འཕྲེང་སེམས་ཀློང་གི་དྲང་གཏམ།

ཀ་ལི་སུམ་ཅུ་བློ་ན་ཡོད་ཀྱང་སུམ་རྟགས་དག་གསུམ་བློ་ནས་འཁྲུལ་བའི་བློ་ལྡན་ཚོགས་འདི་གླེན་པ་ཨང་། །
ཁ་ནས་རྒྱུན་དུ་འོ་དྲི་བྲོ་ཞིང་ཁོག་ན་རྒྱུ་མའི་སྐུད་པ་འཁེལ་བ་ད་ལྟའི་མི་ཡི་ཁྱད་ཆོས་ཏེ། །
ག་ས་གང་དུ་རྫུན་འཕྲོག་ཆོམ་རྐུན་མི་དགེ་ལུས་ལ་སྲིན་པོ་རྒྱུ་བའི་རྟུལ་ཞུགས་བཟུང་བའི་ཚོགས་པ་འདིས།།
ང་རྒྱལ་རི་བོའི་མགོ་བོ་འཁུར་ནས་གངས་ཅན་ལྗོངས་ཀྱི་ཡ་རབས་སྲོལ་བཟང་ལུགས་ཀྱི་རྒྱུན་མ་བཅད་འདི་སྐྱོ། །

ཅ་ཅོ་འདུ་འཛིའི་ཚོགས་ལ་སླེབས་ཚེ་ནོར་ཁྱུའི་ཁྲོད་ཀྱི་འབྲོང་ལྟར་རློམ་ནས་མ་ཡིན་ཡིན་མདོག་ཅི་དགར་ངོམ། །
ཆ་ལུགས་འཆོལ་བའི་ཆོས་མིན་ལུགས་མེད་ར་ལུག་བ་གླང་ཕག་གི་རྒྱུད་ལ་འདི་དང་འདི་ལྟའི་རྩིང་བའི་སྤྱོད། །
ཇ་ཆང་བདུད་རྩིའི་མངར་མོ་ཟོས་ཀྱི་འཛད་མེད་ལོངས་སྤྱོད་ཅི་ཙམ་སྦྱིན་ཡང་རོ་མའི་ལྟར་སྣང་བཅུད་མི་འཛིན། །
ཉ་མོ་ཟས་ཀྱིས་བསླུ་བ་ལྟ་བུའི་སེམས་སྙི་འདི་དག་སྣ་ཚོགས་ཉོ་འཚོང་ལས་ལ་འབད་འདི་ཡིད་རེ་མུག །

ཏབ་ཅིག་བསམ་ན་ད་ལྟའི་དུས་ལ་བོད་ཡིག་ཏག་ཏག་སྦྱངས་བ་ཙམ་གྱིས་དུས་རབས་རྗེས་སུ་ལུས་འགྲོ་སྙམ།།
ཐ་མེ་ཐོམ་མེ་ཐམས་ཅད་ཕྱོགས་གཅིག་མགོ་བོ་འཐོམས་ནས་སྐད་རིགས་སྣ་ཚོགས་སྦྱོང་བའི་ལས་ལ་ཤི་རེ་གསོན། །
ད་རག་བར་དུ་རང་རེའི་རིགས་ལ་ཞེན་མདངས་དཀར་ཞིང་རིག་པའི་གནས་ལ་བྱས་རྗེས་འཇོག་མཁས་མཁས་པ་དག །
ན་ཚོད་ལུས་ཀྱིས་སྟོབས་ཤུགས་འཕྲོག་ཀྱང་ཚེ་གཅིག་ལུས་གཅིག་རང་གི་སྐད་འདི་སྲོག་ཏུ་བཟུང་བ་ངོ་མཚར་ཆེ། །

པ་ཊུའི་ཁྲི་ལ་ཆེས་ཆེར་རྔམ་པའི་གཡོ་ཅན་འདི་ཚོ་གཅིག་ལས་གཅིག་འགྱོགས་མཐོ་རུ་འཛེགས་ཏེ་ཉམས་དགའ་མོད།།
ཕ་མཐའ་མེད་པའི་རྟེན་འབྱུང་འཁོར་བའི་སྡུག་གི་མཚོ་མོ་རླུང་གིས་གཡོས་བས་རླབས་ཀྱི་ངོགས་སུ་ཉམ་རེ་ཆུང་། །
བ་སྤུ་ལས་ཀྱང་ཕྲ་ཞིང་ཐུང་བའི་ཚེ་དང་སྲོག་གི་སྐུད་མའི་རྒྱུན་འདི་མི་རྟག་སྒྱུ་མའི་བསླུ་བྲིད་འོག །
མ་བསམ་ས་ནས་རང་གཞན་བརླག་ཅིང་ཅི་ཡང་མ་ཐོབ་སྲོག་གི་རྒྱུན་ཡང་ནད་བདག་གཤིན་པོས་ཕྲོགས་འདི་སྐྱོ། །

ཙ་ག་ཙིག་གེ་སྙིང་བོ་མེད་པའི་དོན་ཆུང་ལུས་ལ་ཤུ་རེ་འབད་པའི་ཤེས་མེད་རྗེས་ལུས་ཚོགས་པ་འདིས། །
ཚ་གྲང་ལུས་ལ་བཟོད་བསྲན་དཀའ་བའི་སྡུག་གི་འཁུར་བོ་ཕྲག་ཏུ་བཞེས་ཏེ་རྒྱུ་ནོར་དོན་ལ་འབད་པ་ལས། །
ཛ་ཡིས་གསུང་རབ་རྒྱ་མཚོར་བསྒྲན་པའི་ཤེས་རབ་མཛོད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་འཚོལ་བ་རིང་དུ་འདོར། །
ཝ་ལེར་བསམ་ན་འདི་དང་འདི་ལྟའི་བློ་ཆུང་ཐ་ཤལ་མང་དུ་དྲག་པས་རང་རེའི་མདུན་ལས་མོག་པོར་སྣང་།།
ཞྭ་སེར་ཅོད་པན་དབུ་ལ་རྒྱན་ཏེ་སྟོན་པའི་ན་བཟའ་ལུས་ལ་བསྣབས་པའི་དེང་གི་དགེ་ལྡན་གྲྭ་པ་ཚོས། །
ཟ་ཟི་འདུ་འཛིའི་གྲོང་ལ་ཉུལ་ནས་ཟ་སྦྱོར་ལྟོ་གོས་འབའ་ཞིག་བསམ་སྟེ་ཚུལ་མིན་ལུགས་མིན་སྣ་ཚོགས་བགྱིད། །
འ་འུར་ལུང་གི་མི་ཚོགས་ཁྲོད་ནས་རང་ཉིད་སྟོན་པའི་གདུལ་བྱར་སྨོས་ཏེ་མགོ་སྐོར་གཏམ་གྱི་ང་རོ་བསྒྲགས། །
ཡ་མ་ཟུང་གི་རྟུལ་ཞུགས་བཟུང་སྟེ་དགེ་མིན་ཆོས་མིན་ལུས་ལ་སྤྱོད་པས་སངས་རྒྱས་སྟོན་པའི་མཚན་ཉིད་བོར། །

ར་མིན་ལུག་མིན་ཡ་མ་ཟུང་གི་སྐད་རིགས་སྣ་ཚོགས་དེང་རབས་བོད་ཀྱི་ན་གཞོན་གསར་བའི་ལུས་ལ་ཞུགས། །
ལ་དང་ལུང་བའི་སྐད་ཀྱི་རྒྱུན་འདི་སྔར་བཞིན་སྐྱོང་བས་རང་ས་ཕྱོགས་འཁྱེར་མཁྲེགས་ཏུ་འཛིན་པའི་བསམ་བློ་དག །
ཤ་ཁྲག་གདོས་བཅོས་དལ་འབྱོར་འཛོམས་པའི་སྙིང་རྗེའི་བདག་པོ་གདོང་དམར་བོད་ཀྱི་ད་ལྟའི་སྲོལ་ལ་མི་མཚམས་པས། །
ས་ཆ་ཀུན་དུ་ཀུན་ཕན་ཀུན་བདེ་ཀུན་སྐྱིད་ཕྱིར་དུ་ན་གཞོན་ཀུན་གྱིས་ཐུན་མོང་སྤྱི་སྐད་སྦྱངས་ན་ལེགས། །

ཧ་ཅང་བློ་ཆུང་ཡོན་གྱི་ཆུ་ཚད་ཆུ་ཐིགས་ལས་ཉུང་མི་ཆུང་ཁོ་བོའི་ཁ་སྒོར་ཤོར་བའི་ཚིག་ཉུང་གཏམ། །
ཨ་ཅང་ཐལ་དྲགས་མི་ཆེན་འགའ་ཡི་མཚང་སྤྱོད་ལུས་ཀྱི་འབེན་ལ་ཕོག་པའི་ཚིག་གི་ཉག་ཕྲན་བདག་གིས་འཕངས། །
སྤྱིར་ན་སྤྱི་ཚོགས་ཞེས་པའི་ཡོལ་གོ་འདི་རུ་བདེན་དགེ་མཛེས་དང་རྫུན་སྡུག་དམེ་གསུམ་མེད་པ་མི་རུང་ཡང་། །
མདོར་ན་ཁོ་བོས་སྨྲས་པ་ལྷག་བསམ་དག་པའི་འཕྲེང་སེམས་ཀློང་གི་དྲང་བའི་གཏམ་ཡིན་དགོངས་སུ་གསོལ་སོ་ལོ། །

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཕྲེང་སེམས་ཀློང་གི་དྲང་གཏམ།

2015-02-26 སྙན་བུ་རང་དྲིལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།