སྔོན་བྱོན་དམ་པ་རྗེས་དྲནཤེལ་དཀར་ཕྲེང་བ།

བོད་པའི་འཇིགས་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-30

 

སྔོན་བྱོན་དམ་པ་ནམ་མཁའི་སྐར་ཚོགས་ཏེ།།
བྱེད་པོ་གང་གིས་བགྲང་བར་མི་ནུས་ཀྱང་།།
རྒྱུ་སྐར་བདག་པོའི་འོད་གསལ་ཁྱད་འཕགས་ཕྱིར།།
གངས་ཅན་བོད་མིའི་ཟླ་བ་སམ་བྷོ་ཊ།།
ཆོས་ལུགས་གྲུབ་མཐའ་ནགས་ཀྱི་ཚང་ཚིང་ན།།
མུ་སྟེགས་སྟག་མོའི་ང་རོ་ཆེས་འཇིགས་ཀྱང་།།
རྩོད་པའི་ལུས་སྟོབས་མ་ལུས་ཀུན་རྒྱས་པའི།།
ཚད་མས་སྟག་འཇོམས་ས་སྐྱ་པཎྜི་ཏ།།
འཇིག་རྟེན་འཁོར་བ་སྙིང་བོས་སྟོང་གྱུར་བ།།
ལེགས་པར་མཐོང་ནས་ངེས་འབྱུང་སེམས་བསྐྱེད་དེ།།
དབེན་པའི་གནས་སུ་དམ་པའི་ཆོས་བསྒྲུབས་ནས།།
མངོན་སུམ་སངས་རྒྱས་རྗེ་བཙུན་མི་ལ་རས།།
རྫོགས་ལྡན་དུས་ནས་འཇིག་རྟེན་ཆགས་རིམ་དང་།།
ཚེ་ལོ་བརྒྱ་ཡི་འགྲོ་མི་གྲོལ་ལུགས་སོགས།།
རྗེས་རབས་གངས་ཅན་བོད་མིའི་སྤྱན་ལམ་དུ།།
ཨ་དར་ཤ་བཞིན་འགྲེམ་སྤེལ་གཞོན་ནུ་དཔལ།།
སྐུ་ངལ་མེད་པར་རིག་པའི་གནས་ཀུན་མཁྱེན།།
རང་ལུགས་ཞྭ་སེར་སློབ་བུ་སྟོང་ཕྲག་བསྐྱངས།།
མདོ་དབུས་ཁམས་གསུམ་ཆོས་ཀྱིས་ཚིམ་བྱེད་པའི།།
ཤར་ཕྱོགས་སེམས་དཔའ་ཆེན་མོ་ཙོང་ཁ་བ།།
རིས་མེད་གྲུབ་མཐའ་མང་བོར་དཔྱིས་ཕྱིན་ཅིང་།།
སྒོས་སུ་ཆོས་སྲིད་བ་དན་དགུང་དུ་ཕྱར།།
འགྲོ་མི་ཡོངས་ལ་ཐུགས་ཁུར་ཆེས་གནང་བའི།།
ལྔ་བ་ཆེན་མོ་དགའ་ལྡན་ཁྲི་ན་འགྱིང་།།
སྐུ་ཚེ་གང་བོར་རྒྱལ་ཁམས་ཀུན་འགྲིམས་ཀྱང་།།
དགོས་པའི་རྒྱུ་ནོར་གསོག་ལ་མ་འབད་པར།།
གཞན་རིག་རྣམ་མང་ནང་དུ་དབོར་འདྲེན་མཁན།།
རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་ལགས།།
བོད་ཀྱི་དབྱངས་གསལ་རྔ་བཅད་རྔོག་རྡུམ་བྱེད།།
འདོད་ནས་རིག་གསར་དུག་མེ་མཆེད་སྐབས་སུ།།
བདུད་རྩིའི་ཐིགས་པ་རེ་རེས་རིག་གསར་མེ།།
གཞི་ནས་འཇིལ་བར་བྱེད་མཁན་རྗེ་དམུ་དགེ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྔོན་བྱོན་དམ་པ་རྗེས་དྲནཤེལ་དཀར་ཕྲེང་བ།

2013-09-30 བོད་པའི་འཇིགས་སྐྱབས། ཀློག་གྲངས། མཆན ཡོད།

 

སྔོན་བྱོན་དམ་པ་ནམ་མཁའི་སྐར་ཚོགས་ཏེ།།
བྱེད་པོ་གང་གིས་བགྲང་བར་མི་ནུས་ཀྱང་།།
རྒྱུ་སྐར་བདག་པོའི་འོད་གསལ་ཁྱད་འཕགས་ཕྱིར།།
གངས་ཅན་བོད་མིའི་ཟླ་བ་སམ་བྷོ་ཊ།།
ཆོས་ལུགས་གྲུབ་མཐའ་ནགས་ཀྱི་ཚང་ཚིང་ན།།
མུ་སྟེགས་སྟག་མོའི་ང་རོ་ཆེས་འཇིགས་ཀྱང་།།
རྩོད་པའི་ལུས་སྟོབས་མ་ལུས་ཀུན་རྒྱས་པའི།།
ཚད་མས་སྟག་འཇོམས་ས་སྐྱ་པཎྜི་ཏ།།
འཇིག་རྟེན་འཁོར་བ་སྙིང་བོས་སྟོང་གྱུར་བ།།
ལེགས་པར་མཐོང་ནས་ངེས་འབྱུང་སེམས་བསྐྱེད་དེ།།
དབེན་པའི་གནས་སུ་དམ་པའི་ཆོས་བསྒྲུབས་ནས།།
མངོན་སུམ་སངས་རྒྱས་རྗེ་བཙུན་མི་ལ་རས།།
རྫོགས་ལྡན་དུས་ནས་འཇིག་རྟེན་ཆགས་རིམ་དང་།།
ཚེ་ལོ་བརྒྱ་ཡི་འགྲོ་མི་གྲོལ་ལུགས་སོགས།།
རྗེས་རབས་གངས་ཅན་བོད་མིའི་སྤྱན་ལམ་དུ།།
ཨ་དར་ཤ་བཞིན་འགྲེམ་སྤེལ་གཞོན་ནུ་དཔལ།།
སྐུ་ངལ་མེད་པར་རིག་པའི་གནས་ཀུན་མཁྱེན།།
རང་ལུགས་ཞྭ་སེར་སློབ་བུ་སྟོང་ཕྲག་བསྐྱངས།།
མདོ་དབུས་ཁམས་གསུམ་ཆོས་ཀྱིས་ཚིམ་བྱེད་པའི།།
ཤར་ཕྱོགས་སེམས་དཔའ་ཆེན་མོ་ཙོང་ཁ་བ།།
རིས་མེད་གྲུབ་མཐའ་མང་བོར་དཔྱིས་ཕྱིན་ཅིང་།།
སྒོས་སུ་ཆོས་སྲིད་བ་དན་དགུང་དུ་ཕྱར།།
འགྲོ་མི་ཡོངས་ལ་ཐུགས་ཁུར་ཆེས་གནང་བའི།།
ལྔ་བ་ཆེན་མོ་དགའ་ལྡན་ཁྲི་ན་འགྱིང་།།
སྐུ་ཚེ་གང་བོར་རྒྱལ་ཁམས་ཀུན་འགྲིམས་ཀྱང་།།
དགོས་པའི་རྒྱུ་ནོར་གསོག་ལ་མ་འབད་པར།།
གཞན་རིག་རྣམ་མང་ནང་དུ་དབོར་འདྲེན་མཁན།།
རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་ལགས།།
བོད་ཀྱི་དབྱངས་གསལ་རྔ་བཅད་རྔོག་རྡུམ་བྱེད།།
འདོད་ནས་རིག་གསར་དུག་མེ་མཆེད་སྐབས་སུ།།
བདུད་རྩིའི་ཐིགས་པ་རེ་རེས་རིག་གསར་མེ།།
གཞི་ནས་འཇིལ་བར་བྱེད་མཁན་རྗེ་དམུ་དགེ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།