གཏོར་མ་བརྒྱ་རྩ་ཤིན་ཏུ་བསྡུས་པ་བཞུགས་སོ།།

དབྱངས་ཅན་གྲུབ་པའི་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-01-03

༄༅། །ན་མོ་གུ་རུ་ཝེ། གཏོར་མ་བརྒྱ་རྩ་ཤིན་ཏུ་བསྡུས་པའི་ཚུལ་དུ་གཏོང་བར་འདོད་པས་ཆུ་གཙང་ལ་ཟན་རིལ་ཉེར་གཅིག་བཏབ་པ་བཤམས་ལ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། འགྲོ་ཀུན་བདེ་དང་ལྡན་ཞིང་སྡུག་བསྔལ་བྲལ། །བདེ་མི་འབྲལ་ཞིང་བཏང་སྙོམས་ལ་གནས་བྱ། །མ་རྣམས་དོན་དུ་རྫོགས་བྱང་ཐོབ་བྱའི་ཕྱིར། །གཏོར་མའི་རྣལ་འབྱོར་ཉམས་སུ་བླང་བར་བྱ། །ལན་གསུམ། རང་ཉིད་སྤྱན་རས་གཟིགས་སུ་གསལ་བ་ཡི། །ཐུགས་ཀའི་འོད་ཀྱིས་སྲི་ཞུ་ཡོན་ཏན་དང་། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་མ་ལུས་པ། །སྤྱན་དྲངས་འདོད་པའི་གདན་ལ་ཞུགས་པར་གྱུར། །ཨོཾ་ཨཱཿཧཱུཾ། ལན་གསུམ། མགྲོན་སོ་སོས་གཏོར་མ་གསོལ་བས་མཉེས་ཞིང་ཚིམ་པར་འགྱུར། ན་མཿསརྦ་ཏ་ཐ་ག་ཏ་ཨཱ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཉེར་གཅིག་བརྗོད། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་མཆོད། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། འདོད་ཡོན་ལྔ་ལྡན་བདུད་རྩིའི་གཏོར་མ་འདི། །བླ་མ་དཀོན་མཆོག་ཆོས་སྲུང་དྲང་སྲོང་དང༌། །ནོར་ལྷ་གཞི་བདག་སྡེ་བརྒྱད་གདོན་བགེགས་དང༌། །ལན་ཆགས་རིགས་དྲུག་ཡི་དྭགས་བར་དོ་དང༌། །ལྷག་ལ་རེ་བའི་མགྲོན་རྣམས་མཉེས་ཕྱིར་འབུལ། །བཞེས་ཞིང་ཚིམས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །འཕྲིན་ལས་བཞི་སྒྲུབས་བདེན་ཚིག་ལེགས་སྨོན་བརྗོད། །ཆོས་མཐུན་འདོད་རྒུ་སྩོལ་ལ་སྟོང་གྲོགས་གྱིས། །བསྟན་པ་སྲུང་ཞིང་འགྲོ་ཀུན་བདེ་བར་མཛོད། །གནོད་འཚེ་སྤངས་ནས་བྱམས་སེམས་ལྡན་པར་ཤོག །ཤ་འཁོན་དག་ཅིང་བུ་ལོན་འཁྱེར་བར་ཤོག །སྡུག་བསྔལ་དང་བྲལ་སངས་རྒྱས་མྱུར་ཐོབ་ཤོག །བཀྲེས་སྐོམ་སེར་སྣ་ཞི་ནས་འབྱོར་ལྡན་ཤོག །འཇིགས་སྐྲག་ཀུན་ཞི་ལོངས་སྐུ་ཐོབ་པར་ཤོག །ཆགས་སྡང་སེམས་ཞི་སྐུ་གསུམ་མངོན་གྱུར་ཤོག །ཅེས་བསྔོ། བདག་གི་བསམ་པ་བདེ་གཤེགས་བྱིན་རླབས་དང༌། །ཆོས་དབྱིངས་སྟོབས་ཀྱི་འཕགས་རྣམས་མཆོད་པ་དང༌། །སེམས་ཅན་དོན་ཕྱིར་དོན་དང་བསམ་པ་དེ། །ཀུན་ཀྱང་ཐོགས་པ་མེད་པར་འབྱུང་གྱུར་ཅིག ཅེས་བདེན་སྟོབས་བརྗོད། སྡིག་པ་མི་བྱེད་དགེ་བ་བསྒྲུབ་པ་དང༌། །རང་སེམས་འདུལ་བ་སངས་རྒྱས་བསྟན་པའོ། །ཡེ་ཤེས་པ་རྣམས་བདག་ཉིད་ལ་ཐིམ་ཞིང༌། འཇིག་རྟེན་པ་རྣམས་རང་གནས་གཤེགས་པར་གྱུར། འདིར་འབད་བསོད་ནམས་དུས་གསུམ་དགེ་བའི་མཐུས། །དལ་འབྱོར་རྟེན་ཐོབ་དམ་པས་རྗེས་བཟུང་ནས། །ཉམ་ཐག་འགྲོ་བའི་མགོན་པོར་བདག་གྱུར་ཏེ། །གནས་སྐབས་མཐར་ཐུག་བདེ་ལ་འགོད་པར་ཤོག །སྟོན་པ་སངས་རྒྱས་སྐྱོབ་པ་དམ་པའི་ཆོས། །འདྲེན་པ་དགེ་འདུན་རྣམས་ཀྱིས་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་རྗེ་དྷརྨ་བྷ་དྲའི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེས་ཕན་འདོད་ཀྱིས་བྲིས་པ་ཡིན་ལ་འདི་ལ་བརྟེན་ནས་གྲངས་གསོག་མདོར་བསྡུས་བྱེད་ན་ཟན་རིལ་དང་སཾ་བྷ་ར་བརྒྱ་རྩ་རེ་ལ་གཏོར་བསྔོ་དང་བདེན་སྟོབས་ལན་རེ་བྱའོ། །དེ་ལྟར་གཏོར་མ་གཏོང་བའི་དམ་ཚིག་ནི། ས་གཙང་སར་སྟེགས་དང་སྣོད་མ་ཡོ་ཞིང་ཆུས་མ་ཁེངས་པ་མ་ཡིན་པ། །བཤམས་ནས་བསྔོས་མ་ཟིན་པར་མི་བསྒུལ་ཞིང་སྣང་བ་ཆེ་སར་གཏོང༌། ཏིང་ངེ་འཛིན་བརྟན་ཞིང་ཚིག་གིས་བརྡ་འབྱོར་པ། ཤ་དང་སྒོག་བཙོང་སོགས་ཟ་དགོས་ན་དེ་རྣམས་མ་བཟས་པའི་གོང་དུ་གཏོང་དགོས་ཤིང་མ་ཆགས་པ་གལ་ཆེ། ཕན་ཡོན་ནི། གནས་སྐབས་སུ་ཚེ་རིང་ཞིང་བསམ་དོན་འགྲུབ། བསོད་ནམས་དང་ལོངས་སྤྱོད་འཕེལ། གཟི་བརྗིད་དང་མཐུ་སྟོབས་ཆེ། ནད་གདོན་ཞི་ཞིང་སྡིག་པ་བྱང༌། མི་མིན་དབང་དུ་འདུ། སྦྱིན་པའི་ཕར་ཕྱིན་རྫོགས། འདིའི་མཐུས་ཡི་དྭགས་མང་པོ་ཡང་ཚེ་འཕོས་ཏེ་མཐོ་རིས་སུ་སྐྱེ་ཞིང་རང་ཡང་མཐོ་རིས་ཐོབ། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས་སོ། སུ་མ་ཏི་སརྦ་ཛྙ་ནས་བྲིས། སརྦ་མངྒལཾ། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏོར་མ་བརྒྱ་རྩ་ཤིན་ཏུ་བསྡུས་པ་བཞུགས་སོ།།

2015-01-03 དབྱངས་ཅན་གྲུབ་པའི་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།