བསང་མཆོད་ཆོས་སྐྱོང་དགྱེས་པའི་དབྱངས་སྙན་ཞེས་བྱ་བ།

  རཾ ཡཾ ཁཾ ཨྃཨཱཧཱུྃ མཆོད་དང་པོ། བླ་མ་ཡི་དམ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་ནོར་ལྷ། བཀའ་སྲུང་གཏེར་བདག སྔགས་སྲུང་ཨེ་ཀ་ཙ་ཏི། གཟའ་བདུད་སྟག་གི་སྤུ་གྲི། དམ་ཅན་རྡོ་རྗེ་ལེགས་པ། དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡི་དམ་གུ་རུ་དྲག་པོ། དབང་ཆེན་རྟ་མཆོག་རོལ་བ། ཞིང་སྐྱོང་སེང་གེའི་གདོང་མ། དཔལ་ལྡན་དམག་ཟོར་རྒྱལ་མོ། དཔལ་མགོན་མ་ཧ་ཀ་ལ། སྐུ་ཡི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། སྟེན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ་རྣམས་ལ། བདུད་རྩི་བསང་གི་མཆོད་སྤྲིན་རྒྱ་ཆེན་པོ་འདི་འབུལ་ལོ་མཆོད་དོ། །
  ཨྃཨཱཧཱུྃ ལྷ་ཆེན་ཚངས་པ་བརྒྱ་བྱིན། ཉེ་དབང་སུམ་ཅུ་རྩ་གཉིས། ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི། གནོད་སྦྱིན་ཙེའུ་དམར་པོ། བཙན་རྒོད་རོལ་བ་སྐྱ་བདུན། དཀར་ཕྱོགས་སྐྱོང་བའི་ཕོ་ཉ། ནག་ཕྱོགས་བདུད་ཀྱི་གཤེད་མ། སང་ཆེན་ནོར་བུ་དགྲ་འདུལ། གངས་དཀར་ཏི་སེ་ལ་སོགས། སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག སྲིད་པའི་ལྷ་རབས་མཆེད་དགུ། རྗེ་ཡི་མགུལ་ལྷ་བཅུ་གསུམ། གངས་དཀར་ཉི་ཤུ་རྩ་གཅིག བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་སློབ་དཔོན་པདྨའི་བཀའ་དམ་ལ་གནས་པའི་དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་རྣམས་ལ་གསོལ་ལོ་མཆོད་དོ། །
  ཨྃཨཱཧཱུྃ ས་བཅུ་གསུམ་ཐོབ་པའི་སངས་རྒྱས། ཨ་མྱེ་རྨ་ཆེན་སྤོབ་ར། རྨ་འཁོར་སྟོང་དང་དགུ་བརྒྱ། ཤར་གྱི་གཉན་ཆེན་ཐང་ལྷ། ས་བརྒྱད་ཐོབ་པའི་སེམས་དཔའ། ཤར་གྱི་གཉེན་པོ་གཡུ་རྩེ། གཉན་དམག་བརྒྱད་ཁྲི་བཞི་སྟོང་། གསེར་སྟོད་ཀྱི་མགོན་པོ་འབྲོང་རི་སྨུག་པོ། འབྲོང་སྐོར་སུམ་བརྒྱ་དྲུག་ཅུ། གསེར་སྨད་ཀྱི་རྔ་ལ་སྟག་རྩེ། དམ་ཅན་རྡོ་རྗེ་ལེགས་པ། གསེར་གྱི་སེས་བོ་སེས་དམར། འཛི་ཆེན་ཤིང་གི་ལྷ་མོ། ཁྲོམ་གྱི་ལབ་ཙེ་ཀར་སྡེང་། ཉག་སྟོད་ཀྱི་ཁ་བ་ལབ་རི། ཉག་སྨད་ཀྱི་ཤིང་ལོ་བྲག་དཀར། གཡུ་ཡི་རྡོ་རྗེ་གཡུ་ཁྲོམ། མི་ཉག་བཞག་བྲ་ལྷ་རྩེ། གནས་ཆེན་རྒྱལ་མོ་གཡུ་རྡོ་སོགས་མདོ་དབུས་ཁམས་གསུམ་ཡོངས་ཀྱི་འཇིག་རྟེན་ལས་འདས་མ་འདས་ཀྱི་ཆོས་སྐྱོང་སྲུང་མ་རྣམས་ལ་གསོལ་ལོ་མཆོད་དོ། །
  ཨྃཨཱཧཱུྃ ཁྱད་པར་ངེད་ཝ་ཤུལ་གཙང་སྡེ་ཕྱུག་མོའི་ཡུལ་གཞི་གནས་ཀྱི་བདག་པོ། མཆོད་མཆོད་བསྟོད་བསྟོད་ཀྱི་སྲུང་མ། མ་མཆོད་རང་འཁོར་གྱི་སྲུང་མ། སློབ་དཔོན་བརྒྱུད་པའི་སྲུང་མ། ཕ་མེས་རྒྱུད་ཀྱི་སྲུང་མ། དབེན་གནས་གསར་རྙིང་གི་སྲུང་མ། རིན་ཆེན་གཏེར་གྱི་སྲུང་མ། སྐྱེ་བ་སྔོན་ནས་འབྲེལ་བའི་སྟོང་གསུམ་དམག་ལ་ཉམ་ང་མེད་པ། ཉིན་མཚན་ཐང་ལྷོད་མེད་པར་སྲུང་བ། བོས་པའི་ཚེ་ན་གློག་བཞིན་དུ་མྱུར་བའི། ཡུལ་ལྷ་གཞི་བདག མངོན་ཤེས་ཅན། རྫུ་འཕྲུལ་ཅན། དྲག་རྩལ་ཅན། ནུས་མཐུ་ཅན། ཁྱུང་ཆེན་མཁའ་ནས་ལྡིང་འདྲ། སྦྲུལ་གྱི་ལྷ་རྗེ་གཙུག་ཏོར། གཡུ་འབྲུག་དགོང་ནས་འཁྱུག་འདྲ། ལོ་བོའི་གཉན་རྗེང་གོང་སྔོན། རྒྱ་སྟག་ཚང་ནས་ལངས་འདྲ། བྲག་དམར་བྱུ་རུའི་གནམ་རྫོང་། གངས་སང་གཡུ་རལ་རྒྱས་འདྲ། ཨ་བླའི་སེངྒེ་ཕྱུག་མོ་སོགས། མདོར་ན་ས་ཕྱོགས་ཡུལ་རིས་འདི་དག་ལ་གནས་པའི། ཕ་རི་གཡས་ལ་གནས་པ། ཚུ་རི་གཡོན་ལ་གནས་པ། གངས་རི་དཀར་ལ་གནས་པ། སྲིབ་རི་ནག་ལ་གནས་པ། སྲ་བ་བྲག་ལ་གནས་པ། སྐྱེ་བ་ཤིང་ལ་གནས་པ། འབབ་པ་ཆུ་ལ་གནས་པ། འགྲོ་བ་ལམ་ལ་གནས་པའི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཉན་བཙན་མཐུ་བོ་ཆེ་ཁྱེད་རྣམས་ལ་བདུད་རྩི་བསང་གི་མཆོད་སྤྲིན་འདི་འབུལ་ལོ་མཆོད་དོ། །
  ཨྃཨཱཧཱུྃ ཁྱེད་རྣམས་བསྙེན་ཅིང་སྒྲུབ། མཆོད་ཅིང་བསྟོད་པའི་བདག་ཅག་བསྒྲུབ་པ་པོ་རྣམས་ལ། མཆོག་ཐུན་གྱི་དངོས་གྲུབ་དངོས་གྲུབ་སྩོལ་ཅིག བྱིན་རླབས་ཀྱི་སྤྲིན་ཕུང་འཁྲུགས་ཤིག ལོངས་སྤྱོད་ཀྱི་ཆར་བ་ཕོབས་ཤིག སངས་རྒྱས་ཀྱི་བསྟན་པ་སྐྱོངས་ཤིག དཀོན་མཆོག་གི་དབུ་འཕང་བསྟོད་ཅིག བསྟན་འཛིན་གྱི་སྐུ་ཚེ་སྲུངས་ཤིག སྙིགས་དུས་ཀྱི་རྒུད་པ་སེལ་ཅིག རྫོགས་ལྡན་གྱི་བདེ་སྐྱིད་སྤེལ་ཅིག ཉིན་གྱི་བྱ་ར་མཛོད་ཅིག མཚན་གྱི་མེལ་ཚེ་མཛོད་ཅིག མཚན་ནས་བོས་ན་སྙན་མ་སྲ། ལས་ལ་བསྐུལ་ན་བང་མ་ཞན། དགྲ་ལ་རྦད་ན་མཐུ་མ་ཆུང་། བུ་རང་ལ་ཁ་འཛིན་དང་སྡོང་གྲོགས་བྱེད་དགོས། དགྲ་ནག་པོར་ཁ་སྐོར་དང་བློ་སྐོར་བྱེད་དགོས། དགྲ་འོངས་ན་བྱ་གཏོང་དགོས། དུག་ཡོང་ན་སྨན་གཏོང་དགོས། བསམ་བསམ་ཐམས་ཅན་ལམ་དུ་འགྲོ་དགོས། འདོད་འདོད་ཐམས་ཅད་ལག་ཏུ་ཐོབ་དགོས། རྟ་ཕོ་གོམ་ལག་ཅན་དང་སྤྲོད་དགོས། རྒོད་མ་ཐེར་ཞིང་ཅན་དང་སྤྲད་དགོས། འབྲི་མོ་ནུ་ལག་ཅན་དང་སྤྲད་དགོས། གཡང་དཀར་བལ་ཁ་ཅན་དང་སྤྲད་དགོས། ཕྱུག་ཀྱི་རི་མ་བྱེད་དགོས། བཙན་གྱི་ཁེབ་མ་བྱེད་དགོས། ཆར་ཆུ་དུས་སུ་འབེབ་དགོས། ལོ་ཕྱུགས་རྟག་ཏུ་ལེགས་དགོས། ཚེ་སྲོག་ཆུ་རྒྱུན་བཞིན་དུ་རིང་དགོས། བསོད་ནམས་རི་བོ་བཞིན་དུ་བརྟན་དགོས། ཁ་རྗེ་ཉི་ཟླ་བཞིན་དུ་གསལ་དགོས། དབང་ཐང་རྒྱ་མཚོ་བཞིན་འཁྱིལ་དགོས། རླུང་རྟ་བ་དན་བཞིན་དུ་ཕྱར་དགོས། སྙན་གྲགས་འབྲུག་སྟོང་བཞིན་དུ་གྲགས་དགོས། ཁྱད་པར་ཏུ་ངེད་ཝ་ཤུལ་གཙང་སྨད་ཚང་གི་མི་ཐོག་ལ་ན་ཚ་འོང་གི་མ་འཇུག ཕྱུགས་ཐོག་ལ་གོད་ཁ་འོངས་ཀི་མ་འཇུག དགྲ་ཨ་སྐྲད་ཀྱི་སྐྲད་སོ་ཡན་ལ་མཐོ་འི་མ་འཇུག ཟིན་གོས་དཀར་གྱི་གོང་བ་མན་ལ་དམའ་འི་མ་འཇུག བརྒྱ་ཕར་འགྲོའི་སྔོན་མ་བྱེད་དགོས། སྟོང་ཚུར་འོང་གི་རྗེས་མ་བྱེད་དགོས། དམག་ལ་འགྲོ་ན་དམག་དཔོན་མཛོད་ཅིག ཚོང་ལ་འགྲོ་ན་ཚོང་ལྷ་མཛོད་ཅིག གཞི་ལ་འདུག་ན་ཁ་འཛིན་མཛོད་ཅིག བྱེས་སུ་འགྲོ་ན་མགྲོན་ལྷ་མཛོད་ཅིག སྟེང་གི་མི་ཕོར་བློ་མེད་ལ་བློ་སྣོན། འོག་གི་རྟ་ཕོར་བང་མེད་ལ་བང་སྣོན། དགྲ་དངོས་ཞུགས་ཡོད་ཉིན་དགྲ་མགོ་གཅོད་པའི་སྟ་རས་བྱེད་དགོས། འདྲེ་ཁ་ཞུགས་ཡོད་ཉིན་འདྲེ་མཐུ་བཅིང་བའི་ཞགས་པ་བྱེད་དགོས། གདོན་ལྐོགས་ཞུགས་ཡོད་ཉིན་དོན་སྙིང་འབུགས་པའི་ལྕགས་ཀྱུ་བྱེད་དགོས། རྐུའི་ལག་ཞུགས་ཡོད་ཉིན་རྐུན་ལག་གཅོད་པའི་རལ་གྲི་བྱེད་དགོས། ཁྲ་གྱི་ལེར་ཚོགས་ས་ནས་གལ་ཆེན་དང་དོན་ཆེན་གྱིས་ཤིག སྨུག་ཤིག་གེ་འདུག་ས་ནས་རྩིས་ཆེན་དང་ངོ་ཆེན་གྱིས་ཤིག དཔའ་པོ་དཔུང་ཤོར་དང་ཐུག་ཉིན་རང་དཔུང་མི་ཕམ་པའི་གདུང་གྲོགས་བྱེད་དགོས། མཁས་པ་ལྕེ་ཤོར་དང་ཐུག་ཉིན་རང་ཚུགས་མི་ཤོར་བའི་ཁ་ལྕེ་བྱེད་དགོས། ཁྲེལ་པོ་སྡོད་ཅན་དང་ཐུག་ཉིན་རང་ས་མི་འཆོར་བའི་དཔའ་ཁ་བཀྱགས་དགོས། གོང་ནས་ཡར་འཐེན་གྱི་དགྲ་ལྷའི་འཇུ་ཐག་བསྲིང་དགོས། འོག་ནས་ཡར་བསྟེན་གྱི་སྲོག་ལྷའི་རྟེན་ཕུར་འཛུགས་དགོས། སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་ཁ་འཛིན་མཛོད་ཅིག བསྟན་འཛིན་གྱི་སྐུ་ཚེ་རིང་བའི་སྡོང་གྲོགས་མཛོད་ཅིག སེམས་ཅན་ལ་བདེ་སྐྱིད་ལྡན་པའི་རྒྱབ་རྟེན་མཛོད་ཅིག གཞིས་བྱེས་གཉིས་མྱུར་འཛོམས་ཡོང་བའི་དཔུང་གཉེན་མཛོད་ཅིག འཛམ་གླིང་ལ་ཞི་བདེ་ཡོང་བའི་འཕྲིན་ལས་མཛོད་ཅིག མདོར་ན། ཞི་བའི་ལས་དང་། རྒྱས་པའི་ལས། དབང་བའི་ལས་དང་། གྲགས་པའི་ལས་སོགས་ལས་རབ་འབྱམས་གང་དང་གང་བརྩམས་པ་ཐམས་ཅན་མྱུར་བ་མྱུར་ཏུ་འགྲུབ་པའི་སྲུང་མ་མཛོད་ཅིག་གུ།
  ཨྃཨཱཧཱུྃ། ཁ་ལས་རླུང་རྟའི་བདག་པོ། མྱུར་མགྱོགས་རྩལ་ཤུགས་ཀྱི་བདག་པོ། མངོན་ཤེས་རྫུ་འཕྲུལ་གྱི་བདག་པོ། བོས་ན་སྙན་གསང་བ། བསྐུལ་ན་ལས་མྱུར་བ། རྦད་ན་མཐུ་ཆེ་བ། རྩལ་ཐོག་ལས་ཆེ་བ། འགྲོས་གློག་ལས་མྱུར་བ། མཁྱེན་པའི་ཡེ་ཤེས་ཅན། བརྩེ་བའི་ཐུགས་རྗེ་ཅན། མཛད་པའི་ཕྲིན་ལས་ཅན། སྐྱོབ་པའི་ནུས་མཐུ་ཅན་ཁྱེད་རྣམ་པའི་ཞལ་དུ་བསང་མཆོད་རྒྱ་ཆེན་པོ་འདི་མཆོད་དོ་ཨྃཨཱཧཱུྃ། ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ། །
  བསང་མཆོད་ཆོས་སྐྱོང་དགྱེས་པའི་མཆོད་སྤྲིན་འདི་ནི་གོང་མ་རྣམས་ཀྱི་གསུངས་དང་རྒན་པོ་རྣམས་ཀྱི་ངག་ལ་བརྟེན་ནས། བསང་མཆོད་དང་ཁ་སྨོན་གྱི་རིགས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་ཆེད་དང་། གསར་སྐྱེས་རྣམས་ཀྱི་འདོད་པ་སྐོང་བའི་ཆེད་དུ་སེངྒེ་དགོན་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་གི་བླ་མིང་འཛིན་པ་འགྲུབ་སྐྱོང་ནས་ཟླ་ཚེས་བཟང་པོ་ལ་ཕ་སྐད་སྲུང་སྤེལ་ཚོགས་པར་ཞབས་འདེགས་ཀྱི་ཚུལ་དུ་ཕུལ་བའོ། །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།