ཆ་འགྲིག་རེད།

རྡོ་རྗེ་བཀྲ་ཤིས།༼ནག་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-31


གླིང་བཞིར་དྲོད་ཁོལ་སྟེར་བའི་ཉི་མ་དང་།།
མཚན་མོའི་མུན་པ་འཇོམས་པའི་ཟླ་བ་གཉིས།།
མཐོན་པོའི་ཨ་སྔོན་དགུང་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་ཨ་སྔོན་སྟོང་པ་རེད།།

ཁྱིམ་གཞིས་སྐྱོང་བར་མཁས་པའི་ཨ་ཕ་དང་།།
ཁ་ཟས་དྲོན་མོ་འདྲེན་པའི་ཨ་མ་གཉིས།།
ཕ་ཁྱིམ་གྲུ་བཞིའི་ནང་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་ཁྱིམ་གཞིས་སྟོང་པ་རེད།།

ལྷོ་མོན་ཡུལ་ནས་ཕེབས་པའི་རྨ་བྱ་དང་།།
ཀོང་ཡུལ་མཐིལ་ནས་བྱོན་པའི་ནེ་ཙོ་གཉིས།།
ནགས་ཀློང་རྒྱ་ཚལ་དབུས་སུ་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་རྒྱ་ཚལ་སྟོང་པ་རེད།།

རྩལ་དྲུག་ལུས་ལ་འཛོམས་པའི་ཕོ་གསར་དང་།།
བྱང་སེམས་སྙིང་ནས་འཁྲུངས་པའི་མོ་གཞོན་གཉིས།།
བཞུགས་གྲལ་སྒོར་མོའི་དཀྱིལ་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་བཞུགས་གྲལ་སྟོང་པ་རེད།།

ལུས་སྟོབས་རི་ལ་འགྲན་པའི་ནོར་ནག་དང་།།    
གཤིས་རྒྱུད་བལ་ལས་འཇམ་པའི་གཡང་དཀར་གཉིས།།
མཐའ་ཡས་རྩྭ་ཐང་སྟེང་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་རྩྭ་ཐང་སྟོང་པ་རེད།།

ཤེས་རིག་མཁའ་ལྟར་ཡངས་པའི་བཤེས་གཉེན་དང་།།
བརྩོན་འགྲུས་གོ་ཆ་འཛིན་པའི་བློ་གསལ་གཉིས།།
སློབ་ཁང་གྲུ་བཞིའི་ནང་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་སློབ་ཁང་སྟོང་པ་རེད།།


རྫ་ཆུ་བསིལ་མ་འདྲ་བའི་བོད་སྐད་དང་།།    
སྦྲ་དཀར་རྩམ་པ་འདྲིབའི་བོད་ཡིག་གཉིས།།
ཆོས་ལྡན་ཁ་བའི་ལྗོངས་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་བོད་ཡུལ་སྟོང་པ་རེད།།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆ་འགྲིག་རེད།

2013-03-31 རྡོ་རྗེ་བཀྲ་ཤིས།༼ནག་ཆུ༽ ཀློག་གྲངས། མཆན ཡོད།


གླིང་བཞིར་དྲོད་ཁོལ་སྟེར་བའི་ཉི་མ་དང་།།
མཚན་མོའི་མུན་པ་འཇོམས་པའི་ཟླ་བ་གཉིས།།
མཐོན་པོའི་ཨ་སྔོན་དགུང་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་ཨ་སྔོན་སྟོང་པ་རེད།།

ཁྱིམ་གཞིས་སྐྱོང་བར་མཁས་པའི་ཨ་ཕ་དང་།།
ཁ་ཟས་དྲོན་མོ་འདྲེན་པའི་ཨ་མ་གཉིས།།
ཕ་ཁྱིམ་གྲུ་བཞིའི་ནང་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་ཁྱིམ་གཞིས་སྟོང་པ་རེད།།

ལྷོ་མོན་ཡུལ་ནས་ཕེབས་པའི་རྨ་བྱ་དང་།།
ཀོང་ཡུལ་མཐིལ་ནས་བྱོན་པའི་ནེ་ཙོ་གཉིས།།
ནགས་ཀློང་རྒྱ་ཚལ་དབུས་སུ་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་རྒྱ་ཚལ་སྟོང་པ་རེད།།

རྩལ་དྲུག་ལུས་ལ་འཛོམས་པའི་ཕོ་གསར་དང་།།
བྱང་སེམས་སྙིང་ནས་འཁྲུངས་པའི་མོ་གཞོན་གཉིས།།
བཞུགས་གྲལ་སྒོར་མོའི་དཀྱིལ་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་བཞུགས་གྲལ་སྟོང་པ་རེད།།

ལུས་སྟོབས་རི་ལ་འགྲན་པའི་ནོར་ནག་དང་།།    
གཤིས་རྒྱུད་བལ་ལས་འཇམ་པའི་གཡང་དཀར་གཉིས།།
མཐའ་ཡས་རྩྭ་ཐང་སྟེང་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་རྩྭ་ཐང་སྟོང་པ་རེད།།

ཤེས་རིག་མཁའ་ལྟར་ཡངས་པའི་བཤེས་གཉེན་དང་།།
བརྩོན་འགྲུས་གོ་ཆ་འཛིན་པའི་བློ་གསལ་གཉིས།།
སློབ་ཁང་གྲུ་བཞིའི་ནང་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་སློབ་ཁང་སྟོང་པ་རེད།།


རྫ་ཆུ་བསིལ་མ་འདྲ་བའི་བོད་སྐད་དང་།།    
སྦྲ་དཀར་རྩམ་པ་འདྲིབའི་བོད་ཡིག་གཉིས།།
ཆོས་ལྡན་ཁ་བའི་ལྗོངས་ན་ཆ་འགྲིག་རེད།།
ཁྱེད་གཉིས་མེད་ན་བོད་ཡུལ་སྟོང་པ་རེད།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།