ཉི་ཟླ་བཤུམས་པ།


སྲིད་པའི་རི་ཆེན་འགུལ་བའི་སྔངས་འདར་གྱིས།།
འོ་སྐོལ་རྨི་ལམ་མང་པོ་ཕྱོགས་སུ་གཏོར།།
ཁྱེད་ཉིད་ཟླ་བའི་པང་དུ་གཉིད་པའི་ཟོལ།།
ཆུ་མིག་བརྒྱ་སྟོང་མང་པོས་མཉམ་དུ་བཟློ།།

འཁོར་བའི་ཆོས་ཉིད་མིད་པའི་མི་ཚེའི་ལམ།།
སེམས་ལ་འཐིབས་པའི་ན་བུན་སྟུག་པོས་བཏུམས།།
བྱ་ཚོགས་གཉིད་དུ་ཡུར་བའི་མཚན་མོའི་ལྗོངས།།
གྲིབ་མས་གྲིབ་མ་འདེད་པའི་འུ་ཚོར་དབང་།།

ལས་སྐལ་ཨ་ལོང་སྦྲེལ་བའི་ལམ་གྱི་མདོར།།
སྣང་བ་དཀར་སེར་དམར་ལྗང་ལྷན་དུ་བཞུར།།
ཨུ་ཤུ་བྲག་ཅར་མཆེད་པའི་སྒྱུ་མའི་ཡུལ།།
སྤང་ལ་གད་པའི་མེ་ཏོག་སེར་པོས་འབྲི།།

དམིགས་པ་སྣ་ཚོགས་གཉེར་བའི་སྙུ་གུའི་ཁམས།།
ལོ་མ་མང་པོ་འཐོར་བའི་སྲང་དུ་ལྷུང་།།
སྙིང་ལ་མདུད་པའི་དབུ་མདའ་མི་ཟློག་པ།།
མི་ཟློག་ཡིག་འབྲུ་དཀར་པོས་ཡང་ཡང་འཁྱུག།

            2015 2 1

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཟླ་བཤུམས་པ།

2015-05-14 ཞོགས་འོད། ཀློག་གྲངས། མཆན ཡོད།


སྲིད་པའི་རི་ཆེན་འགུལ་བའི་སྔངས་འདར་གྱིས།།
འོ་སྐོལ་རྨི་ལམ་མང་པོ་ཕྱོགས་སུ་གཏོར།།
ཁྱེད་ཉིད་ཟླ་བའི་པང་དུ་གཉིད་པའི་ཟོལ།།
ཆུ་མིག་བརྒྱ་སྟོང་མང་པོས་མཉམ་དུ་བཟློ།།

འཁོར་བའི་ཆོས་ཉིད་མིད་པའི་མི་ཚེའི་ལམ།།
སེམས་ལ་འཐིབས་པའི་ན་བུན་སྟུག་པོས་བཏུམས།།
བྱ་ཚོགས་གཉིད་དུ་ཡུར་བའི་མཚན་མོའི་ལྗོངས།།
གྲིབ་མས་གྲིབ་མ་འདེད་པའི་འུ་ཚོར་དབང་།།

ལས་སྐལ་ཨ་ལོང་སྦྲེལ་བའི་ལམ་གྱི་མདོར།།
སྣང་བ་དཀར་སེར་དམར་ལྗང་ལྷན་དུ་བཞུར།།
ཨུ་ཤུ་བྲག་ཅར་མཆེད་པའི་སྒྱུ་མའི་ཡུལ།།
སྤང་ལ་གད་པའི་མེ་ཏོག་སེར་པོས་འབྲི།།

དམིགས་པ་སྣ་ཚོགས་གཉེར་བའི་སྙུ་གུའི་ཁམས།།
ལོ་མ་མང་པོ་འཐོར་བའི་སྲང་དུ་ལྷུང་།།
སྙིང་ལ་མདུད་པའི་དབུ་མདའ་མི་ཟློག་པ།།
མི་ཟློག་ཡིག་འབྲུ་དཀར་པོས་ཡང་ཡང་འཁྱུག།

            2015 2 1

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།