དབྱངས་ཀྱིས་བསྙད་པ།

འཕགས་ཆེན།༼ཡུལ་ཤུལ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-05-14

ཉི་ཟེར་འཕྲོ་ལྡོག་ཙམ་གྱི་ཤག་ཆུང་ནས།།
རྣམ་རྟོག་དུག་ཁུ་བཞུར་བ་མི་ཚར་ཏེ།།
དགུན་ཆུ་གདོང་ལ་གཏོར་བའི་ན་ཟུག་གིས།།
ཀུན་རྟོག་བན་བུན་ཙམ་ལས་ཅི་ཞིག་ལྷག།
 
ཕྱི་རོལ་ཁ་བས་བཏུམས་པའི་ཉམས་སྣང་དང་།།
བར་ཁྱམས་གློག་གིས་རྒྱན་པའི་བཀྲག་མདོག་རྣམས།།
དེ་རིང་ཧར་གྱིས་ཡལ་བའི་ངང་ཚུལ་འདི།།
འཆི་བའི་ཕོ་ཉས་སྒུག་པ་ཨེ་ཡིན་ནམ།།
 
གཉེར་མའི་བ་གམ་བརྩེགས་པའི་མི་ཚེ་དང་།།
གཞས་ཆུང་ངག་ནས་གྱེར་བའི་ལོ་ཚོད་འདི།།
ཆགས་པའི་ཟུར་མིག་གཡོ་བའི་རྣམ་འགྱུར་དག།
ལུས་སེམས་རྒྱང་ལ་བཀྱེད་པའི་ཧེ་བག་ཙམ།།
 
བརྩེ་ཆང་འཐུང་བའི་འགྲམ་ཆུ་ལྡང་བ་འདིས།།
དབྱངས་འགྲོས་གསར་པའི་ངག་རིག་མི་འཇོ་ཡང་།།
རླུང་གི་ཆོ་འཕྲུལ་བཤམས་པའི་ཟླ་ངོགས་ན།།
གཡོ་ཞིང་སྐྱོམ་པའི་ཁོ་བོའི་གྲིབ་གཟུགས་ཡོད།།
 
ལོ་ཟླའི་དར་ཐག་འཐེན་པའི་འཇིག་རྟེན་ནས།།
འོད་ཟེར་གཏུབས་པའི་ཤེལ་གྱི་མེ་ལོང་བཞིན།།
སྣང་བ་དག་པའི་དབྱངས་ཀྱིས་བསྙད་པ་འདིས།།
དྲན་པའི་མཚོ་མོ་སྒུལ་བ་ད་རེས་ཙམ།།
 
རྨི་ལམ་བརྟགས་པའི་ཉེར་བསྡོགས་མ་བརྩམས་ཀྱང་།།
ལྷོད་ལ་བབས་པའི་ལུས་ཀྱི་ཤ་ཐང་ནི།།
རྫུ་བག་ཙམ་གྱི་འཕྲུལ་ཐབས་སྤྱད་པ་བཞིན།།
ཡུན་ལ་གནག་པའི་པྲ་ཆལ་འདི་ཀ་འོ།།
 
ཚོར་བའི་གདོང་ཁེབས་གྱོན་པའི་མི་མོ་ཞིག།
ཟངས་ཐལ་འདོད་པའི་ཆང་གིས་མྱོས་པ་བཞིན།།
སྲིད་པའི་སྒང་གཤོང་འགྲིམ་པའི་རྣམ་ཤེས་འདི།།
རླུང་དང་མཐུན་འཇུག་བྱེད་ལ་གློ་བ་དགའ།།
 
མིག་ལ་འཚེར་བའི་སྣང་བའི་གུར་ཁྱིམ་དུ།།
གྲིབ་འོད་འདྲེས་མའི་སྤྲིན་གྱི་རོལ་མོ་འདི།།
བདག་ལ་དབང་བའི་དབྱངས་ཀྱི་མཆོད་པ་བཞིན།།
ཕྱི་ནང་བསློགས་ནས་ལུས་སེམས་སྒུལ་བ་འོ།།
                                      2014.1.20ཉིན་བྲིས།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཀྱིས་བསྙད་པ།

2014-05-14 འཕགས་ཆེན།༼ཡུལ་ཤུལ༽ ཀློག་གྲངས། མཆན ཡོད།

ཉི་ཟེར་འཕྲོ་ལྡོག་ཙམ་གྱི་ཤག་ཆུང་ནས།།
རྣམ་རྟོག་དུག་ཁུ་བཞུར་བ་མི་ཚར་ཏེ།།
དགུན་ཆུ་གདོང་ལ་གཏོར་བའི་ན་ཟུག་གིས།།
ཀུན་རྟོག་བན་བུན་ཙམ་ལས་ཅི་ཞིག་ལྷག།
 
ཕྱི་རོལ་ཁ་བས་བཏུམས་པའི་ཉམས་སྣང་དང་།།
བར་ཁྱམས་གློག་གིས་རྒྱན་པའི་བཀྲག་མདོག་རྣམས།།
དེ་རིང་ཧར་གྱིས་ཡལ་བའི་ངང་ཚུལ་འདི།།
འཆི་བའི་ཕོ་ཉས་སྒུག་པ་ཨེ་ཡིན་ནམ།།
 
གཉེར་མའི་བ་གམ་བརྩེགས་པའི་མི་ཚེ་དང་།།
གཞས་ཆུང་ངག་ནས་གྱེར་བའི་ལོ་ཚོད་འདི།།
ཆགས་པའི་ཟུར་མིག་གཡོ་བའི་རྣམ་འགྱུར་དག།
ལུས་སེམས་རྒྱང་ལ་བཀྱེད་པའི་ཧེ་བག་ཙམ།།
 
བརྩེ་ཆང་འཐུང་བའི་འགྲམ་ཆུ་ལྡང་བ་འདིས།།
དབྱངས་འགྲོས་གསར་པའི་ངག་རིག་མི་འཇོ་ཡང་།།
རླུང་གི་ཆོ་འཕྲུལ་བཤམས་པའི་ཟླ་ངོགས་ན།།
གཡོ་ཞིང་སྐྱོམ་པའི་ཁོ་བོའི་གྲིབ་གཟུགས་ཡོད།།
 
ལོ་ཟླའི་དར་ཐག་འཐེན་པའི་འཇིག་རྟེན་ནས།།
འོད་ཟེར་གཏུབས་པའི་ཤེལ་གྱི་མེ་ལོང་བཞིན།།
སྣང་བ་དག་པའི་དབྱངས་ཀྱིས་བསྙད་པ་འདིས།།
དྲན་པའི་མཚོ་མོ་སྒུལ་བ་ད་རེས་ཙམ།།
 
རྨི་ལམ་བརྟགས་པའི་ཉེར་བསྡོགས་མ་བརྩམས་ཀྱང་།།
ལྷོད་ལ་བབས་པའི་ལུས་ཀྱི་ཤ་ཐང་ནི།།
རྫུ་བག་ཙམ་གྱི་འཕྲུལ་ཐབས་སྤྱད་པ་བཞིན།།
ཡུན་ལ་གནག་པའི་པྲ་ཆལ་འདི་ཀ་འོ།།
 
ཚོར་བའི་གདོང་ཁེབས་གྱོན་པའི་མི་མོ་ཞིག།
ཟངས་ཐལ་འདོད་པའི་ཆང་གིས་མྱོས་པ་བཞིན།།
སྲིད་པའི་སྒང་གཤོང་འགྲིམ་པའི་རྣམ་ཤེས་འདི།།
རླུང་དང་མཐུན་འཇུག་བྱེད་ལ་གློ་བ་དགའ།།
 
མིག་ལ་འཚེར་བའི་སྣང་བའི་གུར་ཁྱིམ་དུ།།
གྲིབ་འོད་འདྲེས་མའི་སྤྲིན་གྱི་རོལ་མོ་འདི།།
བདག་ལ་དབང་བའི་དབྱངས་ཀྱི་མཆོད་པ་བཞིན།།
ཕྱི་ནང་བསློགས་ནས་ལུས་སེམས་སྒུལ་བ་འོ།།
                                      2014.1.20ཉིན་བྲིས།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།