ཆུང་ལོབས་དགའ་མ་དྲན་སྟངས་ཤིག

རྩེ་སྐྱེས་མེ་བྱ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-23

 

 

རྐང་འཐུང་གཡུ་ལོ་བཞད་པའི་སྐྱེད་ཚལ་ནས།།
དྲི་མཆོག་རོ་ལྡན་ཁམ་བུའི་ཟས་ཞིག་འཁྲུངས།།
ལྷོ་འཕུར་ཁྲུང་ཁྲུང་བསྟར་ཀའི་དུས་ཞིག་ལ།།
མདངས་ལྡན་ཁམ་བུའི་སིལ་དྲི་ཞེ་ལ་ལྷུང་།།
 
སྦྲ་ནག་སྒོ་དར་བསྐྱོད་པའི་དུས་ཞིག་ལ།།
ལྷོ་སྤྲིན་ནུབ་ལ་རྒྱུ་བའི་གཏམ་ཞིག་བྱུང་།།
བཞོ་ལུང་སྐེད་པར་དཔྱངས་བའི་སྐྱེས་མ་ཞིག།
རྨི་ལམ་དམར་བོ་ཞིག་གི་མདངས་ལ་འཐིམ།།
 
རྩྭ་ལྡུམ་མེ་ཏོག་ཡིད་ཀྱི་གྲོགས་སུ་བསྟེན།།
སྐར་མའི་འོད་ལ་མཐོང་བྱེད་མིག་གི་མདངས།།
ཁེར་ཚུགས་ཐུབ་པའི་ཟླ་བའི་མཚན་མོ་དེར།།
ཆུང་ལོབས་བརྩེ་གྲོགས་བུ་མོར་སྙིང་ཤ་འདྲིས།།
 
ཁ་བ་སེམས་ལ་འབབ་དུས་སྐྱིད་སྣང་ཟིག །
སྟོན་ལོ་ས་རུ་ལྷུང་དུས་དགའ་སྣང་ཞིག།
རྣམ་ཤེས་སྤང་ལ་འཁྱམས་པའི་ལོ་ཟླ་དེར།།
ང་དང་ཆུང་ལོབས་དགའ་མའི་འཇིག་རྟེན་ཞིག །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུང་ལོབས་དགའ་མ་དྲན་སྟངས་ཤིག

2013-10-23 རྩེ་སྐྱེས་མེ་བྱ། ཀློག་གྲངས། མཆན ཡོད།

 

 

རྐང་འཐུང་གཡུ་ལོ་བཞད་པའི་སྐྱེད་ཚལ་ནས།།
དྲི་མཆོག་རོ་ལྡན་ཁམ་བུའི་ཟས་ཞིག་འཁྲུངས།།
ལྷོ་འཕུར་ཁྲུང་ཁྲུང་བསྟར་ཀའི་དུས་ཞིག་ལ།།
མདངས་ལྡན་ཁམ་བུའི་སིལ་དྲི་ཞེ་ལ་ལྷུང་།།
 
སྦྲ་ནག་སྒོ་དར་བསྐྱོད་པའི་དུས་ཞིག་ལ།།
ལྷོ་སྤྲིན་ནུབ་ལ་རྒྱུ་བའི་གཏམ་ཞིག་བྱུང་།།
བཞོ་ལུང་སྐེད་པར་དཔྱངས་བའི་སྐྱེས་མ་ཞིག།
རྨི་ལམ་དམར་བོ་ཞིག་གི་མདངས་ལ་འཐིམ།།
 
རྩྭ་ལྡུམ་མེ་ཏོག་ཡིད་ཀྱི་གྲོགས་སུ་བསྟེན།།
སྐར་མའི་འོད་ལ་མཐོང་བྱེད་མིག་གི་མདངས།།
ཁེར་ཚུགས་ཐུབ་པའི་ཟླ་བའི་མཚན་མོ་དེར།།
ཆུང་ལོབས་བརྩེ་གྲོགས་བུ་མོར་སྙིང་ཤ་འདྲིས།།
 
ཁ་བ་སེམས་ལ་འབབ་དུས་སྐྱིད་སྣང་ཟིག །
སྟོན་ལོ་ས་རུ་ལྷུང་དུས་དགའ་སྣང་ཞིག།
རྣམ་ཤེས་སྤང་ལ་འཁྱམས་པའི་ལོ་ཟླ་དེར།།
ང་དང་ཆུང་ལོབས་དགའ་མའི་འཇིག་རྟེན་ཞིག །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།