གོ་རིམ་འཁྲུགས་པའི་གླུ།

ཁ་བ་དགུན་ལ་མ་ཐོན།།
དབྱར་ཟླ་བརྒྱད་པར་ཐོན་པས།།
མེ་ཏོག་མགྲིན་པ་འཁྱོགས་ཏེ།།
གནམ་ལ་མིག་ཆུ་གཏོར་བྱུང་།།

རྟ་ཕོ་རྟིང་དཀར་ཞོན་ནས།།
རི་བསང་གཏོང་བར་ཆས་དུས།།
ཕ་བོང་སྐྱ་བོ་ཞིག་གིས།།
གཞི་བདག་ཁོ་ཡིན་ལབ་བྱུང་།།

ཕོ་རོག་ནག་ཆུང་ཞིག་གིས།།
ཤེར་ཕྱིན་འབུམ་པ་བཏོན་ནས།།
གླེགས་ཤིང་སེར་པོ་ཞིག་གི།
ཞལ་ངོ་དམར་པོ་བྱས་ཐལ།།

ཆུ་ལ་ཟམ་པ་ཡོད་དུས།།
ཐང་སྟོང་རྒྱལ་པོ་མི་ཤེས།།
ཟམ་པའི་ལྕགས་ཐག་ཆད་དུས།།
ཐང་སྟོང་རྒྱལ་པོ་ཤེས་བྱུང་།།

ལོ་དང་ཟླ་བ་ཉི་མས།།
དཔྲལ་བར་རི་མོ་བྲིས་བྱུང་།།
སེམས་ལ་རི་མོ་ནག་པོ།།
འབྲི་མཁན་དེས་ཀྱང་མི་ཚད།།

དབུ་སྙུང་རྒྱག་པའི་དུས་སུ།།
བྱི་འུ་ཀྱུར་ཀྱུར་གྲགས་ནས།།
ཨོ་རྒྱན་པད་ཞུའི་རྩེ་ལ།།
བྱིའུ་རྟུག་མང་པོ་བཏང་སོང་།།

མཁར་དེ་སེང་འབྲུག་སྟག་རྩེ།།
འཇིམ་སྐུ་སུམ་ཅུས་གང་འདུག།
ཨ་ཆེན་ཧོར་གྱི་གུར་དཀར།།
འཇིམ་སྐུས་གདུལ་རྒྱུ་ཨེ་རེད།།

བྲག་ལ་བཞེངས་བའི་བྱམས་སྐུ།།
གསེར་དང་དངུལ་གྱི་རིན་ཡིན།།
བྱ་ངན་འོལ་བ་ཞིག་གིས།།
བྱ་བྲུན་བཏང་ནས་བརྫད་འདུག།

དཔོན་པོ་གྲབ་རྒྱགས་ཅན་ཞིག།
ཆང་ཕོར་ནང་ལ་ལྕེབས་སོང་།།
དུར་སར་མ་སྦེད་སྔོན་ལ།།
རྩ་སྦུགས་འབུ་ཡིས་གང་སོང་།།

ཐོས་གྲོལ་དབུ་སྙེས་བྱས་ཏེ།།
སྔུར་བ་འཐེན་པའི་བླ་མས།།
ཚེ་འདས་ཆོས་མེད་ཅིག་གི།
རྣམ་ཤེས་ཐུབ་ཚོད་བཏང་བྱུང་།།
     ༢༠༡༤ ༧ ༢༢

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོ་རིམ་འཁྲུགས་པའི་གླུ།

2014-12-16 ཞོགས་རླུང་། ཀློག་གྲངས། མཆན ཡོད།

ཁ་བ་དགུན་ལ་མ་ཐོན།།
དབྱར་ཟླ་བརྒྱད་པར་ཐོན་པས།།
མེ་ཏོག་མགྲིན་པ་འཁྱོགས་ཏེ།།
གནམ་ལ་མིག་ཆུ་གཏོར་བྱུང་།།

རྟ་ཕོ་རྟིང་དཀར་ཞོན་ནས།།
རི་བསང་གཏོང་བར་ཆས་དུས།།
ཕ་བོང་སྐྱ་བོ་ཞིག་གིས།།
གཞི་བདག་ཁོ་ཡིན་ལབ་བྱུང་།།

ཕོ་རོག་ནག་ཆུང་ཞིག་གིས།།
ཤེར་ཕྱིན་འབུམ་པ་བཏོན་ནས།།
གླེགས་ཤིང་སེར་པོ་ཞིག་གི།
ཞལ་ངོ་དམར་པོ་བྱས་ཐལ།།

ཆུ་ལ་ཟམ་པ་ཡོད་དུས།།
ཐང་སྟོང་རྒྱལ་པོ་མི་ཤེས།།
ཟམ་པའི་ལྕགས་ཐག་ཆད་དུས།།
ཐང་སྟོང་རྒྱལ་པོ་ཤེས་བྱུང་།།

ལོ་དང་ཟླ་བ་ཉི་མས།།
དཔྲལ་བར་རི་མོ་བྲིས་བྱུང་།།
སེམས་ལ་རི་མོ་ནག་པོ།།
འབྲི་མཁན་དེས་ཀྱང་མི་ཚད།།

དབུ་སྙུང་རྒྱག་པའི་དུས་སུ།།
བྱི་འུ་ཀྱུར་ཀྱུར་གྲགས་ནས།།
ཨོ་རྒྱན་པད་ཞུའི་རྩེ་ལ།།
བྱིའུ་རྟུག་མང་པོ་བཏང་སོང་།།

མཁར་དེ་སེང་འབྲུག་སྟག་རྩེ།།
འཇིམ་སྐུ་སུམ་ཅུས་གང་འདུག།
ཨ་ཆེན་ཧོར་གྱི་གུར་དཀར།།
འཇིམ་སྐུས་གདུལ་རྒྱུ་ཨེ་རེད།།

བྲག་ལ་བཞེངས་བའི་བྱམས་སྐུ།།
གསེར་དང་དངུལ་གྱི་རིན་ཡིན།།
བྱ་ངན་འོལ་བ་ཞིག་གིས།།
བྱ་བྲུན་བཏང་ནས་བརྫད་འདུག།

དཔོན་པོ་གྲབ་རྒྱགས་ཅན་ཞིག།
ཆང་ཕོར་ནང་ལ་ལྕེབས་སོང་།།
དུར་སར་མ་སྦེད་སྔོན་ལ།།
རྩ་སྦུགས་འབུ་ཡིས་གང་སོང་།།

ཐོས་གྲོལ་དབུ་སྙེས་བྱས་ཏེ།།
སྔུར་བ་འཐེན་པའི་བླ་མས།།
ཚེ་འདས་ཆོས་མེད་ཅིག་གི།
རྣམ་ཤེས་ཐུབ་ཚོད་བཏང་བྱུང་།།
     ༢༠༡༤ ༧ ༢༢

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།