ཡ་ཆུང་སེམས་པའི་དྲན་ཤིང་།

སངས་རྒྱས་མཚོ།༼ཁྲིན་ཏུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-08-22

 

 

ཤར་ཕྱོགས་རི་བོའི་རྩེ་ནས།།
སྣང་བྱེད་ཉི་མའི་དཀྱིལ་འཁོར།།
དགོད་པའི་འཛུམ་གྱིས་ཕྱུག་ལ།།
བྱེའུ་ཆུང་ཅོ་ཀ་འཇོལ་མོས།།
སྙན་པའི་དྲུག་འགྱུར་སྒྲོག་བཞིན།།
མེ་ཏོག་སྣ་བརྒྱའི་དྲི་གསུང་།།
འཇམ་པོའི་རླུང་དང་སྡེབ་པའི།།
ན་ནིང་དབྱར་གཞུང་ཞིག་ལ།།
ཨ་མཐུན་བུ་ལོ་ངེད་གཉིས།།
བདེ་ཆེན་གྲོང་ནས་འཕྲད་བྱུང་།།
སྐྱིད་པའི་བདེ་ཆེན་གྲོང་ནས།།
སེམས་པ་སེམས་པར་སྦྲེལ་ཏེ།།
སྙིང་གཏམ་ཚིག་གསུམ་བཤད་ཅིང་།།
ཡིད་སེམས་གཅིག་ཏུ་འདྲེས་པའི།།
དྭངས་གཙང་བརྩེ་བའི་་བཞུར་རྒྱུན།།
ཡར་ཀླུང་གཙང་བོར་འདྲེས་སོང་།།
ལྷད་མེད་ཆུ་བོའི་གཞུང་ལ།།
མཛའ་མཐུན་ཉ་མོ་འཁོར་བྱུང་།།
བརྩེ་བ་ལྕགས་ཀྱུས་འདྲེན་མཁས།།
ཉ་པ་རྒད་པོ་སླེབས་བྱུང་།།
ཡར་ཀླུང་གཙང་ཆབ་སྔོན་མོས།།
དད་པའི་མཆོད་གསུམ་འཕངས་ཏེ།།
མི་འདོད་བར་ཆད་ལམ་སེལ།།
ཡར་ལྷ་ཤམ་པོར་བཅོལ་བཞིན།།
བརྩེ་བ་མི་འགྱུར་དམ་བཅའ།།
རྡོ་རྗེ་བྲག་ལ་བརྐོས་ཡོད།།
དུང་བ་ལྷད་མེད་ཡིན་པ།།
ཉི་ཟླ་གཉི་ཀས་དཔུང་བྱེད།།
རོགས་མཐུན་བུ་ལོ་ངེད་གཉིས།།
འགྲོ་ས་མི་གཅིག་ཁ་ཁ།།
འབབ་ས་རང་རང་སོ་སོ།།
རང་རང་སོ་སོའི་ལས་ལ།།
བྲེལ་བའི་བར་གསེང་ཁྲོད་ནས།‘
གཅིག་སེམས་གཅིག་གིས་སྦྲེལ་ཏེ།།
ཕན་ཚན་ཞེ་ཅིག་འཁོར་ནོ།།
ལོ་ཟླའི་ཆུ་བོའི་གཞུང་ནས།།
རུས་པའི་རྐང་ལ་ཟུག་སོང་།།
ལས་འཕྲོ་མེད་པའི་བྱམས་པ།།
དང་ཐོག་མ་རིག་རྒྱུ་ན།།
སེམས་པ་ཤོར་དོན་མི་འདུག།
རྗེས་ནས་མ་འདྲིས་རྒྱུ་ན།།
སེམས་གཅོང་ཡོང་དོན་མི་འདུག།
རྒྱང་ལ་བཞུད་པའི་ཁ་སང་དང་།།
སྤྲོ་བས་འཇུག་པའི་དེ་རིང་ལ།།
རྡོ་རྗེའི་བྲག་རི་མ་བརྟན་ཐལ།།
དམ་བཅའི་མདུད་པ་དམ་ལྷོད་ཤོར།།
ལག་ཟུང་འདབ་མ་སྙིང་བཀོད་དེ།།
དྲན་པའི་གཞུ་མོ་ནང་བཀུག་ཚེ།།
སྟོབས་འབྱོར་མངའ་ཐང་ཟེར་བ་འདི།།
མི་རྟག་ནམ་མཁའི་འཇའ་ཚོན་འདྲ།།
སེམས་དང་བསམ་པ་ཟེར་ནོ་འདི།།
མི་བརྟན་ལ་མགོའི་གྲུབ་མ་རེད།།
བརྩེ་བའི་བྲག་རི་ནུར་སོང་རུང་།།
རྡོ་རྗེའི་མདུད་པ་གྲོལ་སོང་རུང་།།
སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་ནས།།
སྐྱིད་སྡུག་འདྲེས་མས་འཚོ་དགོས་བགྱི།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡ་ཆུང་སེམས་པའི་དྲན་ཤིང་།

2013-08-22 སངས་རྒྱས་མཚོ།༼ཁྲིན་ཏུ༽ ཀློག་གྲངས། མཆན ཡོད།

 

 

ཤར་ཕྱོགས་རི་བོའི་རྩེ་ནས།།
སྣང་བྱེད་ཉི་མའི་དཀྱིལ་འཁོར།།
དགོད་པའི་འཛུམ་གྱིས་ཕྱུག་ལ།།
བྱེའུ་ཆུང་ཅོ་ཀ་འཇོལ་མོས།།
སྙན་པའི་དྲུག་འགྱུར་སྒྲོག་བཞིན།།
མེ་ཏོག་སྣ་བརྒྱའི་དྲི་གསུང་།།
འཇམ་པོའི་རླུང་དང་སྡེབ་པའི།།
ན་ནིང་དབྱར་གཞུང་ཞིག་ལ།།
ཨ་མཐུན་བུ་ལོ་ངེད་གཉིས།།
བདེ་ཆེན་གྲོང་ནས་འཕྲད་བྱུང་།།
སྐྱིད་པའི་བདེ་ཆེན་གྲོང་ནས།།
སེམས་པ་སེམས་པར་སྦྲེལ་ཏེ།།
སྙིང་གཏམ་ཚིག་གསུམ་བཤད་ཅིང་།།
ཡིད་སེམས་གཅིག་ཏུ་འདྲེས་པའི།།
དྭངས་གཙང་བརྩེ་བའི་་བཞུར་རྒྱུན།།
ཡར་ཀླུང་གཙང་བོར་འདྲེས་སོང་།།
ལྷད་མེད་ཆུ་བོའི་གཞུང་ལ།།
མཛའ་མཐུན་ཉ་མོ་འཁོར་བྱུང་།།
བརྩེ་བ་ལྕགས་ཀྱུས་འདྲེན་མཁས།།
ཉ་པ་རྒད་པོ་སླེབས་བྱུང་།།
ཡར་ཀླུང་གཙང་ཆབ་སྔོན་མོས།།
དད་པའི་མཆོད་གསུམ་འཕངས་ཏེ།།
མི་འདོད་བར་ཆད་ལམ་སེལ།།
ཡར་ལྷ་ཤམ་པོར་བཅོལ་བཞིན།།
བརྩེ་བ་མི་འགྱུར་དམ་བཅའ།།
རྡོ་རྗེ་བྲག་ལ་བརྐོས་ཡོད།།
དུང་བ་ལྷད་མེད་ཡིན་པ།།
ཉི་ཟླ་གཉི་ཀས་དཔུང་བྱེད།།
རོགས་མཐུན་བུ་ལོ་ངེད་གཉིས།།
འགྲོ་ས་མི་གཅིག་ཁ་ཁ།།
འབབ་ས་རང་རང་སོ་སོ།།
རང་རང་སོ་སོའི་ལས་ལ།།
བྲེལ་བའི་བར་གསེང་ཁྲོད་ནས།‘
གཅིག་སེམས་གཅིག་གིས་སྦྲེལ་ཏེ།།
ཕན་ཚན་ཞེ་ཅིག་འཁོར་ནོ།།
ལོ་ཟླའི་ཆུ་བོའི་གཞུང་ནས།།
རུས་པའི་རྐང་ལ་ཟུག་སོང་།།
ལས་འཕྲོ་མེད་པའི་བྱམས་པ།།
དང་ཐོག་མ་རིག་རྒྱུ་ན།།
སེམས་པ་ཤོར་དོན་མི་འདུག།
རྗེས་ནས་མ་འདྲིས་རྒྱུ་ན།།
སེམས་གཅོང་ཡོང་དོན་མི་འདུག།
རྒྱང་ལ་བཞུད་པའི་ཁ་སང་དང་།།
སྤྲོ་བས་འཇུག་པའི་དེ་རིང་ལ།།
རྡོ་རྗེའི་བྲག་རི་མ་བརྟན་ཐལ།།
དམ་བཅའི་མདུད་པ་དམ་ལྷོད་ཤོར།།
ལག་ཟུང་འདབ་མ་སྙིང་བཀོད་དེ།།
དྲན་པའི་གཞུ་མོ་ནང་བཀུག་ཚེ།།
སྟོབས་འབྱོར་མངའ་ཐང་ཟེར་བ་འདི།།
མི་རྟག་ནམ་མཁའི་འཇའ་ཚོན་འདྲ།།
སེམས་དང་བསམ་པ་ཟེར་ནོ་འདི།།
མི་བརྟན་ལ་མགོའི་གྲུབ་མ་རེད།།
བརྩེ་བའི་བྲག་རི་ནུར་སོང་རུང་།།
རྡོ་རྗེའི་མདུད་པ་གྲོལ་སོང་རུང་།།
སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་ནས།།
སྐྱིད་སྡུག་འདྲེས་མས་འཚོ་དགོས་བགྱི།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།