ཀ་ཕྲེང་མི་རྟག་དྲན་གླུ།

ཀ་དག་གནས་ལུགས་མངོན་འགྱུར་དྲིན་ཅན་གྱི་བླ་མ།།
ཁ་ཙམ་མིན་པར་སྙིང་ནས་གསོལ་བ་ཞིག་འདེབས་སོ།།
ག་ན་ཡོད་རུང་ཐུགས་རྗེའི་སྐྱབས་འོག་ནས་མ་འདོར།།
ང་ལ་རེ་ས་སྐྱབས་གནས་ཁྱེད་ཉིད་ལས་མེད་དོ།།

ཅ་ཅོའི་ལོང་གཏམ་སྨྲ་བའི་དབུགས་འཕྲེང་དེ་ཆད་ནས།།
ཆ་རྒྱུས་མེད་པའི་ཕྱོགས་སུ་གཅིག་བུ་རང་འགྲོ་ཚེ།།
ཇ་དར་གོས་སོགས་ཡོད་ཀྱང་ཁྱེར་ས་ནི་མི་འདུག།
ཉ་རོ་བཞིན་དུ་དམྱལ་མེས་སྲེག་དུས་དེར་ཅི་དྲག།

ཏ་ཐཱ་ག་ཏའི་བསྟན་ལ་ཞུགས་ལོ་ཞིག་བྱས་ཀྱང་།།
ཐ་ཆད་ཆགས་སྡང་བློ་ངན་གོམས་པ་འདིའི་དབང་གིས།།
ད་བར་བྱས་ཚད་སྡིག་པ་ཁོ་ན་ལས་མི་འདུག།
ན་འཆི་རྐྱེན་ངན་བྱུང་དུས་བླ་མ་རང་མཁྱེན་ནོ།།

པ་ཏྲ་ལྟར་འཁྱུག་མི་ཚེའི་བགྲོད་ལམ་དེ་ཟད་ནས།།
ཕ་རོལ་ཕྱི་མར་སོང་བ་ཅི་འདྲ་ཞིག་མཐོང་ཡང་།།
བ་སྤུ་ཙམ་ཡང་མི་གཡོ་སོས་དལ་དུ་འདུག་པའི།།
མ་རབ་བདག་ལ་མི་འཆིའི་གདེང་ཚད་ཅིག་ཡོད་འདྲ།།

ཙ་གེ་ཙིག་གེའི་ཚེ་ལ་སྣོན་རྒྱུ་ནི་མེད་ལ།།
ཚ་གྲང་ནད་སོགས་འཆི་བའི་ཆ་རྐྱེན་ནི་མང་བར།།
ཛ་ཡའི་གསུང་དང་རང་གི་ཉམས་མྱོང་གིས་གྲུབ་མོད།།
ཝ་མོ་བཞིན་དུ་ཚེ་འདིའི་བྱ་བ་ལ་གཡེང་འདུག།

ཞ་མཐོང་འོན་ལོང་མ་ཡིན་དབང་བོ་ཀུན་ཚང་ལ།།
ཟ་མ་མ་ནིང་མ་ཡིན་སྡོམ་རྟེན་དུ་རུང་བ།།
འ་ཅག་རིན་ཆེན་ལས་ལྷག་དལ་རྟེན་འདི་རྙེད་དུས།།
ཡ་མཚན་ལྷ་ཆོས་མི་སྒྲུབ་སྨྱོན་པ་དང་མཚུངས་བྱུང་།།

རྭ་གདང་འཆི་བདག་གཤིན་རྗེའི་བང་ཆེན་དེ་འབྱོར་དུས།།
ལ་ལུང་རྒྱུད་ནས་བྲོས་ཀྱང་ཐར་ཐབས་ནི་མེད་པས།།
ཤ་ཁྲག་ལུས་འདི་དོར་ནས་འགྲོ་ཉིན་དེར་ཇི་དྲག།
ས་གསུམ་འགྲོ་བའི་རེ་སྐོང་བླ་མ་དེ་མཁྱེན་ནོ།།

ཧ་ལམ་མི་ཚེ་འདི་ཡི་ཕྱེད་ཀ་ནི་འགྲོ་ཚར།།
ཨ་རེ་ད་ནི་སྙིང་ནས་ལྷ་ཆོས་ཞིག་སྒྲུབ་པར།།
དྲིན་ཅན་རྩ་རྒྱུད་བླ་མའི་བྱིན་གྱིས་རང་རློབས་ཤིག།
ཉམ་ཆུང་བདག་ལ་རེ་ས་ཁྱེད་ཉིད་ལས་མེད་དོ།།

    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་ཕྲེང་མི་རྟག་དྲན་གླུ།

2014-05-21 སེར་ཤུལ་ལྷ་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།