གྲངས་འདྲེན་ཏིལ་འབྲུའི་ཚོམ་པ།

གཡང་འབུམ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-05


མཚུངས་འདྲེན་གོས་དཀར་དྲི་མེད་ཅིང་།།
གཉིས་མེད་གསུང་གིས་རབ་ཕྱུག་པའི།།
ཟུར་ཕུད་ལྔ་བའི་ཞབས་པད་དུ།།
སྒྲ་དབྱངས་ལྷ་མོ་ཤེས་རབ་ལྷ།།
གསུང་དབྱངས་སྙན་མོ་དྲུག་འགྱུར་ལས།།
ངག་ལ་འོ་ཐིགས་མཛགས་པར་མཛོད།།
གྲངས་འདྲེན་མཐའ་ལ་ཀློངས་ཡངས་ཀྱང་།།
གྲ་སྒྲིག་འཛིན་གྲྭའི་བསླབ་དེབ་ཀྱི།།
གྲངས་ཀྱི་མངོན་བརྗོད་བཅད་མ་རུ།།
ཕབ་ན་བློར་འཛིན་བདེ་སྙམ་སྟེ།།
ཚིགས་བཅད་འགུལ་གྱི་རྒྱན་དུ་བསྟར།།
པི་པི་ཝང་དང་ཕོ་བ་རིལ།།
སྒ་སྐྱ་ཚ་བ་གསུམ་གྱི་མིང་།།
ལྷོ་ཕྱོགས་རྟ་གདོང་བསྲེག་བྱའི་མེ།།
བཅུ་གཉིས་ཁྱིམ་ཉི་མེ་གསུམ་མིང་།།
རྡུལ་མུན་སྙིང་སྟོབས་ཡོན་ཏན་གསུམ།།
མཆོད་སྦྱིན་ངེས་བརྗོད་སྲིད་སྲུང་དང་།།
སྙན་ངག་གི་ནི་རིག་བྱེད་བཞི།།
ཉོན་མོངས་ཕུང་བོ་ལྷའི་བུའི་བདུད།།
འཆི་བདག་བཅས་ནི་བདུད་བཞིའི་མིང་།།
ཡོད་པར་སྨྲ་དང་ཕལ་ཆེན་པ།།
མང་པོས་བཀུར་དང་གནས་བསྟན་བྱ།།
སྡེ་བཞི་མེ་ཏོག་མར་མེ་སྤོས།།
ཞག་ཟས་དྲི་ཆབ་ཉེར་སྤྱོད་ལྔ།།
མྱོས་སྲེད་རྨོངས་སྐེམས་འཆིང་བྱེད་ལྔར།།
མདའ་ལྔ་ས་ཆུ་མེ་རླུང་དང་།།
ནམ་མཁའ་འབྱུང་བ་ལྔ་ལ་འོ།།
མངར་སྐྱུར་ཁ་བསྐ་ལན་ཚ་ཚྭ།།
རོ་དྲུག་དཔྱིད་དབྱར་སྟོན་དགུན་དང་།།
དགུན་སྨད་སོ་ག་དུས་དྲུག་མིང་།།
ཉིན་མོར་སྔ་གུང་ཕྱི་དྲོ་དང་།།
མཚན་མོར་ནམ་གུང་མཐོ་རེངས་སྲོད།།
བཅས་ཏེ་དུས་མཚམས་དྲུག་ལ་འོ།།
ཀླུ་སྒྲུབ་ཐོགས་མེད་འཕགས་པ་ལྷ།།
དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་དྲུག །
རྒྱན་དྲུག་ཛ་ཏི་ཅུ་གང་གུར་།།
ལི་ཤི་སུག་སྨེལ་ཀ་ཀོ་ལར།།
བཟང་དྲུག་འཁོར་ལོ་ནོར་བུ་བློན།།
དམག་དཔོན་བཙུན་མོ་གླང་བོ་ཆེ།།
རྟ་མཆོག་རིན་ཆེན་སྣ་བདུན་མིང་།།
རྟ་རྣ་གཤོལ་འཛིན་རྙ་ཤིང་འཛིན།།
སེང་ལྡང་མུ་ཁྱུད་ལྟ་ན་སྡུག།
རྣམ་མདུད་ས་འཛིན་བདུན་ཞེས་བྱ།།
གཙུག་ཏོར་ཀུན་སྐྱོབ་འཁོར་བ་འཇིག།
རྣམ་གཟུགས་གསེར་ཐུབ་ཤཀྱ་ཐུབ།།
འོད་སྲུངས་ལ་ནི་ཐུབ་པ་བདུན།།
འོད་ཡངས་འོད་ཟེར་མཆོད་སྦྱིན་ཅན།།
གནས་འཇོག་ཉི་མ་ལྷ་མིན་འཇོམས།།
རྒྱུན་ཤེས་དྲང་སྲོང་བདུན་གྱི་མིང་།།
ཐིག་ལེ་ཅན་དང་མདོག་ལྔང་བ།།
ངེས་བརྗོད་ཡིད་མགྱོགས་རི་འཇོམས་རླུང་།།
ཤིན་ཏུ་རྒྱལ་མཚན་རྟ་བདུན་མིང་།།
གསེར་ཉ་བུམ་པ་བདྨ་དུང་།།
དཔའ་བེའུ་རྒྱལ་མཚན་འཁོར་ལོ་གདུགས།།
དེ་དག་བཀྲ་ཤིས་རྟགས་བརྒྱད་ཡིན།།
མཐའ་ཡས་འཇོག་པོ་སྟོབས་རྒྱུ་དང་།།
རིགས་ལྡན་ནོར་རྒྱུ་དུང་སྐྱོང་དང་།།
པདྨ་ཆུ་ལྷ་ཀླུ་ཆེན་བརྒྱད།།
བརྟན་པ་ཟླ་བ་ཆུ་དབང་རླུང་།།
འཛིན་བྱེད་ནམ་ལངས་འོད་བྱེད་མེ།།
ནོར་ལྷ་བརྒྱད་དེ་ཕྱག་ན་རྡོར།།
སྒྲིབ་པ་རྣམ་སེལ་སྤྱན་རས་གཟིགས།།
འཇམ་དབྱང་བྱམས་པ་མཁའི་སྙིང་བོ།།
ས་ཡི་སྙིང་བོ་སྲས་ཆེན་བརྒྱད།།
དབྱུ་མ་རྐྱང་མ་རོ་མ་དང་།།
མགྲིན་པའི་ལོངས་སྤྱོད་དཔྲལ་བ་བདེ།།
སྤྱ་བོ་བདེ་ཆེན་སྙིང་ག་ཆོས།།
གསང་གནས་བདེ་སྐྱོང་ལྟེ་བ་སྤྲུལ།།
གཉིས་ནས་འཁོར་ལོ་རྩ་དགུའི་མིང་།།
པདྨ་ཆེན་པོ་པདྨ་ཅན།།
ཆུ་སྲིན་རུས་སྦལ་རྔ་ཡབ་ཅན།།
དགའ་བ་སྔོན་པོ་དུང་རྣམས་ཅན།།
སྦྱིན་བྱེད་བཅས་ནི་གཏེར་དགུ་རྣ།།
སྣ་ཁུང་མིག་རྣ་གཉིས་གཉིས་བཤང་།།
མཆུ་སོ་ཁ་ལ་བུ་ག་དགུ།།
གཞན་གྱིས་མི་ཐུབ་གཤིན་རྗེ་གཤད།།
བདུད་རྩི་འཁྱིལ་བ་འདོད་པའི་རྒྱལ།།
རྟ་མགྲིན་གནོད་མཛེས་དབྱུག་སྔོན་ཅན།།
གཙུག་ཏོར་འཁོར་སྒྱུར་མི་གཡོ་བ།།
སྟོབས་པོ་ཆེ་རྣམས་ཁྲོ་བོ་བཅུ།།
དབང་བོ་ཚང་བ་ཡུལ་དབུས་སྐྱེས།།
ལས་མཐའ་མ་ལོག་གནད་ལ་དད།།
སངས་རྒྱས་བྱོན་དང་དམ་ཆོས་སྟོན།།
བསྟན་པ་གནས་པ་དེའི་རྗེས་ཞུགས།།
གཞན་ཕྱིར་སྙིང་བརྩེས་རྗེས་སུ་བཟུང་།།
མི་ཡིན་པ་ལ་འབྱོར་བ་བཅུ།།
གནས་དང་གནས་མིན་ལས་རྣམ་སྨིན།།
མོས་པ་ཁམས་ནི་སྣ་ཚོགས་པ།།
དབང་བོ་མཆོག་དང་མཆོག་མིན་པ།།
ཐམས་ཅད་འགྲོ་བའི་ལམ་དང་ནི།།
ཀུན་ནི་ཉོན་མོངས་རྣམ་པར་བྱང་།།
རྗེས་དྲན་འཆི་འཕོ་སྐྱེ་ཟག་ཟད།།
སྟོབས་བཅུ་ཉ་རུས་སྦལ་བ་ཕག།
མི་ཡི་སེང་གེ་མིའུ་ཐུང་དང་།།
དགའ་བྱེད་ར་མ་ན་ནག་པོ།།
ཤཀྱ་ཐུབ་པ་རིགས་ལྡན་དང་།།
ཀལ་ཀེའི་ཙེ་སྟེ་འཇུག་པ་བཅུ།།
ཕྱོགས་མཚམས་སྟེང་འོག་ཕྱོགས་བཅུའི་མཚན།།
མ་སྐྱེས་རྐང་གཅིག་འཕེལ་བསྟོད་དྲག །
འཕྲོག་བྱེད་བརྩོན་ལྡན་གཞན་ལས་རྒྱལ།།
དབང་ལྡན་བདེ་འབྱུང་སྤྱན་གསུམ་པ།།
ས་གསུམ་དྲག་ལྷ་བཅུ་གཅིག་མིང་།།
ཆར་འབེབས་བསྟོད་བྱེད་སྔོན་འཕགས་ལམ།།
སྔོན་མིན་མི་གཟུགས་ཁྱབ་འཇུག་དབང་།།
འོད་ཅན་འཆི་བདག་གཤིན་རྗེ་གཤད།།
ཉི་མའི་ཁྱིམ་གྱི་ལྷ་བཅུ་གཉིས།།
ལུག་གླང་འཁྲིག་པ་ཀརྐ་ཏ།།
སེང་གེའི་བུ་མོ་སྲང་གི་ཁྱིམ།།
ཆུ་སྲིན་བུམ་པ་ཉ་གཞིའི་ཁྱིམ།།
སྡིག་པའི་ཁྱིམ་སྟེ་ཁྱིམ་བཅུ་གཉིས།།
གྲངས་འདྲེན་རྣ་བའི་བདུད་རྩི་འདི།།
ཐམས་ཅད་ཁོ་བོས་ངེས་མིན་ཡང་།།
གཅིག་ནས་བཅུ་གཉིས་གཙོ་བོའི་གྲས།།
ཟིན་བྲིས་བཤུས་ཏེ་བཅད་མའི་ཚུལ།།
དཀར་པོ་ཤོག་ངོས་འཁོད་པ་འདི།།
བདེ་ལེགས་འགྲུབ་ལ་དགེ་བར་ཤོག །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲངས་འདྲེན་ཏིལ་འབྲུའི་ཚོམ་པ།

2013-05-05 གཡང་འབུམ་ཚེ་རིང་། ཀློག་གྲངས། མཆན ཡོད།


མཚུངས་འདྲེན་གོས་དཀར་དྲི་མེད་ཅིང་།།
གཉིས་མེད་གསུང་གིས་རབ་ཕྱུག་པའི།།
ཟུར་ཕུད་ལྔ་བའི་ཞབས་པད་དུ།།
སྒྲ་དབྱངས་ལྷ་མོ་ཤེས་རབ་ལྷ།།
གསུང་དབྱངས་སྙན་མོ་དྲུག་འགྱུར་ལས།།
ངག་ལ་འོ་ཐིགས་མཛགས་པར་མཛོད།།
གྲངས་འདྲེན་མཐའ་ལ་ཀློངས་ཡངས་ཀྱང་།།
གྲ་སྒྲིག་འཛིན་གྲྭའི་བསླབ་དེབ་ཀྱི།།
གྲངས་ཀྱི་མངོན་བརྗོད་བཅད་མ་རུ།།
ཕབ་ན་བློར་འཛིན་བདེ་སྙམ་སྟེ།།
ཚིགས་བཅད་འགུལ་གྱི་རྒྱན་དུ་བསྟར།།
པི་པི་ཝང་དང་ཕོ་བ་རིལ།།
སྒ་སྐྱ་ཚ་བ་གསུམ་གྱི་མིང་།།
ལྷོ་ཕྱོགས་རྟ་གདོང་བསྲེག་བྱའི་མེ།།
བཅུ་གཉིས་ཁྱིམ་ཉི་མེ་གསུམ་མིང་།།
རྡུལ་མུན་སྙིང་སྟོབས་ཡོན་ཏན་གསུམ།།
མཆོད་སྦྱིན་ངེས་བརྗོད་སྲིད་སྲུང་དང་།།
སྙན་ངག་གི་ནི་རིག་བྱེད་བཞི།།
ཉོན་མོངས་ཕུང་བོ་ལྷའི་བུའི་བདུད།།
འཆི་བདག་བཅས་ནི་བདུད་བཞིའི་མིང་།།
ཡོད་པར་སྨྲ་དང་ཕལ་ཆེན་པ།།
མང་པོས་བཀུར་དང་གནས་བསྟན་བྱ།།
སྡེ་བཞི་མེ་ཏོག་མར་མེ་སྤོས།།
ཞག་ཟས་དྲི་ཆབ་ཉེར་སྤྱོད་ལྔ།།
མྱོས་སྲེད་རྨོངས་སྐེམས་འཆིང་བྱེད་ལྔར།།
མདའ་ལྔ་ས་ཆུ་མེ་རླུང་དང་།།
ནམ་མཁའ་འབྱུང་བ་ལྔ་ལ་འོ།།
མངར་སྐྱུར་ཁ་བསྐ་ལན་ཚ་ཚྭ།།
རོ་དྲུག་དཔྱིད་དབྱར་སྟོན་དགུན་དང་།།
དགུན་སྨད་སོ་ག་དུས་དྲུག་མིང་།།
ཉིན་མོར་སྔ་གུང་ཕྱི་དྲོ་དང་།།
མཚན་མོར་ནམ་གུང་མཐོ་རེངས་སྲོད།།
བཅས་ཏེ་དུས་མཚམས་དྲུག་ལ་འོ།།
ཀླུ་སྒྲུབ་ཐོགས་མེད་འཕགས་པ་ལྷ།།
དབྱིག་གཉེན་ཕྱོགས་གླང་ཆོས་གྲགས་དྲུག །
རྒྱན་དྲུག་ཛ་ཏི་ཅུ་གང་གུར་།།
ལི་ཤི་སུག་སྨེལ་ཀ་ཀོ་ལར།།
བཟང་དྲུག་འཁོར་ལོ་ནོར་བུ་བློན།།
དམག་དཔོན་བཙུན་མོ་གླང་བོ་ཆེ།།
རྟ་མཆོག་རིན་ཆེན་སྣ་བདུན་མིང་།།
རྟ་རྣ་གཤོལ་འཛིན་རྙ་ཤིང་འཛིན།།
སེང་ལྡང་མུ་ཁྱུད་ལྟ་ན་སྡུག།
རྣམ་མདུད་ས་འཛིན་བདུན་ཞེས་བྱ།།
གཙུག་ཏོར་ཀུན་སྐྱོབ་འཁོར་བ་འཇིག།
རྣམ་གཟུགས་གསེར་ཐུབ་ཤཀྱ་ཐུབ།།
འོད་སྲུངས་ལ་ནི་ཐུབ་པ་བདུན།།
འོད་ཡངས་འོད་ཟེར་མཆོད་སྦྱིན་ཅན།།
གནས་འཇོག་ཉི་མ་ལྷ་མིན་འཇོམས།།
རྒྱུན་ཤེས་དྲང་སྲོང་བདུན་གྱི་མིང་།།
ཐིག་ལེ་ཅན་དང་མདོག་ལྔང་བ།།
ངེས་བརྗོད་ཡིད་མགྱོགས་རི་འཇོམས་རླུང་།།
ཤིན་ཏུ་རྒྱལ་མཚན་རྟ་བདུན་མིང་།།
གསེར་ཉ་བུམ་པ་བདྨ་དུང་།།
དཔའ་བེའུ་རྒྱལ་མཚན་འཁོར་ལོ་གདུགས།།
དེ་དག་བཀྲ་ཤིས་རྟགས་བརྒྱད་ཡིན།།
མཐའ་ཡས་འཇོག་པོ་སྟོབས་རྒྱུ་དང་།།
རིགས་ལྡན་ནོར་རྒྱུ་དུང་སྐྱོང་དང་།།
པདྨ་ཆུ་ལྷ་ཀླུ་ཆེན་བརྒྱད།།
བརྟན་པ་ཟླ་བ་ཆུ་དབང་རླུང་།།
འཛིན་བྱེད་ནམ་ལངས་འོད་བྱེད་མེ།།
ནོར་ལྷ་བརྒྱད་དེ་ཕྱག་ན་རྡོར།།
སྒྲིབ་པ་རྣམ་སེལ་སྤྱན་རས་གཟིགས།།
འཇམ་དབྱང་བྱམས་པ་མཁའི་སྙིང་བོ།།
ས་ཡི་སྙིང་བོ་སྲས་ཆེན་བརྒྱད།།
དབྱུ་མ་རྐྱང་མ་རོ་མ་དང་།།
མགྲིན་པའི་ལོངས་སྤྱོད་དཔྲལ་བ་བདེ།།
སྤྱ་བོ་བདེ་ཆེན་སྙིང་ག་ཆོས།།
གསང་གནས་བདེ་སྐྱོང་ལྟེ་བ་སྤྲུལ།།
གཉིས་ནས་འཁོར་ལོ་རྩ་དགུའི་མིང་།།
པདྨ་ཆེན་པོ་པདྨ་ཅན།།
ཆུ་སྲིན་རུས་སྦལ་རྔ་ཡབ་ཅན།།
དགའ་བ་སྔོན་པོ་དུང་རྣམས་ཅན།།
སྦྱིན་བྱེད་བཅས་ནི་གཏེར་དགུ་རྣ།།
སྣ་ཁུང་མིག་རྣ་གཉིས་གཉིས་བཤང་།།
མཆུ་སོ་ཁ་ལ་བུ་ག་དགུ།།
གཞན་གྱིས་མི་ཐུབ་གཤིན་རྗེ་གཤད།།
བདུད་རྩི་འཁྱིལ་བ་འདོད་པའི་རྒྱལ།།
རྟ་མགྲིན་གནོད་མཛེས་དབྱུག་སྔོན་ཅན།།
གཙུག་ཏོར་འཁོར་སྒྱུར་མི་གཡོ་བ།།
སྟོབས་པོ་ཆེ་རྣམས་ཁྲོ་བོ་བཅུ།།
དབང་བོ་ཚང་བ་ཡུལ་དབུས་སྐྱེས།།
ལས་མཐའ་མ་ལོག་གནད་ལ་དད།།
སངས་རྒྱས་བྱོན་དང་དམ་ཆོས་སྟོན།།
བསྟན་པ་གནས་པ་དེའི་རྗེས་ཞུགས།།
གཞན་ཕྱིར་སྙིང་བརྩེས་རྗེས་སུ་བཟུང་།།
མི་ཡིན་པ་ལ་འབྱོར་བ་བཅུ།།
གནས་དང་གནས་མིན་ལས་རྣམ་སྨིན།།
མོས་པ་ཁམས་ནི་སྣ་ཚོགས་པ།།
དབང་བོ་མཆོག་དང་མཆོག་མིན་པ།།
ཐམས་ཅད་འགྲོ་བའི་ལམ་དང་ནི།།
ཀུན་ནི་ཉོན་མོངས་རྣམ་པར་བྱང་།།
རྗེས་དྲན་འཆི་འཕོ་སྐྱེ་ཟག་ཟད།།
སྟོབས་བཅུ་ཉ་རུས་སྦལ་བ་ཕག།
མི་ཡི་སེང་གེ་མིའུ་ཐུང་དང་།།
དགའ་བྱེད་ར་མ་ན་ནག་པོ།།
ཤཀྱ་ཐུབ་པ་རིགས་ལྡན་དང་།།
ཀལ་ཀེའི་ཙེ་སྟེ་འཇུག་པ་བཅུ།།
ཕྱོགས་མཚམས་སྟེང་འོག་ཕྱོགས་བཅུའི་མཚན།།
མ་སྐྱེས་རྐང་གཅིག་འཕེལ་བསྟོད་དྲག །
འཕྲོག་བྱེད་བརྩོན་ལྡན་གཞན་ལས་རྒྱལ།།
དབང་ལྡན་བདེ་འབྱུང་སྤྱན་གསུམ་པ།།
ས་གསུམ་དྲག་ལྷ་བཅུ་གཅིག་མིང་།།
ཆར་འབེབས་བསྟོད་བྱེད་སྔོན་འཕགས་ལམ།།
སྔོན་མིན་མི་གཟུགས་ཁྱབ་འཇུག་དབང་།།
འོད་ཅན་འཆི་བདག་གཤིན་རྗེ་གཤད།།
ཉི་མའི་ཁྱིམ་གྱི་ལྷ་བཅུ་གཉིས།།
ལུག་གླང་འཁྲིག་པ་ཀརྐ་ཏ།།
སེང་གེའི་བུ་མོ་སྲང་གི་ཁྱིམ།།
ཆུ་སྲིན་བུམ་པ་ཉ་གཞིའི་ཁྱིམ།།
སྡིག་པའི་ཁྱིམ་སྟེ་ཁྱིམ་བཅུ་གཉིས།།
གྲངས་འདྲེན་རྣ་བའི་བདུད་རྩི་འདི།།
ཐམས་ཅད་ཁོ་བོས་ངེས་མིན་ཡང་།།
གཅིག་ནས་བཅུ་གཉིས་གཙོ་བོའི་གྲས།།
ཟིན་བྲིས་བཤུས་ཏེ་བཅད་མའི་ཚུལ།།
དཀར་པོ་ཤོག་ངོས་འཁོད་པ་འདི།།
བདེ་ལེགས་འགྲུབ་ལ་དགེ་བར་ཤོག །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།