་སེམས་ནད།།
ཟླ་གཅིག་སྟབས་ཀ་བསྒྲིགས་ཀྱང་འགྲིགས་དུས་དཀའ་བས།།
མིས་འཕྱ་རང་སེམས་ཁྲེལ་བའི་གྲོགས་མོ་སྐྱུར་ཐོང་།།
བཤད་བཤད་ཟིན་དུས་མེད་པའི་ཆགས་སྡང་རུ་མ།།
མཚར་མཚར་ཡག་ཡག་འདྲ་ཡང་གཞན་སྐྱོན་རྗེས་ཟློས།།
བཤད་ཡུལ་ཉན་ཉན་འདྲ་ཡང་ཞེ་ཁྲེལ་ཕྲོད་འོང་།།
དོན་མེད་ཁ་སྐོམ་སྐྱེ་བའི་སྐད་ཆ་སྐྱུར་ཐོང་།།
རང་ལ་ཉམས་མྱོང་མེད་པའི་དཔེ་ཐོག་བྲོ་བརྡུང་།།
ཉན་མཁན་མོས་མོས་འདྲ་ཡང་མི་བདེན་ངོ་མ།།
ཆོས་འགལ་རང་གིས་བྱས་ན་ག་ལེར་ངོ་ཚ།།
ཁ་བཤད་ལེགས་ལེགས་འདྲ་བའི་ཆོས་བཤད་སྐྱུར་ཐོང་།།
མེད་དུས་མཁོ་སྣང་འཆར་ཏེ་ཡོད་ན་མི་མཁོ།།
ལྡེབ་གྲངས་ཉུང་སྣང་འཆར་ཡང་བྲི་དུས་ཟད་དཀའ།།
ས་སྟེང་དཔེ་ཆ་བྲིས་ཀྱང་ཆོག་ཤེས་མི་སྐྱེ།།
བེད་མེད་བྲིས་གླ་མེད་པའི་དཔེ་ཆོད་སྐྱུར་ཐོང་།།
དེ་རིང་དགའ་དགའ་འདྲ་ཡང་སང་ཉིན་ཁྲོས་ཡོང་།།
མི་ངོ་དཀར་ནག་འཚོས་འཚོས་དགའ་དུས་མི་ཡོང་།།
དགའ་ཡང་དགོས་དུས་མི་ཕན་ཡི་ཆད་སྣོན་པ།།
ངོ་དགའ་ངོ་བསྟོད་དགོས་པའི་ངོ་འཛིན་སྐྱུར་ཐོང་།།
ཆོས་དང་འཇིག་རྟེན་བྱ་བཞག་ཕོ་རབ་ཕྱག་ལེན།།
དེ་འདྲའི་ཤག་པོ་མ་རེ་ཨ་བུ་བུ་ལུ།
གླང་རྒན་ལྷས་ན་ཉལ་བའི་འདུན་ཕུག་ཨེ་གཟིགས།།
ཟ་ཉལ་བཤང་གཅི་འདོར་འདི་མི་བྱེད་ཁ་མེད།།
བྱ་བྱེད་དེ་ལས་མ་མང་ཁྱོད་ཀྱི་ཡུལ་མིན།།
རང་ཚོད་བྱ་བ་གྱིས་ལ་ཁ་དོག་ཉོལ་སྡོད།།
སྟོང་གསུམ་མན་ན་ཁྱོད་ཡོད་དམན་ས་ཟིན་དགོས།།
རྒྱལ་ཁམས་གོང་ན་ཡོད་ཀྱི་མཐོ་སྣང་མ་ཆེ།།
རང་འདྲར་གཅིག་ཀྱང་མེད་ཀྱིས་ཤག་ཕོ་མ་མང་།།
ལུགས་གཉིས་བྱ་བ་མེད་ཀྱང་ཡོད་དགོས་མ་ཟེར།།
ཐམས་ཅད་ཐམས་ཅད་སྐྱུར་ན་མདོ་དོན་དེ་ཡིན།།
        ཞེས་རྣལ་འབྱོར་དྲི་མེད་བློ་གྲོས་ཀྱིས་རང་གི་རྒྱུད་ཚོད་དང་བསྟུན་པའི་ཞལ་གདམས་ཨ་བུ་ཤྲཱི<དཔལ་སྤྲུལ་ཉིད་ལས་གཞན་མ་ཡིན།>སྙིང་དང་འདྲ་བ་ལ་གདམས་པ་ཉམས་སུ་ལེན་དགོས། ཉམས་སུ་ལེན་རྒྱུ་ཅང་མེད་ཀྱང་བྱ་བ་ཐམས་ཅད་སྐྱུར་ནས་མདོ་དོན་དེ་ཡིན། ཆོས་མ་འགྲུབ་ཀྱང་མ་ཁྲོ་ཞེས་གསུངས་སོ།།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རང་གིས་རང་ལ་གདམས་པ།

2025-02-13 རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།