མནའ་སྐྱེལ་སྲོལ།


བོད་པ་ངོ་མ་མིན་ན་དཀོན་མཆོག་གསུམ་པོ།།
བོད་སྐད་དག་མ་མིན་ན་ཡེ་ཤེས་ནོར་བུ།།
བོད་ལྭ་གྲལ་དག་མིན་ན་ཇོ་བོ་རིན་པོ་།།
ཆོས་ལ་དད་པ་མེད་ན་སེ་འབྲས་དགེ་གསུམ།།
 
རང་རིགས་ལ་རྒྱ་མེད་ན་ཆོས་སྐྱོང་སྲུང་མ།
དམ་ཚིག་གཙང་མ་མིན་ན་དཔལ་ལྡན་ལྷ་མོ།།
ཨ་རག་འཐུང་གི་ཡོད་ན་དཀར་པོ་དགེ་བ།།
ཐ་མག་འཐེན་གི་ཡོད་ན་ཡུལ་ལྷ་གཞི་བདག།
 
མགོ་སྐོར་གཏོང་གི་ཡོད་ན་ཆོས་སྐྱོང་སྲུང་མ།།
རྫུན་གཏམ་བཤད་ཀྱི་ཡོད་ན་ཨ་མ་བསད་ནོ།།
རྐུ་ཞིག་བྱེད་ཀྱི་ཡོད་ན་ཨ་ཕའི་ཤ་ཁྲག།།
བོད་མི་ནང་འཁྲུགས་བྱེད་ན་དགུང་གི་ཉི་མ།།
བོད་ཡིག་སློབ་རྒྱུ་མིན་ན་ས་ཁ་ས་ཐོག།།
མགོ་གཡོགས་མགོ་སྐོར་གཏོང་ན་བཀའ་འགྱུར་བསྟན་འགྱུར།།
ནང་རྐུ་འཕྲོག་བཅོམ་བྱེད་ན་དུམ་པ་བཅུ་གཉིས།།
མངོན་ལྐོག་རྒྱབ་མདུན་བྱེད་ན་དགོན་པ་གྲྭ་ཚང་།།
 
འགྱུར་མེད་གྲོགས་པོ་མིན་ན་འདི་ཕྱི་གཉིས་ཀ།།
སྐྱིད་ཀྱི་སྐྱིད་རོགས་མིན་ན་ཁྲག་ཞིག་འཐུང་ནོ།།
སྡུག་གི་སྡུག་རོགས་མིན་ན་ཤ་ཞིག་ཟོས་ནོ།།
མནའ་ཚིག་མནའ་ཡི་མནན་ཡོད་གཤིན་རྗེ་ཆོས་རྒྱལ།།
     ༢༠༡༣་༣་༡༦་ཉིན་རང་ཤག་ནས་གང་ཤར་བྲིས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མནའ་སྐྱེལ་སྲོལ།

2013-03-30 སོག་མདའ། ཀློག་གྲངས། མཆན ཡོད།


བོད་པ་ངོ་མ་མིན་ན་དཀོན་མཆོག་གསུམ་པོ།།
བོད་སྐད་དག་མ་མིན་ན་ཡེ་ཤེས་ནོར་བུ།།
བོད་ལྭ་གྲལ་དག་མིན་ན་ཇོ་བོ་རིན་པོ་།།
ཆོས་ལ་དད་པ་མེད་ན་སེ་འབྲས་དགེ་གསུམ།།
 
རང་རིགས་ལ་རྒྱ་མེད་ན་ཆོས་སྐྱོང་སྲུང་མ།
དམ་ཚིག་གཙང་མ་མིན་ན་དཔལ་ལྡན་ལྷ་མོ།།
ཨ་རག་འཐུང་གི་ཡོད་ན་དཀར་པོ་དགེ་བ།།
ཐ་མག་འཐེན་གི་ཡོད་ན་ཡུལ་ལྷ་གཞི་བདག།
 
མགོ་སྐོར་གཏོང་གི་ཡོད་ན་ཆོས་སྐྱོང་སྲུང་མ།།
རྫུན་གཏམ་བཤད་ཀྱི་ཡོད་ན་ཨ་མ་བསད་ནོ།།
རྐུ་ཞིག་བྱེད་ཀྱི་ཡོད་ན་ཨ་ཕའི་ཤ་ཁྲག།།
བོད་མི་ནང་འཁྲུགས་བྱེད་ན་དགུང་གི་ཉི་མ།།
བོད་ཡིག་སློབ་རྒྱུ་མིན་ན་ས་ཁ་ས་ཐོག།།
མགོ་གཡོགས་མགོ་སྐོར་གཏོང་ན་བཀའ་འགྱུར་བསྟན་འགྱུར།།
ནང་རྐུ་འཕྲོག་བཅོམ་བྱེད་ན་དུམ་པ་བཅུ་གཉིས།།
མངོན་ལྐོག་རྒྱབ་མདུན་བྱེད་ན་དགོན་པ་གྲྭ་ཚང་།།
 
འགྱུར་མེད་གྲོགས་པོ་མིན་ན་འདི་ཕྱི་གཉིས་ཀ།།
སྐྱིད་ཀྱི་སྐྱིད་རོགས་མིན་ན་ཁྲག་ཞིག་འཐུང་ནོ།།
སྡུག་གི་སྡུག་རོགས་མིན་ན་ཤ་ཞིག་ཟོས་ནོ།།
མནའ་ཚིག་མནའ་ཡི་མནན་ཡོད་གཤིན་རྗེ་ཆོས་རྒྱལ།།
     ༢༠༡༣་༣་༡༦་ཉིན་རང་ཤག་ནས་གང་ཤར་བྲིས།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།