བརྡ་གླུ་བྱིས་པའི་རྩེད་མོ་ཉམས་འགྱུར་གསུམ་ལྡན་ཞེས་བྱ་བ།

ཆོས་རྗེ་འཇིགས་མེད་ཕུན་ཚོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-10-02

 ༄༅།།ལྷོ་ནུབ་ཆུ་གཏེར་ཁྲོད་ནས།།འདོད་འབྱུང་ཙིན་ཏ་མ་ཎི།།  བསིལ་ལྗོངས་དཔལ་དུ་རྙེད་འདུག །སྣ་ཚོགས་པཉཙ་ལི་ཀས།།བསྙེན་བཀུར་ལེགས་པོ་གྱིས་དང་།། རེ་འབྲས་དོན་སྨིན་བྱེད་འོང་། །མཁའ་ལམ་ཉིན་བྱེད་དབང་པོ།།ཁྲིད་ཀྱང་མྱུར་ཐབས་མི་འདུག །བཀག་ཀྱང་བཤོལ་ཐབས་མི་འདུག །ཁོ་རང་ཅི་དགར་ཞོག་དང་།།ཡུན་རིང་སྡོད་པའི་ལོང་མེད། ། གླིང་བཞི་རིམ་གྱིས་བསྐོར་དགོས། །ཀུན་ཕན་ཉི་མའི་དཀྱིལ་འཁོར།།ཤར་རིའི་རྩེ་ནས་ཤར་ཡང་། །འོད་སྟོང་ནུབ་ཏུ་འཕྲོས་བྱུང་། །ཤེས་མེད་རི་ཕྲན་ཕལ་ཆེར།།ང་མཐོ་སྙམས་ནས་མ་འགྱིངས། །རང་དྲུང་གྲིབ་མས་གཡོགས་ལ། །རེ་ཞིག་ཁྱོད་ཉིད་དབང་ཡང་།།ནམ་ཞིག་སྣང་བས་ཁྱབ་ཡོང་། །སྟག་མོ་མཆོང་རྩལ་ཆེ་ཡང་། །སྦལ་བས་དེ་རྗེས་མ་སྙོགས།།རང་ཚོད་རང་གིས་ཟུངས་དང་།།རང་མགོ་ལེགས་པར་ཐོན་འདུག །ཕ་ནོར་གཏེར་གྱི་བུམ་བཟང་།།སྐབས་ཤིག་གཞན་གྱིས་ཁྱེར་སོང་། །ད་ནི་སྣ་ཚོགས་ཐབས་ཀྱིས།།རང་གི་དཔལ་དུ་འགུགས་དགོས།།གླིང་བཞི་སྐོར་འདོད་ཆེ་ཡང་། །རྐང་པས་གོམ་སྟབས་འཁྱོལ་དཀའ། །རྟ་མཆོག་གྲོགས་སུ་ཁུགས་ན།།  གང་འདོད་ས་རུ་ཆས་ཆོག །  རང་ཁྱིམ་མུན་པའི་ཀློང་དུ། །ཡུན་རིང་གཉིད་ལ་ཡུར་བའི།།རྩལ་མེད་བྱིས་པ་གཞོན་ནུ། །བཅུ་གཉིས་བདག་པོའི་འོད་ལ། །དལ་ཅིག་ཕྱིར་འབྲོས་མ་བྱེད།།བག་བརྐྱང་ལྷོད་པོར་བཞུགས་དང་། །སྣ་ཚོགས་ལྟད་མོ་འབུམ་གྱིས། །མིག་ལ་དགའ་སྟོན་འགྱེད་འོང་།། ཆེས་མཐོ་ཁ་བའི་རི་ལ། །ཡུན་རིང་རྟག་འཛིན་མ་བྱེད། །དབྱར་ཟླ་འབྲིང་པོ་ཚེས་དུས།།མེ་འབྲས་ལོ་མས་ཁེབས་འོང་། །ལྷ་ལམ་ཆུ་འཛིན་བཀོད་པ། །འཐིབ་དྭངས་རེས་མོས་བྱེད་ལ།།རེ་དོགས་དགའ་སྡུག་མ་སྐྱེན། །མཁའ་ལ་འགྱུར་བ་མི་འདུག །ཀླུ་དབང་ནུས་པའི་སྦྲང་ཆར།།ང་ཁྱོད་རིས་སུ་མ་གཅོད། །རང་སྐལ་རང་གིས་སྤྱོད་དང་། །རང་འདོད་ཡིད་བཞིན་འགྲུབ་འོང་།།ནོར་བུ་ལག་ཏུ་རྙེད་དུས། །ནོར་བུས་བྱ་བ་བྱེད་དགོས། །ནོར་བུ་དགྲ་ལ་ཤོར་ཚེ།།འགྱོད་ཀྱང་བཅོས་ཐབས་མི་འདུག །དུས་བཞིའི་རྒྱལ་མོའི་ཕོ་འགྱུར། །སུས་ཀྱང་ཟློག་ཐབས་དཀའ་སྟེ།།དབྱར་གཞུང་སྐྱིད་པའི་མེ་ཏོག །སྟོན་འཇུག་ལྷག་པས་འཇོམས་འོང་། །དུག་ཆེན་ཁ་རུ་སོང་ན།    །གློ་བུར་སྲོག་ལ་རྒོལ་ཡོང་།  །འཆི་སོས་བདུད་རྩིའི་འཚོ་བས། །ཚེ་དཔལ་ལངས་ཚོ་བསྐྱེད་འདུག།བདེ་མོའི་ཐང་ལ་སྡོད་དུས། །བག་ཡངས་ལྷོད་པོར་བཞུགས་མཛོད། །ཉམ་ངའི་གྱང་སར་ལྷུང་དུས།  །གཞན་གྱིས་འདྲེན་ཐབས་དཀའ་འོ།།དགྲ་མང་གཤེད་དུ་ལངས་ཚེ། །མཐུ་ཆེན་དཔོན་ལ་བརྟེན་དགོས།།གྲོགས་མེད་རང་ཉིད་གཅིག་པུས། །རྣམ་མང་གྱུལ་ངོ་བཟློག་དཀའ།།སྟོན་ཆེན་མགྲོན་ལ་ཕེབས་དུས།།དྲིན་ཆེན་ཕ་མ་མ་བརྗེད། །ཁྲེལ་གཞུང་ཅན་གྱི་གྲོགས་པོས། །ལེ་ལན་ཕྱིས་སུ་བདའ་འོང་།།སྐྱེ་གཟུགས་སྔོན་གྱི་ལས་དབང། །བྱི་དོར་རང་གི་ལག་ཡིན། །མཛེས་པའི་ལང་ཚོ་ལྡན་ན།།ན་ཆུང་གྲོགས་སུ་འགུགས་ཆོག  །མཁྲིས་ནད་ཅན་གྱིས་བསླད་ཚེ།།དུང་ལ་སེར་ལྟར་སྣང་ཡང་།།སུམ་ཆུ་མཆོག་ཡུན་དུ་བསྟེན་དང་། །རབ་དཀར་རང་མདོག་ངོམ་ཡོང་། །དཀར་གསལ་འོ་མའི་རྒྱ་མཚོ།།སྣ་ཚོགས་འབད་པས་བསྲུབས་ན། །མར་གྱི་ཉིང་ཁུ་ཐོན་ཡོང་། །བཟའ་བཏུང་བཅུད་དུ་བྱེད་ཆོག།གཡས་གཡོན་རི་དཔངས་མཐོ་འདུག །བར་ན་མཚོ་རླབས་འཕྱུར་འདུག །བྱ་རྒྱལ་ཁྱོང་ཆེན་མ་གཏོགས།།གཞན་དག་བགྲོད་པར་དཀའ་འོ། །ཡུན་རིང་གཏོར་བའི་སྙིང་གྲོགས ། །རང་གི་དྲུང་ན་འདུག་ཀྱང་།།གཞན་དུ་འབད་པས་བཙལ་བས། །དོན་མེད་ངལ་བས་གདུངས་སོང་། །ཕ་མེས་མཛོད་ཀྱི་ནོར་བུ།།ཅི་དགར་རང་ལག་ཐོན་འདུག  །རྒྱལ་མཚན་རྩེ་རུ་བཀོད་ན།།འདོད་དགུ་ཆར་དུ་བསྙིལ་ཡོང་།།མདུན་ན་ལྷགས་པའི་དགྲ་བོ། །བཙན་ཡང་འབྲོ་ངོ་མི་གསལ།།ལུས་ལས་སྐྱེས་པའི་བུ་ཆུང་།།ངན་ཡང་སྐྱུར་ཐབས་མི་འདུག །ཇོ་ཇོ་གྲོགས་ལ་བཀུག་ནས ། །ངེས་མེད་ཡུལ་དུ་འཁྱམ་འགྲོ།།དགའ་སྐྱོ་འཕེལ་བའི་ལྟད་མོ། །མང་པོ་མིག་གིས་མཐོང་ཡོང་། །དཔྱད་ན་དོན་ཆེན་མ་དཔྱད་བྱིས་པའི་གླུ།       །འགྲིལ་ན་ཟབ་ཆོས་མ་འབྲེལ་བྲེ་མོའི་གཏམ།  །འདི་ནི་རི་བོ་རྩེ་ལྔའི་ཡང་དབེན་དུ།            །ངག་དབང་བློ་གྲོས་མཚུངས་མེད་ཡིད་ལས་རྡོལ།།
 
རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྡ་གླུ་བྱིས་པའི་རྩེད་མོ་ཉམས་འགྱུར་གསུམ་ལྡན་ཞེས་བྱ་བ།

2010-10-02 ཆོས་རྗེ་འཇིགས་མེད་ཕུན་ཚོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།