སེམས་ཀྱི་གཏུ་ལུམ།

རྩེ་སྐྱེས་རིག་པའི་རྣོ་གྲི མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-19


རོ་འཛིན་རྣམ་ཤེས་གཏུ་ལུམ་འོད་ཆེན་པོ།།
ལམ་བུ་དཀར་བོའི་ངོགས་སུ་འཐེན་པ་ནི།།
ཡང་དག་ཞིང་གི་སྒང་དྲུག་རི་བོ་རུ།།
ངེས་ཤེས་ཆུན་པོའི་ཁྲ་ཙམ་འཕྲོས་བ་འདྲ།།

གཏུམ་སྤྱོད་ཉ་ཀྱུའི་དྲ་རྒྱ་མངོན་པ་ལས།།
རྔུལ་ཆུའི་ཐེབ་ཡིག་ནག་པོའི་ཉིང་ཁུ་ལ།།
འདམ་དོང་དུག་ཆུས་དོགས་མེད་སྤམ་པ་དེ།།
སྤར་མོ་སྙིང་ཁར་རེག་ན་ཤིན་ཏུ་གདུང་།།

ངུ་སྐད་འཛེར་བོ་སྣང་ངོར་མ་གྲུབ་པར།།
རིན་ཆེན་ལོ་མའི་མིག་ཆུ་གང་སར་ལྷུང་།།
འབྲོང་གཡག་རྔ་ཟེལ་སློག་གིན་རང་དུ་ཡལ།།
མར་མཆོད་སྐྱེས་སུ་ཕུལ་བའི་ང་ཡི་མི།།

སེམས་ཀྱི་ཚོར་བར་གསར་བའི་གཏུ་ལུམ་དག།།
སྲིན་པོའི་ཁྲག་རྒྱུན་གསེབ་ནས་རྒྱུན་གཅིག་གྲུབ།།
འདྲེ་མོའི་གར་སྟབས་ངང་གིས་མགུལ་བས་ལས།།
ཚེ་སྲོག་གཞན་ཆེན་གཞོམ་པའི་སྙིང་གི་མི།།

ཁོ་བོར་ཕྱད་ཕྱོད་ཡིད་ནས་ལྡང་ནའང་།།
རྒྱུ་འབྲས་ཁ་ནས་སྨྲ་བའི་ཁོར་ཡུག་ནས།།
མིག་ཆུའི་མཆི་མ་སེམས་དུ་དཀྱིལ་བ་ལས།།
འབྲེལ་བཤད་དོན་གྱི་ངོ་བོ་ཡེ་ནས་དབེན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་གཏུ་ལུམ།

2013-06-19 རྩེ་སྐྱེས་རིག་པའི་རྣོ་གྲི ཀློག་གྲངས། མཆན ཡོད།


རོ་འཛིན་རྣམ་ཤེས་གཏུ་ལུམ་འོད་ཆེན་པོ།།
ལམ་བུ་དཀར་བོའི་ངོགས་སུ་འཐེན་པ་ནི།།
ཡང་དག་ཞིང་གི་སྒང་དྲུག་རི་བོ་རུ།།
ངེས་ཤེས་ཆུན་པོའི་ཁྲ་ཙམ་འཕྲོས་བ་འདྲ།།

གཏུམ་སྤྱོད་ཉ་ཀྱུའི་དྲ་རྒྱ་མངོན་པ་ལས།།
རྔུལ་ཆུའི་ཐེབ་ཡིག་ནག་པོའི་ཉིང་ཁུ་ལ།།
འདམ་དོང་དུག་ཆུས་དོགས་མེད་སྤམ་པ་དེ།།
སྤར་མོ་སྙིང་ཁར་རེག་ན་ཤིན་ཏུ་གདུང་།།

ངུ་སྐད་འཛེར་བོ་སྣང་ངོར་མ་གྲུབ་པར།།
རིན་ཆེན་ལོ་མའི་མིག་ཆུ་གང་སར་ལྷུང་།།
འབྲོང་གཡག་རྔ་ཟེལ་སློག་གིན་རང་དུ་ཡལ།།
མར་མཆོད་སྐྱེས་སུ་ཕུལ་བའི་ང་ཡི་མི།།

སེམས་ཀྱི་ཚོར་བར་གསར་བའི་གཏུ་ལུམ་དག།།
སྲིན་པོའི་ཁྲག་རྒྱུན་གསེབ་ནས་རྒྱུན་གཅིག་གྲུབ།།
འདྲེ་མོའི་གར་སྟབས་ངང་གིས་མགུལ་བས་ལས།།
ཚེ་སྲོག་གཞན་ཆེན་གཞོམ་པའི་སྙིང་གི་མི།།

ཁོ་བོར་ཕྱད་ཕྱོད་ཡིད་ནས་ལྡང་ནའང་།།
རྒྱུ་འབྲས་ཁ་ནས་སྨྲ་བའི་ཁོར་ཡུག་ནས།།
མིག་ཆུའི་མཆི་མ་སེམས་དུ་དཀྱིལ་བ་ལས།།
འབྲེལ་བཤད་དོན་གྱི་ངོ་བོ་ཡེ་ནས་དབེན།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།