ཡུལ་རྐང་ཚའི་ཕྱོགས་ནས་ཡི་གེར་ཕབ་པའི་བསང་འབོད་བཞུགས་སོ།།

༄༅། ། ཨེ་མཆོད་མགོ་གཅིག་གཉིས་་་་་་་་་བཅུ་གསུམ། མཆོད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཡུལ་ལྷ་གཞི་བདག ནོར་ལྷ་གཏེར་བདག དྲིན་ཅན་རྩ་བའི་བླ་མ། སྟོན་པ་ཤཱཀྱ་ཐུབ་པ། སློབ་དཔོན་པདྨ་འབྱུང་གནས་། རྒྱལ་བ་བློ་བཟང་གྲགས་པ། གསར་མའི་གསང་བདེ་འཇིགས་གསུམ། ཡི་དམ་རྒྱུད་སྡེ་ལྷ་ཚོགས། འཕགས་པ་རིགས་གསུམ་མགོན་པོ། ཡི་དམ་གུ་རུ་དྲག་པོ། རྗེ་བཙུན་འཕགས་མ་སྒྲོལ་མ། ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་སྲུང་མ། ཆོས་སྐྱོང་མ་གཟའ་རྡོར་གསུམ། དགྲ་ལྷ་ཝེར་མ་བཅུ་གསུམ། བཀྲ་ཤིས་ཚེ་རིང་མཆེད་ལྔ། འཛམ་གླིང་གེ་སར་རྒྱལ་པོ། གཙང་རི་ཡི་མགོན་པོ་བདུན་ཅུ་རྩ་ལྔ། ལྷ་དམག་བྱེ་བ་དུང་ཕྱུར་། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དཔལ་ལྡན་གུར་གྱི་མགོན་པོ། མཐུ་ཆེན་ལེགས་ལྡན་ནག་པོ། མ་མོ་སྔགས་ཀྱི་སྲུང་མ། སྔགས་སྲུང་ཨེ་ཀ་ཛ་ཏི། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི། དམ་ཅན་སྐྱེས་བུ་ཆེན་པོ། སྐྱེ་མཆོག་རྡོ་རྗེ་ལག་པ། དགྱེ་སྡེ་བརྟན་མ་བཅུ་གཉིས། དགེ་བསྙེན་ཉི་ཤུ་རྩ་གཅིག མཆེད་འཁོར་སུམ་བརྒྱ་དྲུག་ཅུ། ཡང་འཁོར་ལྷ་སྲིན་སྡེ་བརྒྱད། གནོད་སྦྱིན་ཙའུ་དམར་པོ། ནོར་བདག་ཛམ་ལྷ་རིགས་ལྔ། རྒྱལ་ཆེན་རྣམ་ཐོས་སྲས་པོ། གནོད་སྦྱིན་རྟ་བདག་བརྒྱད་པོ། ནོར་ལྷ་བྱེ་བའི་འཁོར་ཚོགས། གཟའ་རྒོད་ཁྱབ་འཇུག་ཆེན་པོ། ཡུམ་ཆེན་གདུང་མོ་མཆེད་བཞི། གཟའ་དམག་བྱེ་བ་དུང་ཕྱུར། སྣང་ཞིང་སྲིད་པའི་སྡེ་བརྒྱད། བོད་མགོ་ནག་གི་སྐྱབས་རེ་ས། གནམ་སྐྱོང་གོང་སྨན་རྒྱལ་མོ། རྨ་སྔོན་མོའི་ཉིན་སྲིབ་བར་གསུམ་ལ་གནས་བའི་གཞི་བདག ས་བཅུ་བ་ཐོབ་པའི་སངས་རྒྱས་ཨ་མྱེ་རྨ་ཆེན། རྨ་རིགས་སུམ་བརྒྱ་དྲུག་བཅུ། རྨ་འཁོར་སྟོང་དང་དགུ་བརྒྱ། བྲག་དམར་པོའི་ཆོས་ཁྲི་བརྩིགས་ནས༼ ནི ༽། ནགས་ཕྱུག་མོའི་ནབས་བཟའ་མནབས་ནས༼ ནི ༽། རྨ་སྔོན་མོའི་མཆོད་པ་འབུལ་ནས༼ ནི ༽། བན་ཞྭ་སེར་ཅན་ན་མགོན་སྐྱབས་བྱེད་ནས༼ ནི ༽། ས་བརྒྱད་པ་ཐོབ་པའི་ཨ་མྱེ་བྱ་ཁྱུང་། དྲེའུ་དཀར་གྱི་ཅིབས་པ་ཆིབས་ནས༼ ནི ༽། རླུང་དཀར་གྱི་གཤོག་པ་ཐོགས་ནས༼ ནི ༽། སྐད་ཅིག་གིས་བོས་ན་གློག་དམར་བས་མྱུར་ནས༼ ནི ༽། ཐེངས་གསུམ་བོས་ན་དཀྲིས་གསུམ་རྒྱག་ནས༼ ནི ༽། ཁྲི་ཀའི་ཨ་མྱེ་ཡུལ་ལྷ། བ་སོ་དུང་གི་ཁ་སྒང་ན། གོ་ཁྲབ་འབུམ་གྱི་བདག་པོ། དམག་དཔོན་ཆེན་པོ་བྲག་དཀར། ཇག་དཔོན་བྲག་དཀར། ཚོང་དཔོན་ཆེན་པོ་བྲག་དཀར། བྲག་དཀར་རབ་བརྟན་ཐོགས་མེད། བྲག་དཀར་དཀོན་མཆོག་འཇིགས་མེད། བྲག་དཀར་བན་དེ་ཟོར་འཆན། དཔའ་རིས་ཨ་མྱེ་དཀར་པོ། མགོ་ལོག་གཉན་པོ་གཡུ་རྩེ། ཐུགས་རྗེ་ཆེན་པོའི་རྣམ་སྤྲུལ། རོང་བོའི་དམག་དཔོན་ཆེན་པོ། ཙོང་ཁའི་སྐྱེ་རི་མཐོན་པོ། རྨ་ཀླུང་གསེར་ལྡན་རིང་མོ། གནས་འགངས་ཆེན་བྲག་དཀར་སྤྲེལ་རྫོང། རྒྱབ་རི་ཆོས་རྒྱལ་གཉན་པོ། མདུན་རི་བཙུན་མོ་དམར་ཡག གཡས་རི་ལྷ་ཆེན་རྫ་རྒན། གཡོན་རི་བྲག་དམར་བདེ་མཆོག འཁོར་རི་ལྷ་ལུང་དཔལ་ལུང་། ལྷ་མོ་སྟོང་གི་བླ་མཚོ། ཝོ་ཡུལ་ཚྭ་མཚོ་དཀར་མོ། ཧང་ངེས་རི་རྒན་མཐོན་པོ། ཁུ་ཞོལ་རྫ་རྒན་མཐོན་པོ། དཔོལ་ཁའི་ཨ་མྱེ་བ་ཡན། གཉན་བྲང་བ་གསེར་གྱི་སྐ་རགས་ཅན་ཚང་། མཚོ་སྔོན་པོའི་གཡས་རི་གཡོན་རི་ལ་གནས་པའི་གཞི་བདག བན་རི་བརྒྱ་ཡི་བདག་པོ། འབྲོག་རུ་སྟོང་གི་བདག་པོ། རྐང་ཚ་ཚོ་སྒོ་སུམ་བཅུར་མགོན་སྐྱབས་བྱེད་ནས༼ ནི ༽། རང་སྡེ་ཐུགས་ཀྱིས་སྐྱོངས་ནས༼ ནི ༽། དགྲ་སྡེ་ཆམས་ལ་ཕབ་ནས༼ ནི ༽། རྐང་ཚའི་བླ་མ་རབ་བརྟན་གྱི་ཕོ་ལྷ་དགྲ་བླ། སྐྱེ་ལྷ་གཉན་པོ་རྐང་ཚའི་ཨ་མྱེ་རྫ་དམར། དགྲ་མི་སྨུག་པོ་དོན་སྙིང་བཞེས་ནས༼ ནི ༽། དགྲ་རྟ་ངར་མའི་དཔུང་བ་གཅོག་ནས༼ ནི ༽། དགྲ་ཕར་འགྲོ་ཡི་དཔུང་གྲོགས་བྱེད་ནས༼ ནི ༽། གྲོགས་ཚུར་ཡོང་གི་ནོམ་གྲོགས་བྱེད་ནས༼ ནི ༽། སྒོ་སྲུང་སྲིན་པོ་སྨུག་ནག ཀུན་གཟིགས་འཇམ་དབྱངས་བཞད་པའི་བླ་རི་མཐོན་པོ་ཨ་མྱེ་བ་ཡན། ཀུན་བཟང་བློ་གསལ། གཉན་ཆེན་ཐོར་ཝ། ཞོ་ཤན་ལ་བོ། གེ་དར་སྤུན་གསུམ། གནོད་སྦྱིན་བཙན་གདོང་། ཕྱི་ན་མཚོ་སྨན་མོའི་ཚུལ་ལ་ནང་ན་ཀླུ་བློན་བྱང་སེམས་བཞུགས་ནས༼ ནི ༽། དབུས་ན་མ་ཧཱ་དེ་ཝ་འགྱིངས་ནས༼ ནི ༽། བྱ་རིགས་འབུམ་གྱི་གར་རྩེན་ས། མི་རིགས་མང་པོས་གཏེར་ལེན་ས། མཚོ་རྔ་མཚེར་བ་རི། ཤར་ན་གསེར་གྱི་རི་བདུན། རྣམ་ཐོས་མཛོད་ལ་འགྲན་ནས༼ ནི ༽། གཡོན་ན་མཚོ་ཆུང་ནོར་བུ་ཀླུ་ཡི་གཏེར་གྱིས་བཀང་ནས༼ ནི ༽། ཕྱོགས་བཞི་ན་གཡང་གི་ར་བ་སྒོ་བཞི་འབྲོག་ལ་འཁོར་ནས༼ ནི ༽། མཚོ་རྒན་མ་ཁྲི་ཤོར་རྒྱལ་མོ། གཏེར་བདག་མཛོད་བདག་ཐུགས་རྗེ་ཅན་ཚང་། ས་མུ་རིས་ཕུ་སྟོད་ལ་གནས་པའི་གཞི་བདག གངས་དཀར་ནོར་བུ་དགྲ་འདུལ། སྒོ་སྲུང་རི་ཕྱོར་རི་བཞི། ཁྱད་པར་ཏུ་ཕྱོགས་ཡུལ་རི་འདི་ལ་གནས་པ། ཕ་རི་གཡས་ལ་གནས་པ། ཚུར་རི་གཡོན་ལ་གནས་པ། སྐྱེས་པ་ཤིང་ལ་གནས་པ། སྲ་བ་བྲག་ལ་གནས་པ། འགྲོ་བ་ལམ་ལ་གནས་པ། འབབ་པ་ཆུ་ལ་གནས་པའི་ལྷ་ཀླུ་གཞི་བདག་བསྟེན་ཅིང་སྒྲུབ་པའི་སྲུང་མ། མ་མཆོད་རང་འཁོར་གྱི་སྲུང་མ། གྲུབ་མཐའ་ཆོས་བརྒྱད་ཀྱི་སྲུང་མ། སློབ་དཔོན་དབང་རྒྱུད་ཀྱི་སྲུང་མ། ཕ་མིང་མ་རྒྱུད་ཀྱི་སྲུང་མ། ཚེ་རབས་ལས་ཀྱི་སྲུང་མ། དཔའ་བོ་རྒྱུད་ཀྱི་སྲུང་མ། ཕྱུག་རྒྱུད་གཡང་གི་སྲུང་མ། དྲགས་པ་ལྷ་སྲིན་སྡེ་བརྒྱད། ཁྱེད་རྣམ་པ་ཚོའི་ཐུགས་རྗེ་མངོན་སྤྱོད་ཀྱི་འཕྲིན་ལས་ཀྱིས། བསམ་པ་ལམ་ལ་འགྲོ་དགོས། འདོད་པ་ལག་ལ་ལེན་དགོས། སྙིང་པོ་རྒྱ་མཚོའི་ནོར་བུ་ལེན་དགོས། དགའ་སྤྲོ་གཡུ་ཡི་ནགས་ཚལ་རྒྱས་དགོས། ཁ་རྗེ་ལྷ་ཡུལ་གྱི་ཞིང་ཁམས་བཞིན་དུ་དར་དགོས། བསོད་ནམས་གཞལ་ཡས་ཁང་བཟང་བཞིན་དུ་ཡག་དགོས། དབང་ཐང་སྐུ་གསུམ་ལྷ་ཚོགས་བཞིན་དུ་འདུ་དགོས། ཁ་རྗེ་འོ་མའི་རྒྱ་མཚོ་སྐམ་གི་མ་འཇུག བསོད་ནམས་མར་གི་རི་བོ་ཞུ་འི་མ་འཇུག ལས་དོན་འཁོར་ལོ་རིན་ཆེན་གྱི་མུ་ཁྱུད་མ་ལྷོད། འཆར་སྒོ་རྟ་མཆོག་རིན་ཆེན་གྱི་གོམ་ཁ་མ་འཆོལ། ཡོང་སྒོ་ནོར་བུ་རིན་ཆེན་གྱི་དངོས་གྲུབ་མ་ཉུང་། དགའ་བདེ་བཙུན་མོ་རིན་ཆེན་གྱི་འགྲོགས་ཡུན་མ་ཐུང་། ཕྱི་ནང་བློན་པོ་རིན་ཆེན་གྱི་གྲོས་གཞི་མ་ཞན། སྙིང་སྟོབས་གླང་པོ་རིན་ཆེན་གྱི་འཁུར་ཤེད་མ་ཆུང་། ཕོ་ཚོད་དམག་དཔོན་རིན་ཆེན་གྱི་དཔའ་སྙིང་མ་འཆོལ། མགོ་འཕངས་རིན་ཆེན་གདུགས་དཀར་གྱི་ཡུ་བ་མ་ཐུང་། ཤེས་རིག་གསེར་ཉ་ཁ་སྤྲོད་ཀྱི་འཁྱུག་རྩལ་མ་ཞན། དབང་ཐང་པདྨའི་སྡོང་པོ་ཡི་ར་ལག་མ་འཁྱོག ཁ་ལས་དུང་དཀར་གཡས་འཁྱིལ་གྱི་རྒྱང་སྐད་མ་ཆུང་། མཛའ་མཐུན་དཔལ་བེའུ་དྲུག་ལུང་གི་མདུད་པ་མ་ལྷོད། གཟི་བརྗིད་གསེར་བྱང་རྒྱལ་མཚན་གྱི་བཀྲག་མདངས་མ་ཉམས། དཔལ་འབྱོར་འཁོར་ལོ་རྩིབས་བརྒྱད་ཀྱི་མུ་ཁྱུད་མ་ལྷོད། དཔའ་སྙིང་རྒྱ་སྟག་དམར་པོའི་ཐིག་ལེ་རྒྱས་དགོས། གཟི་བརྗིད་སེངྒེ་དཀར་མོའི་གཡུ་རལ་རྒྱས་དགོས། མགོ་འཕང་བྱ་རྒྱལ་ཁྱུང་གི་གཤོག་རི་མཐོ་དགོས། སྙན་གྲགས་གཡུ་འབྲུག་སྔོན་མོའི་ངར་སྐད་བཙན་དགོས། ཡོན་ཏན་གསེར་གཞོང་ནོར་བུས་གང་དགོས། ཚེ་སྲོག་རྡོ་རྗེ་གོ་སྲབ་བཙན་དགོས། ཚེ་དང་རིགས་རྒྱུད་དཔྱིད་གསུམ་གྱི་ཉི་མའི་རིང་ཡིན་དགོས། དཔལ་དང་འབྱོར་བ་དབྱར་གསུམ་གྱི་ཆར་ཆུ་བཞིན་དུ་མང་དགོས། མངའ་ཐང་གཟི་བརྗིད་སྟོན་གསུམ་གྱི་འབྲས་བུ་བཞིན་དུ་སྨིན་དགོས། ཕ་རྐང་ཚ་ཚང་གི་བླ་རི་གྲིབ་མ་ཅན་པོ། བླ་རྡོ་ཁ་མིག་ཅན་པོ། བླ་མཚོ་རླངས་པ་ཅན་པོ། བླ་ཤིང་གཡུ་ལོ་ཅན་པོ། བོས་ན་མྱུར་མགྱོགས་ཅན་པོ། སླང་༼བརྩང་༽ན་གནང་སྦྱིན་ཅན་པོ། སྐུལ་ན་དྲག་རྩལ་ཅན་པོ། ཁྱེད་རྣམ་པའི་ཐུགས་རྗེ་ནམ་མཁའ་ལངས་ལངས་བྱེད་དགོས། འགལ་རྐྱེན་མུན་པ་སངས་སངས་བྱེད་དགོས། མཐུན་རྐྱེན་ཟླ་བ་ཚེས་ཚེས་བྱེད་དགོས། དངོས་གྲུབ་ཆར་ཆུ་འབབ་འབབ་བྱེད་དགོས། ལོངས་སྤྱོད་རྩི་ཤིང་རྒྱས་རྒྱས་བྱེད་དགོས། བདེ་སྐྱིད་ཉི་མ་ཤར་ཤར་བྱེད་དགོས། དབང་ཐང་གི་ཟླ་བ་སྤྲིན་གྱི་མ་བསྒྲིབས། མགོ་འཕང་རི་ཆེན་གྱི་མཐོ་ཡིན་དགོས། སྐྱིད་མཐའ་ཆུ་བོ་ཡི་རིང་ཡིན་དགོས། མཐུན་རྐྱེན་གྱི་ལེགས་པ་བརྒྱད་འཛོམས་དགོས། ཨ། མཁྱེན་པའི་ཡེ་ཤེས་ཅན་པོ། བརྩེ་བའི་ཐུགས་རྗེ་ཅན་པོ། མཛད་པའི་འཕྲིན་ལས་ཅན་པོ། སྐྱོབས་པའི་ནུས་མཐུ་ཅན་པོ། ཁྱེད་རྣམ་པ་ཚོའི་མཐུ་མ་ཆུང་། རྩལ་མ་ཞན། མ་རིག་གི་ཉི་མར་ཁྲ་ཆུང་མིག་གི་སོ་བ་བྱེད་དགོས། མ་ཤེས་ཀྱི་ཉི་མར་གངས་དཀར་སེམས་ཀྱི་གསལ་ཆ་དག་དགོས། ཨ། ཆོས་སྐྱོང་སྲུང་མ། ནོར་ལྷ་གཏེར་བདག ཡུལ་ལྷ་གཞི་བདག ཁ་འཛིན་མཛད་དགོས། གདོང་གྲོགས་བྱེད་དགོས། ངོ་སོ་བསྟོད་རྒྱུ་བོ། ངོ་འཕང་མཐོ་རྒྱུ་བོ། ཀི་བསོ་བསོ་བསོ། ༼དྲག་སྤྱོད་ཀྱི་འདོད་གསོལ། ༽ དཔའ་བོ་བརྒྱ་དང་འཐབ་ཉིན་དགྲ་དཔུང་པ་གཅོག་པའི་ཐོ་བ་བྱེད་དགོས། མགྱོགས་པ་བརྒྱ་དང་བཤིབ་ཉིན་དགྲ་རྟ་ངར་མའི་དཔུང་བ་ཕུད་དགོས། ཚོང་བ་བརྒྱ་དང་བསྡུར་ཉིན་ཁེ་ནོམ་འགུགས་པའི་ལྕགས་ཀྱུ་བྱེད་དགོས། མཐོ་དམན་གྱི་ཐོབ་ཐང་རྩོད་ས་ནས་ཐོབ་ཐང་གི་རྩེ་མོ་ལེན་དགོས། བཟང་ངན་གྱི་ལ་རྒྱ་རྩོད་ས་ནས་བཟང་གསུམ་གྱི་སྙིང་བོ་ལེན་དགོས། བཙན་གཉོམ་གྱི་ཁེ་ཕམ་རྩོད་ས་ནས་དཔའ་མིང་གི་རྒྱལ་ཁ་ལེན་དགོས། དཀར་ནག་གི་ཤ་ཤན་འབྱེད་ས་ནས་དཀར་མཐའ་རྒྱང་ནས་འགྱོགས་དགོས། མཐུ་སྟོབས་ཀྱི་རལ་གྲིས་གུར་ཁང་བརྩེགས་དགོས། དགྲ་བགེགས་འབྱུང་བོ་ཆམ་ལ་འབེབས་དགོས། ངན་གསུམ་མར་ངོའི་ཟླ་རོ་ཟད་དགོས། བཟང་གསུམ་ཡར་ངོའི་ཚེ་རི་རྒྱས་དགོས། རྒས་མེད་ཀྱི་ལང་ཚོ་དར་དགོས། རྒུད་མེད་ཀྱི་འབྱོར་བ་རྒྱས་དགོས། ཕ་རིང་བུ་རྒྱུད་ལ་བསྟེན་པའི་ཆོས་སྐྱོང་སྲུང་མ་ཁྱེད་རྣམ་པའི་མངོན་སྤྱོད་ཀྱི་འཕྲིན་ལས་ཀྱིས། བྱང་བུ་དཀར་པོ་ལ་མིང་འབྲི་དགོས། ལིངྒ་དམར་པོ་ལ་བསྟིམ་དགོས། ཁྲམ་ཤིང་ནག་པོ་ལ་གདབ་དགོས། ཧོམ་ཁུང་གྲུ་གསུམ་ལ་འཇུག་དགོས། བསྒྲལ་བའི་ཞིང་ལ་འཛིན་དགོས། དམིགས་པའི་རྟེན་ལ་འཇོག་དགོས། དམར་ཆེན་གཏོར་མའི་རྩེ་མོ་སྟོན་དགོས། སྐྱེར་བ་ཕུར་བའི་དབལ་སོ་སྟོན་དགོས། གུ་གུལ་གྱི་དུད་པ་བདུག་དགོས། ཡུངས་དཀར་གྱི་རྦབ་རྡོ་སྒྲིལ་དགོས། གནའ་འདྲེ་རྙིང་བ་ཁང་རྒན་གྱི་དུད་དྲེག་འདྲ་བ། ད་འདྲེ་གསར་བ་རྩྭ་མགོའི་ཟིལ་བ་འདྲ་བ། ཡུལ་འདྲེ་འཁྱམས་པོ་གྲོང་བར་གྱི་ཁྱི་རྐུན་འདྲ་བ། ཟ་འདྲེ་ཤི་གཤེད་རི་ཁའི་སྤྱང་ལྟོགས་འདྲ་བ། རྒན་པོའི་ཚེ་སྲི་མགོ་སྐྱ། གཞོན་ནུའི་གཞོན་སྲི་དར་མ། བྱིས་པའི་ཆུང་སྲི་ཁ་དམར། ཕོ་ཤི་གྲོ་བོ་མདའ་བརྡར། མོ་ཤི་གྲོ་མོ་མདུང་བརྡར། རི་མགོའི་སོ་བ་ས་འདབས་ཀྱི་རྒྱང་ལྟོས་བྱེད་ནས༼ ནི ༽། རི་སྐེད་ཀྱི་ཉུལ་མ་མི་ཁྱིའི་བཙན་གཉོམ་ལ་ལྟ་མཁན་འདི་དག་ཐམས་ཅན་དཀོན་མཆོག་གསུམ་གྱིས་ལ་ཡོག་ཏུ་ཐོངས། ཡི་དམ་ལྷ་ཡིས་བཀའ་ཆད་ཕོབས། ཁྲམ་ཐོག་བདུད་ཕོ་ཐོད་ནག་གི་ཁྲམ་ལ་ཐོབས། ཤོ་འཕེན་གཤིན་རྗེ་མིག་དམར་གྱི་ཤོ་མིག་ལ་ཕོབས། བླ་འཛིན་བཙན་གྱི་ཇག་པའི་བྲོ་སྣོན་གྱིས། སྲོག་ལེན་འདྲེ་མོ་སྤུན་དགུའི་ནུབ་ཟས་ཀྱིས། གཉའ་གནོན་མཐོ་ལ་བབས་ན་ཉི་ཟླ་གཟའ་ཡིས་འཛིན་འཛིན་བྱེད་དགོས། དགྲ་ཡ་བཙན་པོ་ལ་བབས་ན་ཐོག་རྒོད་མཚོ་ནང་ལ་ལྷུང་ལྷུང་བྱེད་དགོས། འགྲན་ཡ་ཕྱུག་པོ་ལ་བབས་ན་ནགས་ཚལ་མེ་ལ་ཤོར་ཤོར་བྱེད་དགོས། གྱོད་ཡ་མཁས་པ་ལ་བབས་ན་པི་ཝང་གི་རྒྱུན་ཐག་ཆད་ཆད་བྱེད་དགོས། དགྲ་ཕོ་སྐྱེས་ལ་བབས་ན་ཡུགས་ས་མ་མིག་སྐྲང་མགོ་འཕྱང་དུ་ཆུག ཡང་ལག་གི་དྭངས་མ་མགོ་བོ་ནག་ཏི་ལེ་ཆོད། དབང་བོའི་དྭངས་མ་མིག་ཁྲ་ཧྲིག་གེར་ཕུད། དོན་སྙིང་གི་དྭངས་མ་གློ་སྙིང་དམར་ཙ་རེ་ལོངས། སྲོག་རྩ་མཆོང་གི་ཀ་བ་ཆོག སྒལ་ཚིགས་གསེར་གྱི་མཆོད་རྟེན་གཏོར། མཆིན་པ་དར་གྱི་ཡོལ་བ་ཁྲོལ། དགྲ་བོ་ཆེ་རྒན་ལ་བབ་ན་སྡོང་རྒན་མེ་ལ་ཤོར་འདྲ་བྱོས། དགྲ་བོ་ཆུང་རྒྱུད་ལ་བབ་ན་རྩྭ་སྐྱ་ཟོར་བས་བརྔས་འདྲ་བྱོས། ཆོས་སྐྱོང་མཐུ་རྩལ་ཅན་རྣམས་ཀྱིས་ནམ་མཁའ་ལ་སྤྲིན་འཐིབ་འཐིབ་བྱོས། ཕོ་ཉ་མྱུར་མགྱོགས་ཅན་རྣམས་བར་སྣང་ལ་གཟའ་རྒོད་རྒྱུག་རྒྱུག་བྱོས། ལས་མཁན་གདུག་རྩུབ་ཅན་རྣམས་ས་གཞིར་སེར་བ་འབབ་འབབ་བྱོས། ནམ་མཁའ་སྟོང་བ་ལ་ཚད་མ་འཛུགས། ཚེ་ཕྱི་མ་ལ་དུས་མ་འདེབས། སྐྱེ་བ་སྔོན་གྱི་ལས་ལ་ཁག་མ་འཇོག གློ་བུར་གྱི་རྐྱེན་ལ་ལག་མ་འཕྱི། དུས་ད་ལྟ་ནས་དྲག་པོ་མངོན་སྤྱོད་ཀྱི་ལས་སྒྲུབས། ནད་མུག་མཚོན་གསུམ་གྱི་ཆར་ཕོབས། བདག་གིས་ཅི་བཅོལ་གྱི་འཕྲིན་ལས་མྱུར་ཏུ་འགྲུབ་པར་མཛོད་ཅིག ཀི་བསོ་བསྭོ་བསྭོ།
༼སྤྱི་སངས་རྒྱས་ཀྱི་བསྟན་དགྲ་དང་སྒེར་དབུ་ནག་གི་ཆུས་དགྲ་སོགས་གལ་གནད་འགེགས་རྩ་ཅན་ལ་འཕྲད་སྐབས་མིན་ན། འཕྲིན་བཅོལ་དྲག་སྤྱོད་ཀྱི་ལས་འདི་མི་བསྒྲུབ་པ་དང་བསྒྲུབས་རུང་མི་འགྲུབ་པ་ཡི་དམ་ཞི་ཁྲོ་རབ་འབྱམས་ལ་བཀའ་གཏད་པ་ཡིན་ནོ། ། ༽
                  ཟིན་བྲིས་པ་ཆོས་དཔལ་བཟང་བོས་ཡིག་ཐོག་ཏུ་ཕབས།
                         
                       ༢༠༡༢ལོའི་ཟླ་༧པའི་ཚེས་༧ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་རྐང་ཚའི་ཕྱོགས་ནས་ཡི་གེར་ཕབ་པའི་བསང་འབོད་བཞུགས་སོ།།

2015-01-26 བློ་བཟང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།