ཐོལ་བྱུང་སྙིང་ནས་འབར་བའི་ཚིག་དུམ་འགའ།


གློ་བུར་བའི་ཙག་རླུང་ཞིག་གིས།།
ནང་སེམས་འདི་འཁྱག་ལ་འབྱར་ཐལ།།
ལང་ཚོ་ཡི་སྟོབས་ཤུགས་ཟེར་བ།།
རླུང་ཁ་ན་འཇག་རྩྭའི་རང་བཞིན།།

ཨ་སྔོན་ལ་ལྟ་ཙམ་བྱས་རྗེས།།
ཕུགས་བསམ་གྱི་སྤྲིན་དཀར་མ་མཐོང་།།
མ་འོངས་པའི་རེ་བ་མོག་མོག །
མི་ཚོགས་ཀྱི་རྡུལ་དང་འདྲེས་སོང་།།

ཁོ་ཆད་དང་འདང་རྒྱག་བར་ནས།།
མི་ཚེ་འདིའི་རིན་ཐང་མ་ཚོར།།
འཚོ་གནས་དང་བདེན་དོན་ཟེར་བ།།
གནས་ལུགས་ཀྱི་ཕྲག་ལ་ཞོན་ཡོད།།

ཁེར་རྐྱང་གི་སྣ་གླུ་ལེན་ཞོར།།
རང་ཚུགས་ཀྱི་རྐྱང་བྲོ་འཁྲབ་མོད།།
ནང་སེམས་ཀྱི་སྲུབས་ཁ་ཞིག་ནས།།
བརྩེ་བ་ལ་རེ་བ་བཅངས་ཡོད།།

གནམ་རྒན་མར་ལེ་བདའ་མི་བྱེད།།
ས་དོག་མོར་འཁང་ར་མི་བྱེད།།
རང་ཉིད་ཀྱི་ཁང་མིག་ཆུང་ཆུང་།།
ལང་ཟུང་གི་རྩོལ་བར་བརྟེན་དགོས།།

སྐྱེ་ཚུལ་འདི་གནམ་གྱི་བཀོད་སྒྲིག །
གསོན་ཚུལ་འདི་རང་གི་ལག་རེད།།
ལས་དབང་གི་སྐྱབས་འཇུག་འོག་ནས།།
རང་ཉིད་ཀྱི་སྐྱོན་ཆ་མ་མཐོང་།།

ཁ་སང་གི་ལོ་རྒྱུས་གླེང་ཞོར།།
དེ་རིང་གི་གནས་བབས་བརྗེད་སོང་།།
འཚོ་གནས་ཀྱི་ཤེས་བྱའི་ཐད་ལ།།
རིག་གཞུང་གི་སྟོང་ཆ་ལྷག་ཡོད།།

ཁེར་རྐྱང་གི་རྨི་ལམ་རུམ་ནས།།
རྒྱང་རིང་ལ་གོམ་ཁ་གཏད་ཀྱང་།།
ལག་ཟུང་གི་སྙིམ་པའི་བར་ནས།།
སྐྱབས་གསུམ་ལ་རེ་བཞག་བཅོལ་ཡོད།།

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

                                                       

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་བྱུང་སྙིང་ནས་འབར་བའི་ཚིག་དུམ་འགའ།

2014-07-07 ཨ་རིག་ཇོ་སྐྱབས། ཀློག་གྲངས། མཆན ཡོད།


གློ་བུར་བའི་ཙག་རླུང་ཞིག་གིས།།
ནང་སེམས་འདི་འཁྱག་ལ་འབྱར་ཐལ།།
ལང་ཚོ་ཡི་སྟོབས་ཤུགས་ཟེར་བ།།
རླུང་ཁ་ན་འཇག་རྩྭའི་རང་བཞིན།།

ཨ་སྔོན་ལ་ལྟ་ཙམ་བྱས་རྗེས།།
ཕུགས་བསམ་གྱི་སྤྲིན་དཀར་མ་མཐོང་།།
མ་འོངས་པའི་རེ་བ་མོག་མོག །
མི་ཚོགས་ཀྱི་རྡུལ་དང་འདྲེས་སོང་།།

ཁོ་ཆད་དང་འདང་རྒྱག་བར་ནས།།
མི་ཚེ་འདིའི་རིན་ཐང་མ་ཚོར།།
འཚོ་གནས་དང་བདེན་དོན་ཟེར་བ།།
གནས་ལུགས་ཀྱི་ཕྲག་ལ་ཞོན་ཡོད།།

ཁེར་རྐྱང་གི་སྣ་གླུ་ལེན་ཞོར།།
རང་ཚུགས་ཀྱི་རྐྱང་བྲོ་འཁྲབ་མོད།།
ནང་སེམས་ཀྱི་སྲུབས་ཁ་ཞིག་ནས།།
བརྩེ་བ་ལ་རེ་བ་བཅངས་ཡོད།།

གནམ་རྒན་མར་ལེ་བདའ་མི་བྱེད།།
ས་དོག་མོར་འཁང་ར་མི་བྱེད།།
རང་ཉིད་ཀྱི་ཁང་མིག་ཆུང་ཆུང་།།
ལང་ཟུང་གི་རྩོལ་བར་བརྟེན་དགོས།།

སྐྱེ་ཚུལ་འདི་གནམ་གྱི་བཀོད་སྒྲིག །
གསོན་ཚུལ་འདི་རང་གི་ལག་རེད།།
ལས་དབང་གི་སྐྱབས་འཇུག་འོག་ནས།།
རང་ཉིད་ཀྱི་སྐྱོན་ཆ་མ་མཐོང་།།

ཁ་སང་གི་ལོ་རྒྱུས་གླེང་ཞོར།།
དེ་རིང་གི་གནས་བབས་བརྗེད་སོང་།།
འཚོ་གནས་ཀྱི་ཤེས་བྱའི་ཐད་ལ།།
རིག་གཞུང་གི་སྟོང་ཆ་ལྷག་ཡོད།།

ཁེར་རྐྱང་གི་རྨི་ལམ་རུམ་ནས།།
རྒྱང་རིང་ལ་གོམ་ཁ་གཏད་ཀྱང་།།
ལག་ཟུང་གི་སྙིམ་པའི་བར་ནས།།
སྐྱབས་གསུམ་ལ་རེ་བཞག་བཅོལ་ཡོད།།

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

                                                       

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།