བསླབ་བྱ་ཀུན་ཕན་རིལ་བུ།


མཉམ་བཞག་ནམ་མཁའ་སྟོང་བའི་ངང་།།
རྗེས་ཐོབ་གང་འཚམས་ཆོས་ཆར་འཇོ།།
མཁྱེན་བརྩེའི་ཡོན་ཏན་མཆོག་བརྙེས་པ།།
སྟོན་པ་ཤཱཀྱ་སེང་གེར་འདུད།།
 
ལག་ལེན་ཉམས་མྱོང་མེད་ན་ཡང་།།
དམ་པའི་གསུང་གི་རྗེས་འབྲང་སྟེ།།
རང་ཉིད་རང་ལ་སྐྱེངས་བཞིན་དུ།།
བསླབ་བྱར་གཏོགས་པའི་རྩོམ་ཞིག་བྲི།།
 
བླ་མའི་མཛད་པ་སྐྱོན་ཅན་དུ།།
མཐོང་བའི་རྣམ་རྟོག་ངན་བྱུང་ན།།
རང་གི་ལས་ཀྱིས་སྣང་ཚུལ་དུ།།
བསམ་ནས་ལེགས་ཚོགས་རྩ་བ་ཚུགས།།
 
བསྟེན་པའི་རྣམ་གྲངས་མང་ན་ཡང་།།
བཤེས་ལ་བསྟེན་ཚུལ་ཁྱད་འཕགས་དགོས།།
དྲུང་དུ་བསྡད་སོགས་དོན་མིན་པ།།
གླང་སྨྱོན་འདུལ་བའི་གཞུང་ན་གསལ།།
 
བསམ་སྦྱོར་ཟུང་གིས་བསྟེན་ཚུལ་གཉིས།།
ཡོད་ཀྱང་དང་པོ་གཙོ་བོ་སྟེ།།
བསྒོ་བའི་ངག་ལས་མི་འདའ་བ།།
མཆོག་དུ་སྐྱེས་བའི་རབས་ལས་གསུངས།།
 
དང་པོར་ཅལ་རྗེས་མི་འབྲང་པར།།
བཅུ་གཉིས་ལོ་རུ་བརྟག་ཆོག་གསུངས།
ཕྱིས་སུ་བསྟེན་ཚུལ་ལོག་གྱུར་ན།།
རྡོ་རྗེ་ཁབ་རྩེའི་དམྱལ་བར་སྐྱེ།།
 
མང་དུ་བཤད་ལྟ་ཅི་དགོས་ཏེ།།
བསྐལ་བ་སྟོང་གི་སངས་རྒྱས་རྣམས།།
བླ་མ་དག་ལ་བརྟེན་ནས་བྱུང་།།
གསུངས་པ་འདི་ནི་སྡོམ་ཚིག་ཡིན།།
 
མཆོག་དང་ཐུན་མོང་དངོས་གྲུབ་ཀྱི།།
རྩ་བ་གཅིག་བུ་དམ་ཚིག་སྡོམ།།
སྲོག་ལ་བབས་ཀྱང་མི་གཏོང་བ།།
དམ་པ་གོང་མའི་ཕྱག་བཞེས་ཡིན།།
 
རྔ་རྩིད་ཉག་མ་རེ་རེའི་ཕྱིར།།
སྲོག་གི་ལང་ཚོ་གཏོང་བྱེད་པའི།།
གངས་རིའི་གཡག་གི་སྙིང་སྟོབས་བཞིན།།
སྲུངས་ཞེས་རྒྱལ་བ་གཉིས་པས་གདམས།།
 
ཐུབ་པའི་དབང་བོས་བཅས་ཕྱིན་ཆད།།
དུས་ཀྱི་སྟེང་དུ་འགེལ་ལུགས་མེད།།
བཅས་དབང་བྱམས་འཇམ་ལ་མེད་ཅེས།།
བླ་མ་བསྟན་པའི་སྒྲོན་མེས་གསུངས།།
 
རང་གིས་སྡོམ་པ་བཏང་མ་ཟད།།
ད་དུང་ང་འདྲ་མང་ངོ་ཞེས།།
གྲྭ་བའི་སྡེ་ལ་ངན་བྲི་བ།།
ཉེས་པ་ལྷག་པར་ལྕི་བའི་ལས།།
 
འབྲས་བུ་ཤེར་ཕྱིན་མཆོག་འདོད་ན།།
ལམ་གྱི་ཤེར་ཕྱིན་ལས་བྱས་པའི།།
གཞུང་གི་ཤེར་ཕྱིན་ཐོས་བསམ་ལ།།
གུས་དང་རྟག་པའི་བརྩོན་འགྲུས་གལ།།
 
ལུང་མ་བསྟན་ལ་བརྩོན་པ་དེ།།
རྩོལ་ལས་བརྩོན་འགྲུས་མིན་པའི་མུར།།
གསུངས་ཕྱིར་བརྩོན་ས་མི་འཆུག་པ།།
དགོས་ཞེས་ཀུན་ལ་ཐལ་མོ་སྦྱོར།།
 
དོན་གྱི་སྙིང་བོ་མྱོང་བ་ལ།།
ཚིག་གི་གདོང་ལ་འདྲིས་དགོས་པ།།
རྒན་པོ་མི་འགྱེལ་ཐབས་ཀྱི་མཆོག།
མཁར་བའི་མགོ་ལ་བརྟེན་པ་བཞིན།།
 
གཞུང་ལ་ཅི་ཙམ་སྦྱངས་ན་ཡང་།།
བརྗེད་ངེས་ཆེ་དང་བློ་རྟུལ་དུ།།
འགྲོ་བར་སྣང་ན་གོལ་བའི་སར།།
སོང་བའི་རྟགས་སུ་ལམ་རིམ་གསུངས།།
 
མི་ཤེས་པ་འདི་སྦྱང་དགོས་པའི།།
རྒྱུ་མཚན་ཡིན་གྱི་སློབ་མི་དགོས།།
རྟགས་སུ་སྨྲ་བ་མི་འཐད་ཚུལ།།
ས་སྐྱ་གོང་མའི་གཞུང་ན་ཡོད།།
 
སྦྱངས་པའི་གཞུང་དོན་རང་གི་རྒྱུད།།
གདུལ་བའི་གྲོགས་སུ་མ་སོང་ན།།
རྡོ་སྟེང་ལོ་བརྒྱར་ཆུ་བླུག་བཞིན།།
དོན་མེད་ཆུ་ཡི་བསྟན་བཅོས་གསུངས།།
 
ཕྱི་མ་གང་ལ་མཚམས་སྦྱོར་བ།།
ལས་ཀྱི་བཀོད་པ་ཁོ་ནས་དབང་།།
ཡིན་ཕྱིར་བྱ་བ་གང་བརྩམ་ཡང་།།
ལས་འབྲས་དཔང་དུ་འཇོག་པ་གཅེས།།
 
ལས་འདི་མིག་གིས་མ་མཐོང་ཕྱིར།།
དེང་སང་མེད་པར་ལྟ་བ་མང་།།
ཆུ་བུར་མིག་གིས་མ་ཟིན་པ།།
ཡིན་ན་མེད་དུ་ག་ལ་བདེན།།
 
མཛངས་བླུན་དཔག་བསམ་འཁྲི་ཤིང་དང་།།
མར་བ་མི་ལའི་རྣམ་ཐར་སོགས།།
གཟིགས་དང་ལས་འབྲས་རྣམ་བཞག་ལ།།
ངེས་པ་མི་སྐྱེའི་གནས་མེད་དོ།།
 
འཛུམ་དང་དགོད་པའི་རྣམ་འགྱུར་གྱིས།།
དལ་འབྱོར་སྟོང་བར་འཛད་བྱེད་པ།།
སྡིག་པའི་གྲོགས་སུ་ཤེས་བྱ་སྟེ།།
རྭ་དང་མཆེ་བ་ཅན་མེད་དོ།།
 
རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས།།
སྡིག་པའི་གྲོགས་ལ་འཇིགས་པ་ལྟར།།
གླང་ཆེན་སྨྱོན་པར་མི་འཇིགས་ཞེས།།
མཛའ་བཤེས་ཀྱི་ནི་ཚོམས་ལས་གསུངས།།
 
གླང་སྨྱོན་ཤ་ཡི་ལུས་ཙམ་གཞིག།
གཞན་དེས་ཆོས་ཀྱི་ལུས་ཀྱང་གཞིག།
ངེས་པར་མནར་མེད་འཕེན་མིན་སོགས།།
རྒྱུ་མཚན་ཡིན་པར་ལམ་རིམ་བཞེད།།
 
རྨོངས་པའི་དད་པ་ཐ་ཤལ་དུ།།
དེང་སང་ཕལ་ཆེར་ཁ་འཆམས་ཡང་།།
རྟོག་པ་གསུམ་པའི་རྒྱུད་གཞུང་ལས།།
བླུན་དད་དངོས་གྲུབ་ཉེ་བར་བཞག།
 
ལམ་བར་རྙེད་པའི་རྡོ་བ་ལ།།
རྒྱུ་མཚན་མ་ཤེས་དད་མཆོད་མཐུས།།
སྐུ་རུ་གྲུབ་པའི་ལོ་རྒྱུས་སོགས།།
དངོས་ཡོད་འདི་ཡི་བདེན་དཔང་ཡིན།།
 
ཆོས་དེང་ཟུང་འབྲེལ་ཀུན་སྨྲ་ཡང་།།
དཔྱོད་པ་ཞིབ་མོས་རྣམ་བརྟགས་ན།།
དེང་གི་གསར་བཤད་ཕལ་མོ་ཆེ།།
ནང་བའི་བསྟན་ལ་གདེངས་པའི་མཚོན།།
 
ཕྱི་དང་ནང་བས་དབྱེ་བ་ཡི།།
གྲུབ་མཐའ་རྣམ་པ་གཉིས་མཆིས་མོད།།
བཀར་བཏགས་ཕྱག་རྒྱ་བཞི་ལྡན་པའི།།
བྱེ་མདོ་དབུ་སེམས་གྲུབ་མཐའི་ཏོག།
 
ཧ་ཅང་རྐང་བ་མང་གྱུར་ན།།
ཀློག་པའི་ངལ་བ་སུས་ཀྱང་འདོར།།
དེས་ན་རེ་ཞིག་མཇུག་བསྡུས་ཏེ།།
ལུས་སེམས་གཉིས་ཀྱིས་ངལ་ཞིག་གསོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསླབ་བྱ་ཀུན་ཕན་རིལ་བུ།

2013-04-18 མདའ་མེ་ལྕེ། ཀློག་གྲངས། མཆན ཡོད།


མཉམ་བཞག་ནམ་མཁའ་སྟོང་བའི་ངང་།།
རྗེས་ཐོབ་གང་འཚམས་ཆོས་ཆར་འཇོ།།
མཁྱེན་བརྩེའི་ཡོན་ཏན་མཆོག་བརྙེས་པ།།
སྟོན་པ་ཤཱཀྱ་སེང་གེར་འདུད།།
 
ལག་ལེན་ཉམས་མྱོང་མེད་ན་ཡང་།།
དམ་པའི་གསུང་གི་རྗེས་འབྲང་སྟེ།།
རང་ཉིད་རང་ལ་སྐྱེངས་བཞིན་དུ།།
བསླབ་བྱར་གཏོགས་པའི་རྩོམ་ཞིག་བྲི།།
 
བླ་མའི་མཛད་པ་སྐྱོན་ཅན་དུ།།
མཐོང་བའི་རྣམ་རྟོག་ངན་བྱུང་ན།།
རང་གི་ལས་ཀྱིས་སྣང་ཚུལ་དུ།།
བསམ་ནས་ལེགས་ཚོགས་རྩ་བ་ཚུགས།།
 
བསྟེན་པའི་རྣམ་གྲངས་མང་ན་ཡང་།།
བཤེས་ལ་བསྟེན་ཚུལ་ཁྱད་འཕགས་དགོས།།
དྲུང་དུ་བསྡད་སོགས་དོན་མིན་པ།།
གླང་སྨྱོན་འདུལ་བའི་གཞུང་ན་གསལ།།
 
བསམ་སྦྱོར་ཟུང་གིས་བསྟེན་ཚུལ་གཉིས།།
ཡོད་ཀྱང་དང་པོ་གཙོ་བོ་སྟེ།།
བསྒོ་བའི་ངག་ལས་མི་འདའ་བ།།
མཆོག་དུ་སྐྱེས་བའི་རབས་ལས་གསུངས།།
 
དང་པོར་ཅལ་རྗེས་མི་འབྲང་པར།།
བཅུ་གཉིས་ལོ་རུ་བརྟག་ཆོག་གསུངས།
ཕྱིས་སུ་བསྟེན་ཚུལ་ལོག་གྱུར་ན།།
རྡོ་རྗེ་ཁབ་རྩེའི་དམྱལ་བར་སྐྱེ།།
 
མང་དུ་བཤད་ལྟ་ཅི་དགོས་ཏེ།།
བསྐལ་བ་སྟོང་གི་སངས་རྒྱས་རྣམས།།
བླ་མ་དག་ལ་བརྟེན་ནས་བྱུང་།།
གསུངས་པ་འདི་ནི་སྡོམ་ཚིག་ཡིན།།
 
མཆོག་དང་ཐུན་མོང་དངོས་གྲུབ་ཀྱི།།
རྩ་བ་གཅིག་བུ་དམ་ཚིག་སྡོམ།།
སྲོག་ལ་བབས་ཀྱང་མི་གཏོང་བ།།
དམ་པ་གོང་མའི་ཕྱག་བཞེས་ཡིན།།
 
རྔ་རྩིད་ཉག་མ་རེ་རེའི་ཕྱིར།།
སྲོག་གི་ལང་ཚོ་གཏོང་བྱེད་པའི།།
གངས་རིའི་གཡག་གི་སྙིང་སྟོབས་བཞིན།།
སྲུངས་ཞེས་རྒྱལ་བ་གཉིས་པས་གདམས།།
 
ཐུབ་པའི་དབང་བོས་བཅས་ཕྱིན་ཆད།།
དུས་ཀྱི་སྟེང་དུ་འགེལ་ལུགས་མེད།།
བཅས་དབང་བྱམས་འཇམ་ལ་མེད་ཅེས།།
བླ་མ་བསྟན་པའི་སྒྲོན་མེས་གསུངས།།
 
རང་གིས་སྡོམ་པ་བཏང་མ་ཟད།།
ད་དུང་ང་འདྲ་མང་ངོ་ཞེས།།
གྲྭ་བའི་སྡེ་ལ་ངན་བྲི་བ།།
ཉེས་པ་ལྷག་པར་ལྕི་བའི་ལས།།
 
འབྲས་བུ་ཤེར་ཕྱིན་མཆོག་འདོད་ན།།
ལམ་གྱི་ཤེར་ཕྱིན་ལས་བྱས་པའི།།
གཞུང་གི་ཤེར་ཕྱིན་ཐོས་བསམ་ལ།།
གུས་དང་རྟག་པའི་བརྩོན་འགྲུས་གལ།།
 
ལུང་མ་བསྟན་ལ་བརྩོན་པ་དེ།།
རྩོལ་ལས་བརྩོན་འགྲུས་མིན་པའི་མུར།།
གསུངས་ཕྱིར་བརྩོན་ས་མི་འཆུག་པ།།
དགོས་ཞེས་ཀུན་ལ་ཐལ་མོ་སྦྱོར།།
 
དོན་གྱི་སྙིང་བོ་མྱོང་བ་ལ།།
ཚིག་གི་གདོང་ལ་འདྲིས་དགོས་པ།།
རྒན་པོ་མི་འགྱེལ་ཐབས་ཀྱི་མཆོག།
མཁར་བའི་མགོ་ལ་བརྟེན་པ་བཞིན།།
 
གཞུང་ལ་ཅི་ཙམ་སྦྱངས་ན་ཡང་།།
བརྗེད་ངེས་ཆེ་དང་བློ་རྟུལ་དུ།།
འགྲོ་བར་སྣང་ན་གོལ་བའི་སར།།
སོང་བའི་རྟགས་སུ་ལམ་རིམ་གསུངས།།
 
མི་ཤེས་པ་འདི་སྦྱང་དགོས་པའི།།
རྒྱུ་མཚན་ཡིན་གྱི་སློབ་མི་དགོས།།
རྟགས་སུ་སྨྲ་བ་མི་འཐད་ཚུལ།།
ས་སྐྱ་གོང་མའི་གཞུང་ན་ཡོད།།
 
སྦྱངས་པའི་གཞུང་དོན་རང་གི་རྒྱུད།།
གདུལ་བའི་གྲོགས་སུ་མ་སོང་ན།།
རྡོ་སྟེང་ལོ་བརྒྱར་ཆུ་བླུག་བཞིན།།
དོན་མེད་ཆུ་ཡི་བསྟན་བཅོས་གསུངས།།
 
ཕྱི་མ་གང་ལ་མཚམས་སྦྱོར་བ།།
ལས་ཀྱི་བཀོད་པ་ཁོ་ནས་དབང་།།
ཡིན་ཕྱིར་བྱ་བ་གང་བརྩམ་ཡང་།།
ལས་འབྲས་དཔང་དུ་འཇོག་པ་གཅེས།།
 
ལས་འདི་མིག་གིས་མ་མཐོང་ཕྱིར།།
དེང་སང་མེད་པར་ལྟ་བ་མང་།།
ཆུ་བུར་མིག་གིས་མ་ཟིན་པ།།
ཡིན་ན་མེད་དུ་ག་ལ་བདེན།།
 
མཛངས་བླུན་དཔག་བསམ་འཁྲི་ཤིང་དང་།།
མར་བ་མི་ལའི་རྣམ་ཐར་སོགས།།
གཟིགས་དང་ལས་འབྲས་རྣམ་བཞག་ལ།།
ངེས་པ་མི་སྐྱེའི་གནས་མེད་དོ།།
 
འཛུམ་དང་དགོད་པའི་རྣམ་འགྱུར་གྱིས།།
དལ་འབྱོར་སྟོང་བར་འཛད་བྱེད་པ།།
སྡིག་པའི་གྲོགས་སུ་ཤེས་བྱ་སྟེ།།
རྭ་དང་མཆེ་བ་ཅན་མེད་དོ།།
 
རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས།།
སྡིག་པའི་གྲོགས་ལ་འཇིགས་པ་ལྟར།།
གླང་ཆེན་སྨྱོན་པར་མི་འཇིགས་ཞེས།།
མཛའ་བཤེས་ཀྱི་ནི་ཚོམས་ལས་གསུངས།།
 
གླང་སྨྱོན་ཤ་ཡི་ལུས་ཙམ་གཞིག།
གཞན་དེས་ཆོས་ཀྱི་ལུས་ཀྱང་གཞིག།
ངེས་པར་མནར་མེད་འཕེན་མིན་སོགས།།
རྒྱུ་མཚན་ཡིན་པར་ལམ་རིམ་བཞེད།།
 
རྨོངས་པའི་དད་པ་ཐ་ཤལ་དུ།།
དེང་སང་ཕལ་ཆེར་ཁ་འཆམས་ཡང་།།
རྟོག་པ་གསུམ་པའི་རྒྱུད་གཞུང་ལས།།
བླུན་དད་དངོས་གྲུབ་ཉེ་བར་བཞག།
 
ལམ་བར་རྙེད་པའི་རྡོ་བ་ལ།།
རྒྱུ་མཚན་མ་ཤེས་དད་མཆོད་མཐུས།།
སྐུ་རུ་གྲུབ་པའི་ལོ་རྒྱུས་སོགས།།
དངོས་ཡོད་འདི་ཡི་བདེན་དཔང་ཡིན།།
 
ཆོས་དེང་ཟུང་འབྲེལ་ཀུན་སྨྲ་ཡང་།།
དཔྱོད་པ་ཞིབ་མོས་རྣམ་བརྟགས་ན།།
དེང་གི་གསར་བཤད་ཕལ་མོ་ཆེ།།
ནང་བའི་བསྟན་ལ་གདེངས་པའི་མཚོན།།
 
ཕྱི་དང་ནང་བས་དབྱེ་བ་ཡི།།
གྲུབ་མཐའ་རྣམ་པ་གཉིས་མཆིས་མོད།།
བཀར་བཏགས་ཕྱག་རྒྱ་བཞི་ལྡན་པའི།།
བྱེ་མདོ་དབུ་སེམས་གྲུབ་མཐའི་ཏོག།
 
ཧ་ཅང་རྐང་བ་མང་གྱུར་ན།།
ཀློག་པའི་ངལ་བ་སུས་ཀྱང་འདོར།།
དེས་ན་རེ་ཞིག་མཇུག་བསྡུས་ཏེ།།
ལུས་སེམས་གཉིས་ཀྱིས་ངལ་ཞིག་གསོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།