རྗེ་བཙུན་འཇམ་པའི་རྡོ་རྗེ་ཀུན་བཟང་གདོད་མའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས་པའི་ཐོལ་གླུ་མོས་གུས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-06-16

༄༅།། ན་མོ་གུ་རུ་ཝེ།

ཆོས་དབྱིངས་བརྡལ་བ་ཆེན་པོ་བློ་འདས་ཀྱི་ཞིང་ན། །
འགགས་མེད་ཐུགས་རྗེའི་རྩལ་སྣང་ཡེ་ཤེས་ཀྱི་བླ་མ། །
དཔག་མེད་མཁྱེན་བརྩེ་ནུས་གཏེར་རྒྱལ་ཀུན་དང་དབྱེར་མེད། །
འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་དེ་མཁྱེན་ནོ། །

འོད་གསལ་སྙིང་པོ་སྲིད་ཞི་མ་ལུས་པའི་ཁྱབ་བདག།
ཟག་མེད་སྐུ་དང་ཡེ་ཤེས་མི་ཟད་པའི་འབྱུང་གནས། །
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་དབུས་སུ་སིམ་པའི། །
ཡེ་ཤེས་སེམས་དཔའ་རྒྱལ་ཀུན་མེས་པོ་དེ་མཁྱེན་ནོ། །

རང་སྣང་སྐུ་དང་ཞིང་ཁམས་རྒྱ་མཚོ་ཡི་འབྱུང་གནས། །
ལྷུན་གྲུབ་བདེ་ཆེན་འབྱོར་པ་འཕེལ་འགྲིབ་དང་བྲལ་བས། །
རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ཁྱབ་བདག།
རིགས་ཀུན་འཁོར་ལོས་བསྒྱུར་བའི་བྱང་ཆུབ་དེ་མཁྱེན་ནོ། །

ཁྱད་པར་རྨད་བྱུང་ཐུགས་བསྐྱེད་དཔག་བསམ་གྱི་ལྗོན་བཟང༌། །
ངོ་མཚར་རྣམ་ཐར་མེ་ཏོག་འབྲས་བཟང་གིས་སྤུད་པས། །
ཐུབ་བསྟན་ཡོངས་རྫོགས་ཀུན་དགའི་སྐྱེད་ཚལ་གྱི་མཛེས་བྱེད། །
སྙིགས་དུས་འགྲོ་བའི་འདྲེན་པ་གཅིག་པུ་དེ་མཁྱེན་ནོ། །

རྣམ་དག་སྡོམ་གསུམ་གསེར་གྱི་ས་འཛིན་གྱི་ངོགས་སུ། །
ཤེས་བྱའི་དངོས་ཀུན་གཟིགས་པའི་རྣམ་དཔྱོད་ཀྱི་ཆུ་གཏེར། །
ངོ་མཚར་ཡོན་ཏན་རིན་ཆེན་ས་འཛིན་གྱིས་བརྗིད་པས། །
མ་ལུས་ཕན་བདེའི་རྩ་ལག་ཆེན་པོ་དེ་མཁྱེན་ནོ། །

གཞན་ཕན་ཐུགས་བསྐྱེད་སྤྲིན་གྱི་འཛུམ་འཕྲེང་ལས་འཕོས་པའི། །
ཚོགས་གཉིས་བདུད་རྩིའི་གྲུ་ཆར་མི་ཟད་པའི་དགའ་སྟོན། །
འགྲོ་ལ་ཀུན་དགའི་གསོས་སྨན་རྟག་པ་རུ་སྩོལ་མཛད། །
བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་པོ་དེ་མཁྱེན་ནོ། །

ལམ་གྱི་འཇུག་སྒོ་དབང་བཞིའི་རྟེན་འབྲེལ་གྱི་ནུས་པས། །
དག་པའི་རྡོ་རྗེ་གསུམ་གྱི་འཁོར་ལོ་རུ་སྨིན་ནས། །
སྐུ་བཞིའི་རྒྱལ་ཐབས་སྐྱོང་བའི་མཛངས་འཕྲུལ་གྱི་བློ་ལྡན། །
ལམ་འབྲས་མཐར་སོན་རྡོ་རྗེ་འཛིན་རྒྱལ་དེ་མཁྱེན་ནོ། །

ཆོས་བརྒྱད་འཁྲུལ་པས་མི་གཡོ་ངེས་འབྱུང་གི་རི་དབང༌། །
མོས་གུས་ན་བུན་གཡོ་བའི་མགུལ་ཆིངས་ཀྱིས་བརྒྱན་པས། །
སྣང་སྲིད་ཆོས་སྐུར་འཆར་བའི་དོན་བརྒྱུད་ཀྱི་ཆུ་ཀླུང༌། །
སྤྲོ་མཛད་བཀའ་བརྒྱུད་རྣལ་འབྱོར་དབང་ཕྱུག་དེ་མཁྱེན་ནོ། །

རྡོ་རྗེ་གཏུམ་མོའི་རེག་པས་ཟག་པའི་ཆོས་ཀུན་ཟད། །
ཀུན་རྫོབ་སྒྱུ་མར་འཆར་བས་སྐྱེ་འཆི་ཡི་འཕྲང་བརྒལ། །
འོད་གསལ་ཉི་ཟླའི་སྣང་བས་ཁོར་ཡུག་ཏུ་མཛེས་པའི། །
དཔལ་ལྡན་ཤངས་པའི་གྲུབ་ཐོབ་རྒྱལ་པོ་དེ་མཁྱེན་ནོ། །

སྟོང་ཆེན་ཤེས་རབ་ཕར་ཕྱིན་རྟོགས་པ་ཡི་མཚོན་ཆས། །
སྡུག་བསྔལ་བདུད་བཞིའི་འཁྲི་ཤིང་རྨིང་མེད་དུ་བཅོམ་པས། །
མཆོག་ཏུ་ཞི་བསིལ་བདུད་རྩི་སིམ་བྱེད་ཀྱི་བཅུད་སྩོལ། །
རྟེན་འབྲེལ་དབང་ཐོབ་ཞི་གཅོད་འཁྲུལ་ཞིག་རྒྱལ་མཁྱེན་ནོ། །

ཕྱི་ཡི་འཇིག་རྟེན་ནང་གི་རྡོ་རྗེའི་ལུས་རྫོགས་པས། །
སྦྱོར་བ་ཡན་ལག་དྲུག་གི་ཤིང་རྟ་ལ་བརྟེན་ནས། །
གཞན་དུ་འཕོ་མེད་བདེ་སྟོང་ཡེ་ཤེས་དབྱིངས་སིམ་པའི། །
དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་དེ་མཁྱེན་ནོ། །

མཁའ་ཁྱབ་སྣང་སྟོང་རྡུལ་བྲལ་རྡོ་རྗེའི་སྐུའི་དབྱིངས་སུ། །
གཞོམ་མེད་རྡོ་རྗེ་ནཱ་དའི་གསུང་དབྱངས་ཀྱི་དཔྱིད་གྲུབ། །
མི་འགྱུར་བདེ་ཆེན་རྡོ་རྗེའི་ཐུགས་དབྱིངས་དང་གཉིས་མེད། །
བསྙེན་སྒྲུབ་རྡོ་རྗེའི་རྣལ་འབྱོར་མཐར་སོན་མགོན་མཁྱེན་ནོ། །

འཁྲུལ་ཆོས་ཀུན་དག་སྣང་གྲགས་རིག་པ་ཡི་དཀྱིལ་འཁོར། །
མཉམ་ཉིད་སྒྱུ་འཕྲུལ་དྲྭ་བའི་གསང་བ་གསུམ་རྫོགས་པས། །
ཡེ་ཤེས་སྙིང་པོའི་ཤིང་རྟས་རིག་འཛིན་བཞིའི་མཐར་སོན། །
མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་མཛོད་བརྙེས་ཁྱེད་མཁྱེན་ནོ། །

ཐབས་ཀྱི་བྱེད་པས་ཉི་ཟླའི་རྒྱུ་བ་ཀུན་བཅིངས་ནས། །
ཐིག་རླུང་སེམས་ཀྱི་འཁྲུལ་རྟོག་ཡུད་ཙམ་གྱིས་དག་སྟེ། །
འཕོ་མེད་དགའ་བཞིས་རྩད་འཇོམས་ས་ལམ་ཀུན་རྫོགས་ནས། །
གསང་མཆོག་དགྱེས་པའི་གར་གྱིས་རྩེན་མཛད་དེ་མཁྱེན་ནོ། །

བློ་འདས་ཡེ་ཤེས་ནམ་མཁའི་ཁོར་ཡུག་གི་ཀློང་དུ། །
འོད་གསལ་སྣང་བ་ཆེན་པོའི་འཕེལ་འགྲིབ་དང་བྲལ་བས། །
གཟུང་འཛིན་རྫུན་རིས་ཀ་དག་ནམ་མཁའ་ཡི་རྣལ་འབྱོར། །
ཀུན་བཟང་གདོད་མའི་མགོན་པོ་བླ་མ་རྗེ་མཁྱེན་ནོ། །

རྟག་ཏུ་འཕོ་འགྱུར་མེད་པའི་སྐུ་གསུམ་གྱི་རྒྱལ་ཐབས། །
གཟོད་ནས་མངའ་དབང་བསྒྱུར་ཀྱང་སྙིགས་དུས་ཀྱི་བསྟན་འགྲོ། །
སྐྱོང་ཕྱིར་བསྟན་པ་ཡོངས་རྫོགས་ཤིང་རྟ་རུ་བྱོན་པའི། །
དྲན་པས་སྙིང་གི་གདུང་སེལ་སྐྱབས་གཅིག་པུ་མཁྱེན་ནོ། །

བརྩེ་ཆེན་ཐུགས་རྗེའི་རྒྱ་མཚོ་ཆེན་པོ་ལས་འོང་བའི། །
ཟབ་རྒྱས་ཆོས་ཀྱི་བདུད་རྩིས་དུས་ཀུན་ཏུ་བསྐྱངས་ཀྱང༌། །
གཤིས་ངན་སེམས་ཀྱི་ཞིང་ས་ཐ་རྒོད་དུ་སོང་བའི། །
གདུལ་དཀའ་སྙིགས་མའི་ཡིད་ཅན་བདག་འདྲ་ལ་གཟིགས་མཛོད། །

མགོན་ཁྱོད་ཡོན་ཏན་མི་ཤེས་འཁྲུལ་རྟོག་གིས་བསླད་ཅིང༌། །
བཀའ་དྲིན་རྗེས་སུ་མི་དྲན་ཡིད་ཆད་ཀྱི་ཡུས་འདྲེན། །
རང་བྱས་རང་གི་གཉའ་བར་སྒྲིབ་པའི་ཁུར་བསྐྱེད་པའི། །
སངས་རྒྱས་ཀུན་གྱིས་མ་ཐུལ་སྐལ་ངན་བདག་དགོངས་མཛོད། །

དམིགས་མེད་ཐུགས་རྗེའི་ཕྱག་གིས་ཅོ་ཏོ་ནས་བཟུང་སྟེ། །
ལས་ངན་གཡང་སར་འཕྱན་པ་ཡུད་ཙམ་གྱིས་བསྒྲལ་ནས། །
ལམ་མཆོག་ངལ་སྟེགས་དབུགས་འབྱིན་དེད་དཔོན་ཁྱེད་བསམ་ཚེ། །
གདུང་བས་གསོལ་བ་འདེབས་པའི་ངེས་ཤེས་ཤིག་སྐྱེས་བྱུང༌། །

མགོན་ཁྱེད་དག་པའི་ཞིང་ཁམས་རབ་འབྱམས་ཀྱི་གླིང་དུ། །
རིག་འཛིན་འོད་ཀྱི་ལམ་ནས་ཌཱ་ཀི་ཡི་བསུན་མས། །
རྒྱལ་སྲས་མཛད་པ་རྒྱ་མཚོའི་སྒྱུ་འཕྲུལ་ལ་དགྱེས་པའི། །
ངོ་མཚར་བློ་ལས་འདས་པའི་དཔལ་ཡོན་ལ་སྤྱོད་ཀྱང༌། །

བདག་ཅག་ཞལ་བཟང་ཟླ་བའི་དཀྱིལ་འཁོར་ནི་མི་མཐོང༌། །
ཟབ་རྒྱས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་དང་བྲལ་ཏེ། །
དྭ་ཕྲུག་ཐང་དུ་འཁྱམས་པའི་ངང་ཚུལ་འདི་དགོངས་ནས། །
མྱུར་མགྱོགས་བྱིན་རླབས་ཕོ་ཉ་མངོན་སུམ་དུ་སྩོལ་མཛོད། །

བླང་དོར་ལམ་མཆོག་སྟོན་པའི་མིག་བུ་དང་བྲལ་ཞིང༌། །
མི་ཤེས་སྒྲིབ་པའི་ཁུར་པོས་གཉའ་བ་ན་ནོན་པས། །
ལམ་མཆོག་ཐེམ་སྐས་འཛེགས་པའི་སྐལ་བ་ནི་ཕྲ་བ། །
ཡབ་གཅིག་བཀའ་དྲིན་ཅན་གྱི་ཐུགས་རྗེ་ཡིས་མ་གཏོང༌། །

ངེས་འབྱུང་རླན་གྱིས་ཁྱབ་པའི་སེམས་རྒྱུད་ཀྱི་ཞིང་ས། །
དྲི་མེད་ཚུལ་ཁྲིམས་གཙང་མའི་མྱུ་གུ་ཡིས་མཛེས་པར། །
གཞན་ཕན་འབྲས་བུའི་སྙེ་མའི་མགོ་ལྕོག་ཀྱང་དུད་དེ། །
གསང་ཆེན་མཚན་རྟོག་སྡོམ་པའི་འབྲས་བཟང་གི་དཔལ་སྩོལ། །

མཐའ་ཀླས་ཤེས་བྱའི་གཟུགས་འཛིན་བློ་གྲོས་ཀྱི་མེ་ལོང༌། །
མཛེས་སྡུག་ཆོས་ཀྱི་སྙིང་པོའི་ལང་ཚོའི་རྒྱན་སྨིན་པས། །
ཉམས་རྟོགས་ནོར་བུའི་རྒྱན་མཛེས་ཟློས་གར་དང་ཆབས་ཅིག།
ཐུབ་བསྟན་ཀུན་དགའི་དོ་རར་བརྩོན་ནུས་སུ་མཛོད་ཅིག།

བཀའ་གདམས་ཆོས་ཀྱིས་ཐེག་མཆོག་ལམ་བཟང་གི་རྨིང་བརྟན། །
ལམ་འབྲས་སྙན་བརྒྱུད་གདམས་པས་རིན་ཆེན་གྱི་མཁར་བརྩེགས། །
བཀའ་བཞི་དོན་བརྒྱུད་གསེར་གྱི་མདའ་ཡབ་ཀྱི་རྩེ་མོར། །
མཐར་ཐུག་ལྔ་ལྡན་ནོར་བུ་བསམ་འཕེལ་གྱི་ཏོག་མཛེས། །

ཞི་གཅོད་ཆོས་ཀྱི་སྣང་བས་སྲིད་ཞི་ཡི་མུན་སེལ། །
རིགས་ཀུན་ཁྱབ་བདག་དང་པོའི་སངས་རྒྱས་ཀྱི་རྒྱལ་ཐབས། །
རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་མཐར་སོན་པའི་ངང་ནས། །

འཁྲུལ་སྣང་མུན་པ་ཀ་དག་ཡེ་གྲོལ་གྱི་དགོངས་ཀློང༌། །
ལྷུན་གྲུབ་སྣང་བཞིའི་ལྟད་མོར་གཞིར་རྫོགས་ཀྱི་ཐིག་ལེར། །
སྐུ་གསུམ་ཡོན་ཏན་རྫོགས་པའི་དགའ་སྟོན་ལ་སྤྱོད་དེ། །
དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པ་རང་མཛོད་ཅིག །

རིས་མེད་ཆོས་ཀྱི་ཁ་འབབ་ཀླུང་བཞི་ཡིས་བསྐོར་ཞིང༌། །
དྲི་མེད་མ་དྲོས་རྒྱ་མཚོའི་ཐོས་བསམ་དང་སྒོམ་པས། །
འཁྲུལ་མེད་གསེར་སྦྱངས་མཐའ་ཡས་བསྟན་འགྲོ་ཡི་དོན་ཆེན། །
འབད་མེད་སྒྲུབ་ལ་དཀའ་ཚེགས་མེད་པ་རུ་མཛོད་ཅིག །

གཡེངས་དང་འདུ་འཛི་སྤངས་བའི་དབེན་རི་ཡི་སྤོ་ན། །
ཆགས་སྡང་མདུད་པ་ཞིག་པའི་ཏིང་འཛིན་གྱི་བཅུད་ལེན། །
ཉམས་རྟོགས་ལང་ཚོ་དར་བའི་གསོས་སྨན་དུ་གྱུར་ནས། །
ཚེ་གཅིག་ཟུང་འཇུག་གོ་འཕང་མངོན་གྱུར་དུ་མཛོད་ཅིག །

གཟིགས་ཤིག་བཀའ་དྲིན་མཚུངས་མེད་དྲིན་ཆེན་གྱི་བླ་མ། །
དགོངས་ཤིག་ཡེ་ཤེས་ཀློང་ནས་འབྲལ་མེད་དུ་སྐྱོང་བར། །
མཛོད་ཅིག་སྐལ་བཟང་བུ་ཀུན་རྗེས་སུ་རང་བཟུང་སྟེ། །
སྩོལ་ཅིག་དགོངས་བརྒྱུད་ཡེ་ཤེས་འཕོ་བ་ཡི་དབང་བསྐུར། །

ཀུན་བཟང་བརྡ་ཡི་བླ་མས་ཟབ་ལམ་གྱི་སྒོ་འབྱེད། །
དོན་དམ་འབྲས་བུའི་བླ་མ་རང་རིག་ཏུ་མཐོང་ནས། །
གཉིས་མེད་ཡེ་ཤེས་བླ་མའི་ཐུགས་དགོངས་དང་རོ་གཅིག །
མཐར་ཕྱིན་ཁྱབ་བདག་བླ་མར་བྱང་ཆུབ་པར་མཛོད་ཅིག །

མདོར་ན་སྲས་བཅས་རྒྱལ་བའི་ཡབ་གཅིག་གི་མགོན་པོ། །
བྱང་ཆུབ་བར་དུ་འབྲལ་བ་མེད་པ་ཡི་ངང་ནས། །
སྐུ་གསུང་ཐུགས་ཀྱི་གསང་བ་གཉིས་མེད་དུ་གྲོལ་བའི། །
བྱིན་རླབས་དགེ་མཚན་མངོན་སུམ་ད་ལྟ་རུ་སྩོལ་ཅིག །

ཅེས་པའང་ཤར་མདོ་ཁམས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གདན་ས་ཆེན་པོའི་མངའ་རིས་ཆོས་རྗེའི་མཆོག་སྤྲུལ་རིན་པོ་ཆེ་དང༌།རྗེ་བླ་མའི་ཞལ་སློབ་མདོ་ཁམས་གྲྭ་དགེ་ལེགས་བཅས་པས་ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་གནང་བ་བཞིན་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སློབ་འབངས་རྒྱ་མཚོའི་གྲལ་མཐར་སྐྱེས་པའི་བཙུན་གཟུགས་མཁྱེན་བརྩེའི་འོད་ཟེར་བཀྲ་ཤིས་དཔལ་འབྱོར་གྱིས་སྒང་ཏོག་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་དུ་སྐུ་གདུང་ཡིད་བཞིན་ནོར་བུའི་སྤྱན་སྔར་དད་མོས་གདུང་བས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག 

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྗེ་བཙུན་འཇམ་པའི་རྡོ་རྗེ་ཀུན་བཟང་གདོད་མའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་གསོལ་བ་འདེབས་པའི་ཐོལ་གླུ་མོས་གུས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

2021-06-16 དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།