བདེན་གཉིས་ལ་དཔྱད་པ།

དོར་ཞི་གདོང་དྲུག་སྙེམས་བློ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-07-17

   ༄༅།།སྟོན་པས་ཆོས་ཚུལ་ཇི་སྙེད་གསུངས་པ་ཀུན། །བདེན་པ་གཉིས་ལ་མ་བརྟེན་ཡོད་མིན་པས། །བདེན་གཉིས་གནས་ལུགས་གང་གིས་མི་ཤེས་པ། །དེ་ནི་སངས་རྒྱས་ཆོས་ཤེས་གོ་སྐབས་མེད། །ཤེས་རྒྱུད་གཅིག་ལ་དྲི་མས་བསྒྲིབས་པ་དང་། །དྲི་མ་དག་པའི་གནས་སྐབས་གཉིས་སུ་ཕྱེ། །དྲི་མས་མ་བསླད་ཡང་དག་ཤེས་པ་དང་། །དྲི་མས་བསླད་པ་རྫུན་པའི་ཤེས་པའོ། །ཤེས་པ་གང་ལ་ལྡན་པའི་གང་ཟག་གིས། །སོ་སྐྱེས་དང་ནི་འཕགས་པ་གཉིས་སུ་ཕྱེ། །རང་རང་ཤེས་ངོར་བདེན་པ་གཅིག་ལས་མེད། །རང་བཞིན་མྱང་འདས་བདེན་གཅིག་ཉིད་དུ་གསུངས། །དོན་དམ་དང་ནི་ཀུན་རྫོབ་བདེན་པ་གཉིས། །ཡུལ་ཅན་ཤེས་པ་གཉིས་ལ་ལྟོས་ནས་བཞག །ཡུལ་གྱི་སྟེང་ན་བདེན་རྫུན་མ་གྲུབ་པས། །བདེན་རྫུན་ཡུལ་ཅན་ཤེས་པའི་སྟེང་ནས་ཕྱེ། །ཡང་དག་་ཤེས་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །སོ་སྐྱེས་ཤེས་པ་འཕགས་པའི་ཡེ་ཤེས་གཉིས། །ཡུལ་གཅིག་ན་ཡང་སྣང་ཚུལ་ཐ་དད་དེ། །དཔེར་ན་ནམ་མཁའི་མཐོང་ན་ཟླ་བ་གཅིག །རབ་རིབ་མེད་པའི་མིག་གིས་ཟླ་གཅིག་དང་། །རབ་རིབ་ཅན་གྱིས་ཟླ་གཉིས་མཐོང་བ་བཞིན། །སོ་སྐྱེས་ཤེས་ངོར་་བདེན་པ་ཀུན་རྫོབ་དང་། །འཕགས་པའི་མཉམ་བཞག་དོན་དམ་བདེན་པ་མཐོང་། །སོ་སྐྱེས་ཤེས་ངོའི་བདེན་པའི་དངོས་པོ་དེ། །འཕགས་པའི་ཤེས་ངོར་ཀུན་རྫོབ་སྒྱུ་མ་ཙམ། །བུམ་པ་དང་ནི་བུམ་པའི་བདེན་མེད་དེ། །ཐ་སྙད་དང་ནི་རིགས་ཤེས་སོ་སོའི་ཡུལ། །བུམ་པ་ཡོད་མེད་མངོན་སུམ་སྤྱོད་ཡུལ་ཏེ། །རང་བཞིན་ཡོད་མེད་རྟགས་ཀྱིས་བསྒྲུབ་བྱ་ཡིན། །རིགས་པས་བདེན་གྲུབ་འགོག་གི་བུམ་པ་མིན། །ཚད་མས་བུམ་པ་འཇོག་གི་བདེན་གྲུབ་མིན། །བུམ་པ་ཡོད་དང་བདེན་གྲུབ་བུམ་མེད་གཉིས། །རི་བོང་ཡོད་དང་རི་བོང་རྭ་མེད་བཞིན། །དོན་དམ་མེད་དགག་དགག་བྱ་བདེན་གྲུབ་བཀག །ཐ་སྙད་ཡོད་སྒྲུབ་རྟེན་འབྱུང་བསྙོན་མེད་སྒྲུབ། །དགག་སྒྲུབ་གཞི་གཅིག་ངོ་བོ་ཐ་དད་པས། །འདྲེ་མིན་མི་ཡིན་ཟེར་བར་འགལ་བ་མེད། །དོན་དམ་ཤེས་ངོར་ཅི་ཡང་མ་མཐོང་བ། །བདེན་པའི་དངོས་པོ་མེད་པས་མ་མཐོང་ངོ། །བདེན་པའི་དངོས་པོ་ཡོད་ཀྱང་མ་མཐོང་ན། །མཉམ་བཞག་ཡེ་ཤེས་ལོང་བ་ཡིན་ནམ་ཅི། །སོ་སྐྱེས་ཤེས་པ་བདེན་འཛིན་གྱིས་བསྒྲིབས་པས། །མི་བདེན་བདེན་སྣང་ཀུན་རྫོབ་ངེས་མི་ནུས། །ཀུན་རྫོབ་ཀུན་རྫོབ་ཡིན་པར་ངེས་པ་དང། །ཀུན་རྫོབ་བདེན་པས་སྟོང་བར་ངེས་པའི་ཚེ། །སྐྱེས་པོ་དེ་ནི་སྟོང་ཉིད་རྟོགས་པ་ཡིན། །གཞི་གཅིག་ལ་ནི་དོན་དམ་ཀུན་རྫོབ་གཉིས། །ཆོས་དང་ཆོས་ཉིད་ཕན་ཚུན་བརྟེན་ནས་གྲུབ། །ཡོད་ན་གཉིས་ཡོད་མེད་ན་གཉིས་ཀ་མེད། །བདེན་གཉིས་གཅིག་དང་ཐ་དད་གང་ཡང་མིན། །གཅིག་དང་ཐ་དད་གང་ལའང་རིགས་པས་གནོད། །དགག་སྒྲུབ་ཆ་གཉིས་མཉམ་གནས་མ་ཡིན་དགག །དཔེར་ན་མྱུ་གུ་བདེན་མེད་གཉིས་ཚོགས་བཞིན། །མེད་དགག་བཀག་པའི་ཤུལ་ན་གཞན་མེད་པས། །རྟེན་འབྲེལ་ཙམ་ཡང་དོན་དམ་ཤེས་ངོར་མེད། །ཆོས་ཅན་སྒྱུ་མ་ཙམ་ཞིག་ཡོད་པ་ཡང་། །ཐ་སྙད་ཚད་མ་གཞན་གྱིས་བཞག་པ་ཡིན། །དོན་དམ་བདེན་པ་ཆོས་ཉིད་འདུས་མ་བྱས། །ཀུན་རྫོབ་བདེན་པ་དེ་ནི་འདུས་བྱས་ཡིན། །འདུས་མ་བྱས་དང་འདུས་བྱས་གཞི་གཅིག་གི། །རང་བཞིན་ཡིན་ན་རྟག་དངོས་ཡོད་པར་འགྱུར། །བདེན་རྫུན་གང་ཡང་ཁྱད་པར་མ་ཕྱེ་བའི། །གཞི་ཞིག་མེད་ན་མི་འགྲིག་ཡོད་མི་འགྲིག །མེད་ན་གཞི་མེད་རྩ་བྲལ་མངོན་སུམ་འགལ། །ཡོད་ན་རིགས་པས་དཔྱད་པས་ཡོད་མི་རྙེད། །ཡོད་ཙམ་མི་འགལ་ཟེར་ཡང་ཡོད་ཙམ་དེ། །བདེན་གཉིས་ཤེས་པ་གང་གིས་བཞག་པ་ཡིན། །ཤེས་པ་རྫུན་པས་རྙེད་དོན་ཡོད་པའང་རྫུན། །རྫུན་དེ་དོན་དམ་ཤེས་ངོར་རྫུན་ཡིན་ཀྱང་། །ཐ་སྙད་ཤེས་ངོར་རྫུན་དུ་ཅི་ལྟར་རུང་། །རུང་ན་རྟེན་འབྲེལ་བསླུ་མེད་ཅི་ལྟར་འཇོག །ཀུན་རྫོབ་ཡོད་པ་གཞན་ངོར་བསྐྱེལ་རྣམས་ཀྱིས། །ཟས་ཟོས་ཆུ་འཐུང་གཞན་ངོར་བསྐྱེལ་ལམ་ཅི། །གཞན་གྱིས་ཟོས་ན་རང་ག་བརྒྱགས་སམ་ཅི། །ཀུན་མཁྱེན་ཡེ་ཤེས་ཀུན་རྫོབ་མཐོང་བ་ཡང་། །གཞན་ངོ་ཡིན་ན་སོ་སྐྱེས་ཤེས་པའི་ངོར། །གཟུགས་སོགས་བདེན་པར་གྲུབ་པ་ཇི་བཞིན་དུ། །ཇི་སྙེད་གཟིགས་ངོར་མེ་ལོང་གཟུགས་བརྙན་བཞིན། །གྲུབ་དགོས་ཕྱིར་ན་འཁྲུལ་བྲལ་མཁྱེན་པ་དང་། །འཁྲུལ་ཤེས་གཉིས་ཀྱི་ཁྱད་པར་ཅི་ལྟར་འབྱེད། །དོན་དམ་ཤེས་ངོར་ཡོད་ན་བདེན་གྲུབ་གྱུར། །ཅི་ཡང་མེད་ན་བདེན་གྲུབ་ག་ལ་ཡོད། །ཡོད་མེད་ཕན་ཚུན་སྤངས་འགལ་བར་མཚམས་ན། །གཉིས་མིན་ཕུང་གསུམ་རྐང་བ་འཛུགས་ས་མེད། །དེ་ཕྱིར་བདེན་པར་ཡོད་དང་གཏན་མེད་ལས། །གྲོལ་ཕྱིར་ལྟ་བ་ཐམས་ཅད་སྤང་བར་གསུངས། །བློ་ནི་ཤེས་པ་ཡིན་ཕྱིར་ཀུན་རྫོབ་སྟེ། །ཤེས་པ་ལ་ནི་མངོན་སུམ་རྗེས་དཔག་གཉིས། །མངོན་སུམ་སྣང་ཡུལ་དངོས་པོ་རང་མཚན་དང་། །རྗེས་དཔག་གཟུང་ཡུལ་སྤྱི་མཚན་རྟོག་པ་ཡིན། །དོན་དམ་བདེན་པ་སྟོང་བའི་ཆོས་ཉིད་དང་། །རང་བཞིན་སྒྲོ་འདོགས་བཀག་པའི་བཀག་ཆ་སྟེ། །ནམ་མཁའ་མངོན་སུམ་སྤྱོད་ཡུལ་མ་ཡིན་ན། །སྟོང་ཉིད་མངོན་སུམ་སྤྱོད་ཡུལ་ཇི་ལྟར་ཡིན། །མཉམ་བཞག་ཡེ་ཤེས་རྟོག་བྲལ་མངོན་སུམ་གྱི། །ཤེས་པ་ཡིན་ཀྱང་མཉམ་བཞག་ཡུལ་མེད་དང་། །ཅི་ཡང་ཡོད་པར་མི་མཐོང་མེད་མཐོང་ངམ། །རྗེས་དཔག་དོན་སྤྱི་ཙམ་ལས་མངོན་རྟོགས་མིན། །དེ་ཕྱིར་དོན་དམ་བློ་ཡི་ཡུལ་མིན་དང་། །སོ་སྐྱེས་བློ་ཡུལ་ཀུན་རྫོབ་ཡིན་པར་གསུངས། །

                      ཞེས་པ་འདི་ཡང་དོར་ཞི་གདོང་དྲུག་སྙེམས་བློས་བྲིས། །
 
རྩོམ་ཁུངས། རྒྱ་ཡིག་གི་བོད་མིའི་རིག་གནས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེན་གཉིས་ལ་དཔྱད་པ།

2014-07-17 དོར་ཞི་གདོང་དྲུག་སྙེམས་བློ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།