འཁོར་བ་དང་། ད་དུང་རང་ཉིད་བཙལ་བ།

ལི་ཐང་དབྱིག་གཉེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-07-12

         ______གློ་བུར་དུ་ཆོས་སྐད་ཅིག་བཏབ་པ།
 

ལྷ་མོ་དྲན་པའི་འདང་ནུབ་དེར།།
ལིང་ག་ཀ་བ་བཞིན་དུ་ཆགས།།
ཏིང་འཛིན་བསྒོམས་པའི་མཚོན་ཕྱེད་དེར།།
འཁོར་བ་ཞེན་པ་འདི་ལྟར་ལོག།
 
འདྲེན་བྱེད་ཞིབ་ཏུ་འཐག་པའི་ཚེ།།
ཅི་ཡང་དབེན་པའི་མཚན་ལྗོངས་འདིར།།
སྟོང་སྟོང་སངས་སངས་གྱུར་བས་ན།།
འཁོར་བར་ཞེན་པ་འདི་ལྟར་ལོག།
 
སྒྱུ་མའི་འཕྲུལ་གྱི་སྤྲུས་པ་ཡི།།
ཟློས་པའི་གར་གྱིས་འཁྲབ་པ་དག།
དོན་དམ་ངོར་ན་བརྟགས་པའི་ཚེ།།
ཅི་ཡང་མ་བརྙེད་ཞེན་པ་ལོག།
 
གཞལ་བྱའི་ཆོས་ཀྱི་རྣམ་པ་དག།
ཚུལ་མཁྲེགས་བདེན་གྲུབ་འཛིན་དྲཊ་ཏེ།།
ཤེས་ངོར་མ་གྲུབ་རྟོགས་པའི་ཕྱིར།།
འཁོར་བ་ཞེན་པ་འདི་ལྟར་ལོག།
 
འདོད་པའི་བདེ་བ་བཙལ་བ་ན།།
གློ་བུར་ཤོར་བའི་གད་མོ་བཞིན།།
སླར་ཡང་ངུ་བའི་འཁྲབ་སྟོན་འདིས།།
འཁོར་བ་ཞེན་པ་འདི་ལྟར་ལོག།
 
མ་བརྟག་མ་དཔྱད་མཐོང་བས་ན།།
ཕྱི་རོལའི་ཡུལ་དུ་གྲུབ་པར་འདྲ།།
བརྟཊ་ཞིང་དཔྱད་པས་དངོས་འདི་དག།
བདེན་པ་མེད་པས་ཞེན་པ་ལོག།
                           
   @༡ ཚོད་ཚོད་ནས་རང་ཉིད་མོལ་བ།
སྐྱོ་བས་ཟས་པའི་དགུན་གྱི་ངོ་གདོང་སྤྱ་བོ།།
དབྱར་གྱི་བུད་མེད་མཛེས་མས་བསླུས་པ་བཞིན་དུ།།
ང་ཡི་མིག་ཟུང་ཤ་ཟད་རུས་ལ་ཐུག་སྟེ།།
བརྒྱད་བཅུ་རྒན་པོའི་གདོང་གི་གཉེར་རིས་འདྲ་ཨང་།།
    @༢སླར་ཡང་རང་ཉིད་བཙལ་བ།
ང་ནི་ང་རང་ཡིན་པར་གནས་ལུགས་མེད་པས།།
ང་ནི་སུ་ཞིག་ཡིན་པར་ང་ཡིས་མ་ཤེས།།
ང་རང་བཙལ་ཏེ་བརྙེད་པའི་ཆོས་ཤིག་ཡིན་ན།།
ང་ནི་བདེན་པར་གྲུབ་ཅེས་ང་ཡི་སྨྲ་འོ།།
 
ང་ནི་ལྷ་ཞིག་རེད་ཅེས་གཞན་གྱིས་སྨྲ་ཆོག།
ང་ནི་འདྲེ་ཞིག་རེད་ཀྱང་གཞན་གྱིས་སྨྲ་ཆོག།
ང་རང་བརྟག་ཅིང་དཔྱད་པར་མ་བགྱིས་བར་དུ།།
ང་ནི་བདེན་མེད་མིན་ཞེས་སུས་ཀྱང་མི་སྨྲ།།
 
ང་རང་འཇིག་རྟེན་འདིིར་བསླེབས་ཅིའི་ཕྱིར་ཡིན་པར།།
ང་ཡིས་སྐྱེ་སྔོན་བག་ཆགས་ཅི་ཞིག་བཞག་པར།།
ང་ཡིས་ང་རང་བརྟགས་དཔྱད་ཞིབ་མོར་བགྱིས་ཀྱང་།།
ང་རང་སུ་ཞིག་ཡིན་པར་ང་ཡིས་མ་ཤེས།།
_____མི་སྐད་ཅིག་བསྒྲགས་པ་ནི་མི་ཞིག་གི་འོས་འགན་ཡིན་ན། ཆོས་སྐད་ཅིག་བཏབ་པ་དེའང་ཅིའི་ཕྱིར་དུ་ཆོས་པའི་འོས་འགན་མིན། དེ་བས་དེ་རིང་བདག་གི་སེམས་སུ་ཚོར་འདུ་རབ་རིབ་ཅིག་འོང་གིན་གདའ་བས་གློ་བུར་དུ་འདི་ལྟར་གློག་ཀླད་ངོས་སུ་བཏབ་པའོ།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བ་དང་། ད་དུང་རང་ཉིད་བཙལ་བ།

2013-07-12 ལི་ཐང་དབྱིག་གཉེན། ཀློག་གྲངས། མཆན ཡོད།

         ______གློ་བུར་དུ་ཆོས་སྐད་ཅིག་བཏབ་པ།
 

ལྷ་མོ་དྲན་པའི་འདང་ནུབ་དེར།།
ལིང་ག་ཀ་བ་བཞིན་དུ་ཆགས།།
ཏིང་འཛིན་བསྒོམས་པའི་མཚོན་ཕྱེད་དེར།།
འཁོར་བ་ཞེན་པ་འདི་ལྟར་ལོག།
 
འདྲེན་བྱེད་ཞིབ་ཏུ་འཐག་པའི་ཚེ།།
ཅི་ཡང་དབེན་པའི་མཚན་ལྗོངས་འདིར།།
སྟོང་སྟོང་སངས་སངས་གྱུར་བས་ན།།
འཁོར་བར་ཞེན་པ་འདི་ལྟར་ལོག།
 
སྒྱུ་མའི་འཕྲུལ་གྱི་སྤྲུས་པ་ཡི།།
ཟློས་པའི་གར་གྱིས་འཁྲབ་པ་དག།
དོན་དམ་ངོར་ན་བརྟགས་པའི་ཚེ།།
ཅི་ཡང་མ་བརྙེད་ཞེན་པ་ལོག།
 
གཞལ་བྱའི་ཆོས་ཀྱི་རྣམ་པ་དག།
ཚུལ་མཁྲེགས་བདེན་གྲུབ་འཛིན་དྲཊ་ཏེ།།
ཤེས་ངོར་མ་གྲུབ་རྟོགས་པའི་ཕྱིར།།
འཁོར་བ་ཞེན་པ་འདི་ལྟར་ལོག།
 
འདོད་པའི་བདེ་བ་བཙལ་བ་ན།།
གློ་བུར་ཤོར་བའི་གད་མོ་བཞིན།།
སླར་ཡང་ངུ་བའི་འཁྲབ་སྟོན་འདིས།།
འཁོར་བ་ཞེན་པ་འདི་ལྟར་ལོག།
 
མ་བརྟག་མ་དཔྱད་མཐོང་བས་ན།།
ཕྱི་རོལའི་ཡུལ་དུ་གྲུབ་པར་འདྲ།།
བརྟཊ་ཞིང་དཔྱད་པས་དངོས་འདི་དག།
བདེན་པ་མེད་པས་ཞེན་པ་ལོག།
                           
   @༡ ཚོད་ཚོད་ནས་རང་ཉིད་མོལ་བ།
སྐྱོ་བས་ཟས་པའི་དགུན་གྱི་ངོ་གདོང་སྤྱ་བོ།།
དབྱར་གྱི་བུད་མེད་མཛེས་མས་བསླུས་པ་བཞིན་དུ།།
ང་ཡི་མིག་ཟུང་ཤ་ཟད་རུས་ལ་ཐུག་སྟེ།།
བརྒྱད་བཅུ་རྒན་པོའི་གདོང་གི་གཉེར་རིས་འདྲ་ཨང་།།
    @༢སླར་ཡང་རང་ཉིད་བཙལ་བ།
ང་ནི་ང་རང་ཡིན་པར་གནས་ལུགས་མེད་པས།།
ང་ནི་སུ་ཞིག་ཡིན་པར་ང་ཡིས་མ་ཤེས།།
ང་རང་བཙལ་ཏེ་བརྙེད་པའི་ཆོས་ཤིག་ཡིན་ན།།
ང་ནི་བདེན་པར་གྲུབ་ཅེས་ང་ཡི་སྨྲ་འོ།།
 
ང་ནི་ལྷ་ཞིག་རེད་ཅེས་གཞན་གྱིས་སྨྲ་ཆོག།
ང་ནི་འདྲེ་ཞིག་རེད་ཀྱང་གཞན་གྱིས་སྨྲ་ཆོག།
ང་རང་བརྟག་ཅིང་དཔྱད་པར་མ་བགྱིས་བར་དུ།།
ང་ནི་བདེན་མེད་མིན་ཞེས་སུས་ཀྱང་མི་སྨྲ།།
 
ང་རང་འཇིག་རྟེན་འདིིར་བསླེབས་ཅིའི་ཕྱིར་ཡིན་པར།།
ང་ཡིས་སྐྱེ་སྔོན་བག་ཆགས་ཅི་ཞིག་བཞག་པར།།
ང་ཡིས་ང་རང་བརྟགས་དཔྱད་ཞིབ་མོར་བགྱིས་ཀྱང་།།
ང་རང་སུ་ཞིག་ཡིན་པར་ང་ཡིས་མ་ཤེས།།
_____མི་སྐད་ཅིག་བསྒྲགས་པ་ནི་མི་ཞིག་གི་འོས་འགན་ཡིན་ན། ཆོས་སྐད་ཅིག་བཏབ་པ་དེའང་ཅིའི་ཕྱིར་དུ་ཆོས་པའི་འོས་འགན་མིན། དེ་བས་དེ་རིང་བདག་གི་སེམས་སུ་ཚོར་འདུ་རབ་རིབ་ཅིག་འོང་གིན་གདའ་བས་གློ་བུར་དུ་འདི་ལྟར་གློག་ཀླད་ངོས་སུ་བཏབ་པའོ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།