ཞུ་ཡིག་བསོད་ནམས་ཉི་མ་སྟོང་འབར།

རྒྱལ་བ་བློ་བཟང་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-30

            ཤིང་ལུག་ལོར་གོང་ནས་གསེར་ཡིག་པ་ཏཱ་དབེན་མཉྫུ་ཤྲཱི། ཏཱ་དབེན་ནོར་བུ་རྒྱ་མཚོ། ཚུལ་ཁྲིམས་ཁཱ་རྣམས་གནང་སྦྱིན་བཀའ་ཤོག་སྐྱེལ་བར་
འོངས་པ་ལོག་པ་དང་ལྷན་ཅིག་པར་ཟུར་དུ་རབ་འབྱམས་པ་དངོས་གྲུབ་ཡོན་ཏན་ད་འཕྱོང་རྒྱས་ལྐོག་གྲོང་བ་མི་སྣར་བཏང་བའི་དུས་ཕུལ་བའི་ཞུ་ཡིག་
བསོད་ནམས་ཉི་མ་སྟོང་འབར། །ཨེ་མ་བསོད་ནམས་ཉི་མ་སྟོང་འབར་བས། །རྫོགས་ལྡན་སྣང་བའི་དགའ་སྟོན་དར་མཛད་པ། ། རྩོད་དུས་འཁོར་ལོས་
སྒྱུར་བའི་ལྷ་ཡི་ལྷ། །འཇམ་དབྱངས་གོང་མ་རྒྱལ་པོའི་ཞབས་དྲུང་དུ། །ས་དང་ལུང་གིས་ནུབ་ཕྱོགས་གནམ་འོག་གི །འགྲོ་ཀུན་ལུགས་གཉིས་བསྟན་པ་
གཅིག་གྱུར་པའི། །བདག་ པོར་དབང་བསྐུར་དེའི་ཆི་ཀྱིང་གང་གིས། །འཇིགས་མེད་གདོང་ལྔའི་རྒྱུད་ཀྱི་ང་རོས་ཞུ། །གསེར་ཞལ་བདུད་རྩིའི་ཐིགས་པའི་
གཟེགས་མ་ཅན། །ཐུན་མཚམས་ཕྱག་རྒྱའི་སྟེགས་ལས་མངོན་འཕགས་ པའི། །བཀའ་ཤོག་དར་ཟབ་རིན་ཆེན་སྐྱེས་བཟང་བཅས། །ཉམས་མེད་སོན་པའི་
སྨན་ཡོན་ཡིད་ལ་འབྲོངས། །དེང་དུས་གསང་གསུམ་རྡོ་རྗེའི་རང་བཞིན་ལྟར། །གཡོ་མེད་ཉེས་པའི་དྲི་མ་རྒྱང་ བསྲིངས་ཏེ། །ལྷ་བཅས་སྐྱེ་རྒུའི་གཙུག་ན་
མཐོ་བའི་ཁྲིར། །ཞབས་རྡུལ་བཀོད་པའི་གཏམ་དེ་རྣ་བར་ འཇེབས། །འདི་ན་ཆོས་ནོར་འདོད་པ་ཐར་བའི་སྡེའི། །གཙུག་ལག་ལུགས་བརྒྱའི་སྒོ་འཕང་རབ་
ཕྱེ་ ནས། །རྒྱ་ཆེན་ཕུན་ཚོགས་དཔལ་འབྱོར་མཐའ་ཀླས་པར། །སྤྱོད་པའི་སྐལ་བ་བཟང་པོར་གྱུར་སྐབས་ལགས། །བགྲང་ཡས་དཔག་ཚད་ཀྱིས་ཆོད་
བསིལ་ཟེར་གྱིས། །སྐད་ཅིག་ཀུ་ནྡའི་འདབ་མ་བཞད་པ་ལྟར། །རྒྱ་བོད་ས་ཡིས་རིང་དུ་བསྐལ་གྱུར་ཀྱང༌། །ཁྱོད་ཀྱི་སྙན་གྲགས་དྲུང་ན་འཁོད་བཞིན་ཐོས། །
ལྟ་བར་མི་བཟོད་གཟི་བརྗིད་རྟ་ལྗང་ཅན། །མཛེས་ཤིང་ལྷུན་ཆགས་ལྷ་དབང་བརྒྱ་བྱིན་ དཔལ། །སྲིད་ཞིའི་བྱེད་པོར་ཚངས་པའི་སྒྱུ་འཕྲུལ་གར། །དེང་
དུས་འཇམ་དབྱངས་གོང་མའི་མཚན་གྱིས་སྙན། །དབྱིག་འཛིན་མངལ་དུ་སྟོབས་འབྱོར་ཕུན་ཚོགས་པའི། །ཉི་འོད་རྒྱལ་པོའི་སྙེམས་ལྡན་ཆེས་མང་ཡང༌། །
གནམ་གྱི་མཐོངས་ནས་འཇིག་རྟེན་མེས་པོ་ཡིས། །འཛམ་གླིང་བདག་པོར་བསྐོས་པ་ཁྱོད་ཉིད་ཙམ། །མི་བསྲུན་དུག་གི་ངད་ལྡན་ལྕེ་གཉིས་འཕྲུལ། །རྦ་
རླབས་ནམ་མཁར་འཕྱོ་རྣམས་ བཀའ་ཁྲིམས་ཀྱིས། །ནད་སེལ་སྨན་གྱི་ཆུ་བོར་སྒྱུར་བྱེད་ན། །དྲང་སྲོང་ཨ་གསྟ་ལ་ངོ་མཚར་ཅི། ། ལུས་ཅན་ཡོངས་ཀྱི་བདེ་
སྡུག་བར་མའི་གླུ། །བྱིང་འདེགས་ལས་ཀྱི་དལ་འགྲོའི་ཀླུང་ཆེན་ནང༌། ། དགའ་སྐྱོའི་ཆུ་གཉེར་ཤུགས་རིང་སྙན་པའི་གླུས། །བསྐལ་པར་བགྲངས་ཀྱང་འཛད་
པའི་ཕ་མཐའ་ མེད། །ཉི་མའི་འོད་ཀྱིས་སྣང་མུན་འབྱེད་པ་བཞིན། །སྐྱེ་རྒུའི་བདེ་སྐྱིད་ཁྱོད་ལ་རག་ལས་ཕྱིར། ། བྱམས་ལྡན་སྤྱན་གྱིས་འཇིག་རྟེན་ཀུན་
བརྩེ་ཞིང༌། །མཁྱེན་དཔྱོད་མཛད་པའི་ཕྱག་གིས་དབུགས་དབྱུང་གསོལ། །སྣ་ཚོགས་གྲུབ་མཐའི་ལྟ་བ་མཐའ་ཀླས་ཀྱང༌། །གཏན་བདེའི་ཡིད་བཞིན་ནོར་
བུའི་འབྱུང་ ཁུངས་ཅན། །ཐུབ་པའི་རིང་ལུགས་ཟླ་བའི་མ་མ་ལ། །སྲི་ཞུ་གཟུགས་ཅན་སྙིང་པོའི་སྤུན་ཟླར་མཛོད། །སྣ་མང་ཐེག་པའི་རིན་ཅེན་ཐེམ་སྐས་
ལས། །འགྲོ་རྣམས་སྐུ་གསུམ་ཁང་པར་འཁྲིད་བྱེད་པ། །རྒྱལ་ཀུན་ངོ་བོ་རྗེ་བཙུན་ཙོང་ཁ་པའི། །བསྟན་ལ་སྔོན་བཞིན་དད་དང་རི་མོར་མཛོད། །ཀུན་ལ་
སྙོམས་པའི་བཀའ་ཁྲིམས་དཔལ་བེའུ། །སྙིང་གར་རི་མོའི་སྣང་བརྙན་ལེགས་བཀྲ་ཡང༌། །ལོག་སྤྱོད་གསེར་ཅན་གསོད་ལ་དཔའ་བ་ཡི། །འཕྲོག་བྱེད་སྡེར་
མོའི་རྣོ་ངར་ལྡན་པར་མཛོད། །གཅམ་བུས་ཁ་དོག་བསྒྱུར་བའི་ཆུ་གཙང་དང༌། །སྙིང་ནས་གུས་པའི་རབ་དཀར་འོ་མའི་བཅུད། །མ་འདྲེས་འབྱེད་པའི་
མཁྱེན་ཡངས་ངང་མོའི་མཆུས། །ས་བོན་སོ་སོར་བཏབ་པའི་འབྲས་སྨིན་མཛོད། །སྙན་ཚིག་རིན་ཅེན་འཕྲ་ཚོམ་གདུ་བུ་ཅན། །ལུགས་ཟུང་དོན་ལྡན་མཉེན་
ལྕུག་སོར་མོ་ཡིས། །ལྷ་གཅིག་ཐུགས་ཀྱི་ རྒྱུད་མངས་བསྣུན་བྱེད་ན། །བླང་དོར་སྒྱུ་དྲའི་ཟློས་གར་ཅིས་མི་སྟོན། །མཆོག་དམན་འདྲེན་བྱེད་ཡུལ་དུ་མི་བདག་
གི །གཟུགས་སུ་ཤར་བའི་སྒྲ་འཛིན་དུ་ཀཱུ་ལ། །མ་དག་དྲི་མའི་ཚོགས་རྣམས་འཁྲུད་བྱེད་པའི། །ལེགས་བཤད་ཆུ་རྒྱུན་སྦྲེང་བའི་ཟོལ་གྱིས་རྫུ། །མི་ལས་ཉེར་
འདས་འོད་གསལ་ལྷ་ཡི་བུ། །དུས་ཀྱི་བདག་པོར་གནམ་གྱི་ཤེ་མོང་ཅན། །དབང་ཕྱུག་ཡོན་ཏན་བརྒྱད་མངའ་གང་གི་ཐུགས། །མེས་པོ་ཚངས་པ་མིན་པ་
གཞལ་ནུས་སུ། །ལེགས་བྱས་རྩིབས་སྟོང་འབར་བའི་འཁོར་ལོ་ཡིས། །གླིང་བཞིར་དབང་སྒྱུར་མིག་རྗེ་ལྷ་ཡི་རྒྱལ། །དཔལ་ལྡན་ས་གཞིའི་དབང་ཕྱུག་གོང་མ་
ཆེ། །བསྐལ་བརྒྱར་སེང་གེའི་ཁྲི་ལ་ཞབས་བརྟན་གསོལ། །བརྗེད་ངས་གླང་གདོང་མཆེ་བ་དྲུངས་འབྱིན་པའི། །ཕེབས་ཚོགས་རྒྱུན་ཆད་མེད་པའི་ཀརྟི་ཀ །
གསེར་ཡིག་རྨ་བྱའི་བཞོན་པ་ལ་བརྟེན་ནས། །ལྗོངས་འདིར་དགའ་བའི་སྒྲོ་གཤོག་ཟླུམ་པོར་སྒྱུར། །སྤྱན་དཀྱུས་རིང་པོར་རྐྱོང་བའི་ཉི་ཟེར་གྱི། །འབབ་
སྟེགས་བདོག་པའི་སྐྱེས་ཀྱི་ཨུཏྤ་ལ། །ཐུན་མཚམས་སྤྲིན་གྱི་འདབ་མ་གཡོ་བཞིན་དུ། །ཤིང་ལུག་གྲོ་ཞུན་ཟླ་བའི་ཡར་ཚེས་ཕུལ། །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞུ་ཡིག་བསོད་ནམས་ཉི་མ་སྟོང་འབར།

2008-10-30 རྒྱལ་བ་བློ་བཟང་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།