གནམ་གང་ལ་དམར་སྤངས་པ།

དགེ་སྐྱེས་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-23

 

 

དེ་རིང་གི་གནམ་ལ་སྤྲིན་ནག་གི་གཤེད་མ་མེད་དེ།
དེ་རིང་གི་ས་ལ་བྱམས་སེམས་ཀྱི་དགེ་བ་འཛོམས་ཡོད།
དེ་རིང་ནི་བོད་ཟླ་བདུན་པའི་གནམ་གང་ཉིན་མོ་དེ།
དེ་རིང་ནི་ཉིན་བཟང་སྐར་བཟང་གི་དུས་བཟང་ཉིན་མོ་ཞིག

རོགས་ལོའི་རམ་འདེགས་དང་རང་ཉིད་ཀྱི་འདོད་མོས་འོག
དེ་རིང་ཁོ་བོས་དམར་ཁ་ལ་མི་ལེན་པའི་དམ་བཅའ་བཞག
ཞོགས་པ་དམར་མ་བཟས་ལ་ཉིན་དགུང་དེ་བས་མ་བཟས།
ཕྱི་དྲོ་ཡང་བརྗོད་མི་དགོས་པའི་དམ་བཅའི་ཚུལ་དུ་བཞག

རྟ་བདུན་བདག་པོས་ནུབ་རིའི་ཁ་ནས་འཕྲེང་སེམས་གཡོ་དུས།
རོགས་ལོས་ཤ་ཚལ་སྡེར་དགུ་བསྒྲིགས་ནས་ཟས་ལ་རོལ།
ཁོ་བོས་དཀར་ཟས་ཟ་བཞིན་རོགས་ལོའི་སྡེར་མར་བལྟས།
བལྟས་བལྟས་ཉིད་ལ་ཁོ་བོའི་ཁ་ཆུ་ལྕེ་འདབས་ནས་འཁོར་སོང་།

རོགས་ལོས་ཚུལ་དེ་ཉེས་དམིགས་ཀྱི་ལམ་དུ་ཡང་ཡང་བཤད་པས།
ཁོ་བོས་རོགས་ལོའི་ཚལ་སྡེར་ལ་མུ་མཐུད་མིག་གིས་མ་བལྟས།
རང་གི་དཀར་བཟས་ལའང་དགའ་སྣང་གི་དད་པ་མ་བཞག
སེམས་སུ་སང་ཉིན་དམར་བཟའ་རུང་བའི་སྤྲོ་བ་ཅིག་སྐྱེས་འོང་།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནམ་གང་ལ་དམར་སྤངས་པ།

2013-10-23 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།

 

 

དེ་རིང་གི་གནམ་ལ་སྤྲིན་ནག་གི་གཤེད་མ་མེད་དེ།
དེ་རིང་གི་ས་ལ་བྱམས་སེམས་ཀྱི་དགེ་བ་འཛོམས་ཡོད།
དེ་རིང་ནི་བོད་ཟླ་བདུན་པའི་གནམ་གང་ཉིན་མོ་དེ།
དེ་རིང་ནི་ཉིན་བཟང་སྐར་བཟང་གི་དུས་བཟང་ཉིན་མོ་ཞིག

རོགས་ལོའི་རམ་འདེགས་དང་རང་ཉིད་ཀྱི་འདོད་མོས་འོག
དེ་རིང་ཁོ་བོས་དམར་ཁ་ལ་མི་ལེན་པའི་དམ་བཅའ་བཞག
ཞོགས་པ་དམར་མ་བཟས་ལ་ཉིན་དགུང་དེ་བས་མ་བཟས།
ཕྱི་དྲོ་ཡང་བརྗོད་མི་དགོས་པའི་དམ་བཅའི་ཚུལ་དུ་བཞག

རྟ་བདུན་བདག་པོས་ནུབ་རིའི་ཁ་ནས་འཕྲེང་སེམས་གཡོ་དུས།
རོགས་ལོས་ཤ་ཚལ་སྡེར་དགུ་བསྒྲིགས་ནས་ཟས་ལ་རོལ།
ཁོ་བོས་དཀར་ཟས་ཟ་བཞིན་རོགས་ལོའི་སྡེར་མར་བལྟས།
བལྟས་བལྟས་ཉིད་ལ་ཁོ་བོའི་ཁ་ཆུ་ལྕེ་འདབས་ནས་འཁོར་སོང་།

རོགས་ལོས་ཚུལ་དེ་ཉེས་དམིགས་ཀྱི་ལམ་དུ་ཡང་ཡང་བཤད་པས།
ཁོ་བོས་རོགས་ལོའི་ཚལ་སྡེར་ལ་མུ་མཐུད་མིག་གིས་མ་བལྟས།
རང་གི་དཀར་བཟས་ལའང་དགའ་སྣང་གི་དད་པ་མ་བཞག
སེམས་སུ་སང་ཉིན་དམར་བཟའ་རུང་བའི་སྤྲོ་བ་ཅིག་སྐྱེས་འོང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།