རྫ་ཤུལ་དགེ་བཤེས་ཀྱི་རྣམ་ཐར་དད་ལྡན་མགྲིན་པའི་གླིང་བུ།

རྫ་ཤུལ་བློ་བཟང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-08

ངེས་པ་དོན་གྱི་བཤེས་གཉེན་ཆེན་མོ༧རྗེ་འཇམ་དཔལ་མཐུ་སྟོབས་རིན་པོ་ཆེའི་རྣམ་ཐར་ཉུང་བསྡུས།

རྫ་ཤུལ་བློ་བཟང་རྒྱ་མཚོ། རྨ་ཆུ།

ཚོགས་གཉིས་འོ་མཚོའི་རླབས་ཕྲེང་འཕྱོ་བའི་དབུས།།

ཡིད་འོང་མཚན་གྱི་འཇའ་རིས་འོད་ཅན་མས།།

དོན་བཟང་སྙན་པའི་སྙན་འཇེབས་དྲུག་ཅུའི་དབྱངས།།

བུ་ངའི་རྣམ་དཔྱོད་དར་བའི་སྐྱེས་སུ་སྩོལ།།

འཇམ་དཔལ་གཞོན་ནུའི་མཁྱེན་དཔྱོད་གནམ་རུ་ལ།།

མདོ་དང་སྔགས་ཀྱི་སྒྲོ་ལྡན་ཉེར་བཀུག་ནས།།

རྒོལ་ངན་ཕྱེ་མར་བརླག་པའི་མཐུ་ལྡན་པ།།

སྟོབས་བཅུའི་རྩལ་རྫོགས་རིགས་པའི་དཔའ་བོར་འདུད།།

རྒྱལ་བ་རྒྱ་མཚོའི་ངོ་བོར་ཡོངས་སྤྲུལ་བའི།།

སྐྱེས་མཆོག་དམ་པའི་མཛད་རྣམ་ཆུ་གཏེར་ལས།།

སྐྲ་རྩེས་བླངས་པའི་ཆུ་ཡི་ཐིགས་པ་ཙམ།།

མི་ཕྱེད་དད་པས་ཀུན་ནས་འགྲེམ་ལ་སྤྲོ།།

འཛམ་བུ་ཀྵའི་གསེར་བཟང་འོད་བཟང་མ།།

འབབ་ལྡན་ཆུ་ལ་ལྷུང་བའི་སྒྲར་བརྟེན་ནས།།

ལྷོ་རྒྱལ་འཛམ་གླིང་མཚན་སྙན་དུང་གི་སྒྲ།།

ས་གསུམ་སྐྱེ་དགུའི་རྣ་བའི་རྒྱན་དུ་སིམ།།

ལྷུན་སྟུག་ཤེལ་དཀར་རི་བོའི་མུ་ཁྱུད་ཀྱིས།།

ཡོངས་བསྐོར་བསིལ་ལྡན་ས་ལའི་སྨན་གྱི་ལྗོངས།།

ཕྱག་ན་པད་མོའི་ཐུགས་རྗེ་གོས་དཀར་གྱིས།།

གྲུ་འཛིན་གཉིས་པའི་སྙན་པ་བླ་ན་མཐོ།།

དེ་ཡི་མདོ་སྨད་རྟ་ཡི་ཆོལ་ཁ་ན།།

དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་གླིང་ཞེས།།

སྤྱན་རས་གཟིགས་ཀྱི་ཞིང་ཁམས་མངོན་དགའ་ཞིག།

འདི་ཕྱིའི་ལེགས་ཚོགས་འཕེལ་བའི་རྟེན་དུ་བཞུགས།།

དེ་ཡི་ལྷོ་ཕྱོགས་དཔག་ཚད་དུ་མའི་སར།།

དགེ་བཅུའི་དཔལ་ཡོན་ཉི་མ་བཞིན་ཤར་བའི།།

མ་བོས་མགྲོན་གྱིས་འདུ་འགོད་རྩེན་པའི་ཡུལ།།

གླིང་ས་མཐོང་བ་ཀུན་སྨོན་ཞེས་བྱར་གྲགས།།

མཛེས་སྡུག་བརྗིད་ཆགས་རྩེ་མོ་མཁར་སྙེག་པའི།།

རྨ་རྒྱལ་མཛོད་འཛིན་དངུལ་དཀར་བུམ་པའི་གཙོས།།

སྡེ་འདིར་སྡོང་གྲོགས་བྱེད་པའི་གཞི་བདག་རྣམས།།

གངས་རིའི་གཟི་དཔལ་སྐྱོང་བའི་གྲོགས་སུ་བྱོན།།

ཝུ་བའི་འཛུམ་དཀྲོལ་དལ་འབབ་གླང་ཆུ་སོགས།།

མི་ཆེན་མི་ཆུང་ཆུ་སྣ་བརྒྱ་ཕྲག་འགའ།།

ལྷུང་ལྷུང་སྙན་འཇེབས་གྱ་གྱུའི་སྒེག་འགྲོས་ཀྱིས།།

རྨ་ཀླུང་གསེར་ལྡན་དགའ་མའི་མངལ་དུ་སྦྲུམ།།

རྨིག་བཞི་གོར་མོས་མེ་ཏོག་འཐུ་བ་ཡི།།

ཤ་རྒྱས་གཟུགས་མཛེས་མགྱོགས་པའི་དབང་རྩལ་ཅན།།

ཁྲོ་ཁོའི་རྟ་མཆོག་ཅེས་པའི་སྙན་པ་དེས།།

མགྱོགས་འགྲོ་ཆོག་ཁའི་མཚན་བཟང་དགེ་བའི་སར།།

དཔའ་མཛངས་རྟུལ་ཕོད་ཡབ་བཟང་བཀྲ་ཤིས་དང༌།།

དད་ནོར་ཡོན་ཏན་བདུན་གྱིས་ཉེར་མཛེས་པའི།།

བུད་མེད་སྐྱོན་བྲལ་སྐྱེད་ཡུམ་མ་ཅིག་གཉིས།།

སྔོན་བསགས་དགེ་བའི་ལས་སྨོན་མཚམས་སྦྱར་ཏེ།།

རབ་བྱུང་བཅོ་ལྔའི་ས་ཕོ་སྤྲེལ་གྱི་ལོར།།

ངོ་མཚར་ལྟས་བཟང་དུ་མས་མདུན་བསུས་ཏེ།།

སྐྱེད་ཡུམ་མཆོག་མའི་མངལ་གྱི་ཆུ་གཏེར་ལས།།

མཚན་བཟང་དགེ་བའི་ཁྱེའུའི་ཟླ་གཞོན་འཁྲུངས།།

དགུང་གྲངས་གསུམ་པ་གཟའ་སྐར་དགེ་བའི་ཉིན།།

མཁན་པོ་བཞི་བའི་བརྩེ་ཉམས་དཔག་མེད་ངང༌།།

ཚོགས་གྲལ་འཇུག་པའི་ཕྱག་མདུད་གནང་དང་བཅས།།

བྱིས་པ་འདི་ཐོབ་མཆོག་གསུམ་དྲིན་ཡིན་གསུངས།།

དགུང་གྲངས་བདུན་པའི་ཤིང་ཕོ་སྟག་གི་ལོར།།

བརྟན་མཁས་གཉིས་ལྡན་མཚན་སྒྲོགས་མཁན་པོ་ལས།།

རབ་བྱུང་དགེ་ཚུལ་སྡོམ་པ་དགྱེས་གནང་སྟེ།།

འཇམ་དཔལ་མཐུ་སྟོབས་མཚན་གྱི་ཅོད་པན་བཞེས།།

སྔོན་ལས་དགེ་བའི་བག་ཆགས་མཐུ་བརྟས་པས།།

བྱིས་བློ་རྒུད་པའི་རྡུལ་གོས་ཡོངས་བཏང་ནས།།

ཁས་བླངས་བསླབ་ཁྲིམས་རྣམ་དག་སྲུང་བཞིན་དུ།།

ཞབས་བརྟན་གྲྭ་ཚང་གྲྭ་རྒྱུན་ཐོག་མར་ཞུགས།།

རིག་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ་ལས།།

འཕྲལ་སྦྱོར་ཀློག་དང་ཆོ་ག་ཆོས་སྤྱོད་སོགས།།

བསླབ་ཚེ་ཚེགས་མེད་ཐུགས་ཉམས་བསྟར་བ་ཡིས།།

མཁྱེན་རབ་ཀློང་དུ་བརྡོལ་བའི་རྟགས་མཚན་མང༌།།

ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་བ་ཡི།།

ཨེ་ཝ་ཆོས་གླིང་གསང་སྔགས་དར་གླིང་གི།།

འདོན་རྟ་དབྱངས་གསུམ་དཀར་ཐིག་ཕྱག་ལེན་སོགས།།

བཤེས་གཉེན་རྣམ་གཉིས་མདུན་ནས་ལེགས་པར་མནོས།།

མཚོ་བྱུང་ལྷ་མོའི་ཐུགས་ཀྱི་སྲས་གཅིག་པུ།།

ལྔ་རིག་སྨྲ་བ་བློ་བཟང་དགེ་འདུན་དྲུང༌།།

བརྡ་སྤྲོད་ཕྱི་མོ་སུམ་རྟགས་དག་གསུམ་གཙོས།།

སྙན་རྩིས་སྒྲ་རིག་སྡེབ་སྦྱོར་དགྱེས་བཞིན་གསན།།

དབལ་ཤུལ་བློ་བཟང་བསྟན་པ་རྒྱ་མཚོའི་མདུན།།

དཀར་ནག་རྩིས་ཀྱི་རིག་པའི་ཐོག་དྲངས་ནས།།

དབྱངས་འཆར་ཟླ་སྙིགས་མན་ངག་ཟབ་མོའི་གནད།།

ཞིབ་ཏུ་ཐོབ་པའི་འབྲས་རྟགས་རྨད་དུ་བྱུང༌།།

དགུང་གྲངས་ཉི་ཤུའི་རབ་རྒྱལ་མེ་ཡོས་ལོར།།

བསྟན་པའི་གསལ་བྱེད་མཁན་པོའི་ཞལ་སྔ་ནས།།

བསྙེན་པར་རྫོགས་པའི་ངོ་བོར་ཡོངས་བཞེས་ཏེ།།

ཉེ་བར་འཁོར་གྱི་མཆེད་ཟླར་གཅིག་པུར་བཞེངས།།

བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང་ཆེན་དངོས།།

ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལས།།

དབང་ལུང་མན་ངག་ཟབ་ཆོས་ཡོད་དོ་ཅོག།

བུམ་པ་གང་བྱོས་ཚུལ་དུ་རྫོགས་པར་ཐོབ།།

བར་སྐབས་ཤིག་ནས་སྐུ་མཚམས་དམ་བཅད་དེ།།

གསང་བདེ་འཇིགས་གསུམ་དཔལ་ལྡན་དུས་འཁོར་དང༌།།

ཕྱག་རྡོར་འཁོར་ཆེན་རྣམ་སྣང་མངོན་བྱང་སོགས།།

བསྙེན་པ་ལས་རུང་ཚད་ལྡན་སྔོན་དུ་བཏང༌།།

མང་ཐོས་ལུང་གི་ཡལ་ག་མཛེས་པའི་རྩེར།།

ཡོན་ཏན་འབྲས་བཟང་ཕོན་པོ་ཉེར་ཆགས་པའི།།

བཤེས་གཉེན་ས་རྟོལ་ལྷ་ཡི་ལྗོན་པ་དེས།།

རྨ་ཁུགས་དང་བོའི་དགའ་ཚལ་མཛེས་པར་བྱས།།

བགྲང་བྱ་ཉེར་དྲུག་དཔལ་གདོང་ཆུ་བྱ་ལོར།།

དྲིན་ཅན་མ་ཡུམ་སྐུ་ཚེའི་འཕེན་རྫོགས་པར།།

ཟང་ཟིན་ནོར་གྱིས་དགེ་བསྒྲུབ་མ་འབྱོར་རྐྱེན།།

ཆོས་ཀྱི་སྐྱེས་ཕྱིར་ལྷ་ལྡན་ཞིང་དུ་ཕེབས།།

ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིང༌།།

འོག་མིན་སྟུག་པོའི་ལྗོངས་འདིར་འཕོས་པ་ཡི།།

དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་གྲྭ་རུ།།

འཇམ་དཔལ་གཞོན་ནུའི་ཞབས་སོར་མེ་ཏོག་བཀོད།།

གཞུང་ལུགས་རབ་འབྱམས་སྨྲ་ལ་ཐོགས་མེད་པའི།།

རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ནི།།

དད་དམ་གཙང་མས་ཞབས་སེན་ནོར་བུའི་ཕྲེང༌།།

སྤྱི་གཙུག་རྒྱན་དུ་བཀོད་པའི་རྟེན་འབྲེལ་འགྲིག།

མདོ་དང་སྔགས་ཀྱི་འདབ་མ་རབ་ཡངས་པའི།།

བཤེས་གཉེན་ཆེན་པོ་གང་གི་བཀའ་དྲིན་ལས།།

བསྡུས་གྲྭ་བློ་རྟགས་ཚད་མ་རྣམ་འགྲེལ་དང༌།།

སྡེ་བདུན་མདོ་བཅས་མཛུབ་ཁྲིད་ཡང་དག་མནོས།།

ཡོན་ཏན་ཀུན་གྱི་རྩ་བ་དགེ་བའི་བཤེས།།

བསམ་སྦྱོར་དག་པའི་ཚུལ་བཞིན་རབ་བསྟེན་ཏེ།།

འདི་ཕྱིའི་ལེགས་ཚོགས་ཟད་པ་མེད་པའི་དབྱིག།

གང་འདོད་ཆར་དུ་སྙིལ་བའི་གསང་རྣམ་མང༌།།

ཕྱོགས་གླང་གྲགས་པའི་གསང་ཚིག་རེ་རེ་ཡང༌།།

ཐུགས་ཀྱི་ཡོལ་གོར་འཁྱིལ་རློམ་འགའ་ཞིག་ལ།།

ལུང་དང་རིགས་པའི་རྡོ་རྗེའུཧ་འོད་རྣོན་གྱིས།།

མགོ་འཐོམས་མུན་པའི་ཁུང་བུར་ཡིབ་ལ་བསྟེན།།

ལེགས་བཤད་གསེར་ཕྲེང་ཐུགས་ལ་ཆེས་མངའ་བའི།།

སོག་པོ་དགེ་བཤེས་སྦྱིན་པ་རྒྱ་མཚོ་ལས།།

རྣམ་དཔྱད་གསེར་ཕྲེང་བསམ་གཟུགས་ཆེན་མོ་དང༌།།

ཕར་ཕྱིན་རྟོགས་སྣང་སོགས་ལ་ཞིབ་ཏུ་སྦྱང༌།།

འདུལ་མངོན་མཛོད་དང་དབུ་མའི་གཞུང་ལུགས་ལ།།

ཤ་རུས་རྡོ་བས་འགམས་པའི་དཀའ་སྤྱད་ཀྱིས།།

ཆོས་གྲྭ་ཆག་མེད་བརྩོན་ཤུགས་ལྷུར་བླངས་ཏེ།།

གྲྭ་ས་མཛེས་པའི་མཁས་སྙན་ས་གསུམ་ཁྱབ།།

རབ་འབྱམས་གཞུང་གི་གོ་དོན་བཀྲལ་ལ་མཁས།།

སྡོམ་གསུམ་དྲི་བྲལ་པད་མའི་སྦུབས་རྒྱ་བཙུན།།

ཕྱིན་དྲུག་བསྡུ་བཞིའི་མཛད་མཆོག་སྟོན་པས་བཟང༌།།

ཞྭ་སེར་བསྟན་པའི་བདག་པོ་ཁྱོད་གཅིག་པུ།།

མཁྱེན་དཔྱོད་ཡལ་འདབ་ཁོ་ལག་རྒྱས་པའི་རྩེར།།

བརྩེ་ཆེན་པད་དཀར་འཛུམ་མདངས་ལྷུག་གྲོལ་བས།།

ནུས་པའི་དཔལ་གྱིས་བསུང་ངད་ཞིམ་པོ་འདི།།

སྐལ་ལྡན་བུང་བ་དགའ་བའི་དཔལ་དུ་ཐོབ།།

མཁས་གྲུབ་ངང་མོ་བྱེ་བ་རོལ་བའི་མཚོར།།

བཤད་སྒྲུབ་བསྟན་པའི་རྫ་རྔ་འབུམ་ཁྲོལ་བའི།།

ཐུབ་དབང་བསྟན་ལ་འཁོར་ལོའི་ཕྱག་རྗེས་ཅན།།

རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྱོད་དབང་བསྐུར།།

བཀའ་པོད་གཞུང་བརྒྱའི་གཙུག་ལག་རྒྱ་མཚོའི་འཇིངས།།

གུས་རྟགས་བརྩོན་པ་དྲགས་པོས་ཉེར་བསྐུལ་ཏེ།།

མདོ་སྔགས་ཟབ་རྒྱས་ཆོས་ཚུལ་ནོར་བུའི་དཔྱ།།

མ་ལུས་ཐུགས་དཀྱིལ་ནམ་མཁའ་མཛོད་དུ་དྲངས།།

འཕྲིན་ལས་འོད་ཞགས་རྣོན་པོའི་གཟི་དཔལ་གྱིས།།

ཐུབ་དབང་པད་ཚལ་བཞད་པའི་གཉེན་གཅིག་པུ།།

གངས་ལྗོངས་མཁའ་དབྱིངས་ཤར་བའི་རྟེན་འབྲེལ་གྱིས།།

རྫོགས་ལྡན་གསར་བའི་དགའ་སྟོན་ངང་གིས་འཕེལ།།

ཆེར་སྙིགས་རྒུད་པའི་དུས་ཀྱིས་མ་འགག་པར།།

མགྲིན་པ་གཡས་འཁྱིལ་དུང་གི་ཁོག་པ་ལས།།

ཟབ་རྒྱས་གདམས་པའི་མན་ངག་འཆད་པའི་དབྱངས།།

ཕྱོགས་བཅུའི་སྐལ་ལྡན་རྣ་བའི་རྒྱན་དུ་ལྷུང༌།།

ལོག་རྟོག་དུས་ཆུས་བསླད་པའི་གླང་མོའི་ཁྱུས།།

རྒྱལ་བསྟན་ནགས་མའི་ཚལ་ཆེན་འཇོམས་དོགས་ནས།།

རྩོད་པ་ལུང་རིགས་རྣོ་ལྡན་ལྕགས་ཀྱུ་ཡིས།།

ཡང་དག་ལམ་ལ་བཀོད་པའི་ཕྱག་རྗེས་གསལ།།

གྲོང་ཚིག་ཁྭ་ཏའི་སྐད་ངན་རིང་དོར་ནས།།

ལྔ་རིག་ལང་ཚོ་དར་དྲགས་མགྲིན་སྙན་མའི།།

སྡེབ་ལེགས་རྩོམ་གྱི་ཚིག་སྦྱོར་འཇེབས་པ་ཡིས།།

མཁས་དགུའི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག།

ལྔ་ཕྲག་སྙིགས་མའི་འདམ་གྱིས་གཡོག་པ་ཡིས།།

ཐུབ་དབང་བསྟན་ལ་སྡང་བ་མང་ན་ཡང༌།།

གང་གི་ཐུགས་རྗེ་ཟླ་བའི་ཀློང་རུམ་ནས།།

ཆོས་སྤྱོད་མེ་ཏོག་འདབ་མ་ཡངས་པོར་ཕྱེས།།

གསང་གསུམ་ཡོན་ཏན་འོད་སྣང་འབུམ་ཕྲག་གིས།།

མི་ཤེས་རྨོངས་པའི་མུན་པ་མཐར་བསྐྲད་དེ།།

གདུལ་བྱ་ལམ་བཟང་བསྐྲུན་པའི་ཐབས་མཁས་ལ།།

གཟུར་གནས་བློ་ལྡན་དད་པའི་སྤུ་ལོང་གཡོ།།

ལྔ་རིག་ཉི་ཟླ་རྩེན་པའི་འོད་ཁྱིམ་ན།།

ལུང་རིགས་མགྲིན་སྙན་མཁའ་འགྲོ་དཀར་མོ་ཡི།།

མཁྱེན་རབ་འདབ་གཤོག་བསྒྱུར་བའི་གར་སྟབས་ཀྱིས།།

གཞུང་ལུགས་མཁའ་མཐར་གཞལ་བའི་ཚད་མི་དཔོག།

འཕགས་བོད་མཁས་པའི་ལེགས་བཤད་གང་གཱ་མ།།

རྣམ་དཔྱོད་རལ་ཀླུང་སྟུག་པོའི་སྦུབས་དྲངས་ནས།།

སྐལ་ལྡན་ཤིང་རྟའི་མཚན་སྙན་འཕྲོག་པ་བོ།།

རྫ་ཤུལ་དགེ་བཤེས་འཇམ་དཔལ་མཐུ་སྟོབས་གྲགས།།

རྒྱལ་བ་གཉིས་པའི་རྣམ་ཐར་ལྷུར་བཞེས་ཏེ།།

འོལ་ཁ་ཆོས་ལུང་ཀ་ལིའི་རི་ཁྲོད་ནས།།

ལྷུང་བཤགས་དང་འབྲེལ་ཕྱག་སྦྱངས་མཎ་ཊལ་སོགས།།

དཔག་པར་དཀའ་བའི་ཚོགས་བསགས་སྒྲུབ་སྦྱོང་མཛད།།

ཐོས་བསམ་གངས་ཀྱི་རི་ལ་གནས་འཆའ་བའི།།

སྒོམ་པའི་ཉམས་རྟོགས་སྐྱོང་བའི་འཕྲོག་བྱེད་ཀྱི།།

སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བསྒྲེང་བ་ཡིས།།

བྱ་བཏང་བ་རྣམས་དབེན་རི་སྙེགས་པར་བྲེལ།།

ཨེ་ལྷ་རྒྱལ་རིས་རི་ཁྲོད་འགྲིམ་པའི་སྐབས།།

ཡོངས་འཛིན་ཤི་ལའི་མཚན་གྱི་ཞལ་སྔ་ནས།།

ལྷ་རམས་དམ་བཅའ་ངེས་པར་འཇོག་དགོས་ཞེས།།

བསྐུལ་མས་གསུང་གི་བཀའ་འཕྲིན་ཡང་ཡང་བསྩལ།།

དམ་པ་གང་དེའི་བཀའ་གསུང་མེ་ཏོག་ཕོན།།

དད་གསུམ་གཙང་མས་རལ་བའི་རྩེར་མཆོད་ནས།།

ཞབས་ཟུང་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན།།

སྒོ་མང་ཆོས་གྲྭར་མཛེས་པའི་རྒྱན་དུ་བཀོད།།

དགུང་གྲངས་ཞེ་ལྔའི་དགའ་བ་ཆུ་འབྲུག་ལོར།།

རྒྱ་བོད་མཁས་པའི་བཞེད་སྲོལ་མ་འདྲེས་པར།།

རྟོག་གེའི་གསང་ཚིག་སྒྲུབ་དང་སུན་འབྱིན་གྱི།།

ལམ་སྲོལ་ཕྲ་ཞིབ་རིགས་པའི་གློག་འོད་སྤྲོས།།

འཕགས་བོད་མཁས་པའི་གསུང་རབ་གཞིར་བཟུང་ནས།།

བཀའ་པོད་རྣམ་ལྔར་ནང་བྱན་ཆུབ་པའི་རྟགས།།

དྲན་དབང་རིགས་སྨྲ་བྱེ་བའི་ཚོགས་དབུས་སུ།།

ལྷ་རམས་དགེ་བཤེས་མཚན་རྟགས་དགེ་བར་བཞེས།།

དད་གཏོང་རྒྱན་གྱི་མངོན་པར་ཉེར་མཛེས་པའི།།

ཉིད་ཀྱི་སློབ་བུ་སྐུ་ཞབས་རྩིས་དཔོན་གྱིས།།

སྒོ་མང་གཙོར་བྱས་ཁང་ཚན་སོ་སོ་ལ།།

ཀུན་སློང་དག་པས་མཆོད་སྤྲིན་རྒྱ་ཆེར་བསྟར།།

སངས་རྒྱས་བསྟན་པའི་གཞུང་གི་སྙིང་བོ་ནི།།

བཤད་སྒྲུབ་གཉིས་ལ་རག་ལས་གསུངས་པའི་ཕྱིར།།

སྤེན་པ་དགོན་དང་རྒྱ་མཚོ་གླིང་གཉིས་ལ།།

བཀའ་པོད་ལྔ་ཡི་འཆད་ཉན་གསར་དུ་བཙུགས།།

ཕར་ཚད་དབུ་མ་མཛོད་འདུལ་ལ་སོགས་པའི།།

གཞུང་ཆེན་རྣམས་དང་བསྡུས་སྦྱོར་ཚིག་གི་དོན།།

གཏན་འབེབས་ལུང་རིགས་སྦྱོང་བའི་སྲོལ་བཟང་བོ།།

གནས་ན་བསྟན་དང་བསྟན་འཛིན་འཕེལ་བའི་གཞི།།

ཐུགས་ལ་དགོངས་ནས་བཀའ་པོད་རྣམ་ལྔ་དང༌།།

སུམ་རྟགས་དག་གསུམ་སྒྲ་སྙན་སྨན་རྩིས་སོགས།།

གདུལ་བྱའི་བློ་ངོར་གང་ལ་གང་འཚམ་པའི།།

མདོ་དང་སྔགས་ཀྱི་དཔེ་ཁྲིད་མང་དུ་བསྩལ།།

མདོར་ན་སྐལ་ལྡན་སློབ་མའི་རེ་འབྲས་བཞིན།།

རབ་བྱུང་དགེ་ཚུལ་བསྙེན་གནས་སྡོམ་པ་དང༌།།

དབང་ལུང་རྗེས་ཁྲིད་གདམས་པའི་མན་ངག་སོགས།།

ཟབ་མོ་ཆོས་ཀྱི་ཆར་ཆེན་ཡང་ཡང་ཕབས།།

དུས་འགྱུར་དུག་སྦྲུལ་ནག་པོའི་ཁ་རླངས་ཀྱིས།།

སངས་རྒྱས་བསྟན་པའི་ཉི་འོད་སྒྲིབ་པའི་དུས།།

སེམས་ཅན་སྤྱི་མཐུན་ལས་ཀྱི་བཀོད་སྒྲིག་ལྟར།།

མུན་ནག་བཙོན་ཁང་དགུ་ཡི་ནད་དུ་བཞུགས།།

ང་ལྔའི་ལོ་ལ་བཀྲ་ཤིས་འཁྱིལ་གླིང་དུ།།

ཕེབས་ནས་ཀུན་མཁྱེན་ལྔ་བའི་ཡང་སྤྲུལ་དང༌།།

དགེ་བཤེས་བསྟན་འཛིན་རྒྱ་མཚོ་རྣམ་གཉིས་ལ།།

ཞལ་མཇལ་ཐུགས་སྤྲོའིགསུང་གླེངམང་དུ་མཛད།།

བོད་ཟླ་བརྒྱད་པའི་ཡར་ཚེས་དགེ་བའི་ཉིན།།

དགེ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང་མཆོག་གི།།

གྲྭ་མང་ཡོངས་ནས་སེར་སྦྲེང་བསུ་བ་བཅས།།

རྒྱུན་རིང་བཞུགས་པའི་གསོལ་བ་རྩེ་གཅིག་བཏབ།།

དེ་ནས་མཚན་སྒྲོགས་དགོན་དང་ཞལ་ཤུལ་གྱི།།

གྲྭ་བ་བགྲེས་གཞོན་ཡོངས་ཀྱི་འདོད་མོས་བཞིན།།

བཀའ་ཆོས་གནང་དང་སྡོམ་པ་འབོགས་པ་སོགས།།

ཚད་མེད་ཐུགས་རྗེས་བསྐྱངས་པ་བརྗོད་ལས་འདས།།

ཁྱད་པར་དགོན་ཁག་གཉིས་ལ་ཁྱད་མེད་སྒོས།།

ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་དང༌།།

གསོ་སྦྱོང་ནམ་ཡོད་སོ་ཐར་མདོ་འཆད་དེ།།

སངས་རྒྱས་བསྟན་པའི་བཞིན་རས་གསལ་བར་བྱས།།

སྐྱབས་རྗེ་རྨོག་ལྕོག་ཐུགས་བརྩེས་གནང་བ་ཡི།།

མི་ལ་རས་པའི་དངུལ་སྐུ་བྱིན་ཅན་དང༌།།

ལྷ་ལྡན་སྨོན་ལམ་གསུམ་ལ་བཟུང་བ་ཡི།།

བྱིན་ཅན་རྟེན་ལྕུག་མཚན་སྒྲོགས་དགོན་པར་གནང༌།།    

གཞན་ཡང་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་སོགས།།

བྱིན་རླབས་ཚན་ཁ་འབར་བའི་རྟེན་མང་བོ།།

བསྩལ་བར་མ་ཟད་ཕྱག་རྫས་ཐམས་ཅད་ནི།།

རྣམ་དཀར་དགེ་བའི་ཚོགས་སུ་ཡང་ཡང་བསྔོས།།

འཁོར་ལོ་གསུམ་གྱི་རླབས་ཆེན་མཛད་བཟང་གིས།།

སྙིགས་དུས་འདི་ཡང་རྫོགས་ལྡན་བསྐལ་བྱས་ནས།།

དད་ལྡན་བུ་སློབ་འཁོར་ཚོགས་མཐའ་ཡས་པ།།

མདོ་དང་སྔགས་ཀྱི་ཐུགས་ཡིད་འགེང་བར་བྱས།།

རེ་དགུ་ལོ་ཡི་བོད་ཟླ་བཅུ་གཉིས་པའི།།

དམར་ཕྱོགས་རྫོགས་པ་གཉིས་པའི་དུས་བཟང་ལ།།

མཁའ་འགྲོའི་བསུ་མས་གཟིགས་སྣང་དང་བཅས་ཏེ།།

གཟུགས་སྐུའི་བཀོད་པ་ཆོས་དབྱིངས་བསྡུས་ཚུལ་བསྟན།།

དེ་ནས་ཀུན་སྤངས་དབང་བོའི་ཐུགས་བཀོད་ལྟར།།

གྲྭ་སློབ་རྣམས་དང་སྐུ་འཁོར་ནང་མ་འགས།།

དགོངས་རྫོགས་སྒྲུབ་ཏེ་སྐུ་གདུང་བཞུ་བའི་ཚེ།།

ཁ་དོག་སྣ་ལྔའི་མེ་འོད་ཀུན་གྱིས་མཐོང༌།།

དེ་ལྟའི་བསྔགས་པ་བརྗོད་པའི་ཚུལ་འདི་ཡང༌།།

གཅམ་བུའི་ཚིག་གི་སྡེབ་ལེགས་སྤེལ་མིན་ཡང༌།།

ཡང་དག་གཏམ་གྱིས་ངག་སྦྱོར་ལ་བརྟེན་ནས།།

གཟུར་གནས་མཁས་དབང་དག་ལ་གཟིགས་མོར་ཕུལ།།

བླ་མ་མཆོག་གི་རྣམ་ཐར་སྤེལ་བས་མཐུས།།

བདག་ཅག་གཙོར་བྱས་མ་རྒན་སེམས་ཅན་རྣམས།།

ས་དང་ལམ་གྱི་རྟོགས་པ་མཐར་ཕྱིན་ཏེ།།

དཔལ་ལྡན་སྐུ་བཞིའི་གོ་འཕང་མངོན་གྱུར་ཤོག།

ཅེས་པ་འདི་ནི་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་ལ་ཕྱག་རྗེས་བླ་ན་མཐོ་བའི་ལྷ་ལྡན་གྲྭ་སྐོར་བ་རྫ་ཤུལ་དགེ་བཤེས༧རྗེ་བཙུན་འཇམ་དཔལ་མཐུ་སྟོབས་དཔལ་བཟང་བོའི་རྣམ་ཐར་ཚིགས་བཅད་དུ་སྡེབ་ནས་བརྗོད་པ་དད་ལྡན་མགྲིན་པའི་གླིང་བུ་ཞེས་བྱ་བ་འདི་ནི། ཉིད་ཀྱི་ཚ་བོ་རྫ་ཤུལ་བློ་བཟང་རྒྱ་མཚོའམ་རྨ་ཡུལ་རྨེ་མདུན་དུ་འབོད་པས། རབ་གནས་ལྕགས་འབྲུག་ལོའི་རྒྱལ་ཟླའི་དཀའ་ཕྱོགས་རྫོགས་པ་གསུམ་པའི་ཉིན་ཆོས་སྡེ་ཆེན་པོ་ཞལ་ཤུལ་དགོན་དགའ་ལྡན་བཤད་སྒྲུབ་བཀྲ་ཤིས་འབྱུང་གནས་གླིང་གི་རང་སྤྱིལ་ལྔ་རིག་འོད་ཀྱི་ལྡིང་ཁང་ནས་སྤེལ་བའོ།།

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྫ་ཤུལ་དགེ་བཤེས་ཀྱི་རྣམ་ཐར་དད་ལྡན་མགྲིན་པའི་གླིང་བུ།

2010-05-08 རྫ་ཤུལ་བློ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།