ལོ་ཟླ་ཞིག་དུར་ཐོག་ཏུ་བརྫངས་པ།༼ ཞར་བཀོད་གཉིས་ཡོད ༽

མུན་གྲོལ།༼ ཡུལ་ཤུལ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-05-16

DSCF2067.JPG

ཀྭ་ཡེ་ཚེ་ཟད་ལོ་ཟླ་རལ་བོ་མདང་དང་ད་ནངས་བར་ནས་བཞུད། །
བདག་ལ་སྐྱོ་བ་ཁམ་གང་བཏབ་ཅིང་དགའ་བ་ཡང་ནི་གྲངས་མེད་བསྐྱལ། །
མི་ཚེ་ཟེར་བའི་རྨི་ལམ་ཁྱུ་གཅིག་གཉིད་དང་སད་བཞིན་རྫོགས་མཐའ་ནས། །
ཁྱོད་ཀྱི་པང་ནས་གཞོན་ཤ་བོར་ཞིང་རྒས་པའི་གདོང་འབག་རྩུབ་པོར་མཐོང་། །

མིག་ཆུ་ཁུར་བའི་སྐར་མདའ་འགའ་ཞིག་ཡིད་མཁར་འདར་ཞིང་ལྷུང་པ་ན། །
སྡོང་པོ་འགྱེལ་བའི་ཚེ་སྲོག་ཁ་ཤས་སྲིད་ན་མཆི་མའི་རྦ་རླབས་འཁྲུགས། །
ལོ་ཟླ་ཤོར་བའི་ཤྭ་འོད་ཁྲོད་དུ་དུས་ཀྱི་མེ་སྟག་འབར་མྱོང་བའི། །
བཞི་གཅིག་བཞི་དང་བདུན་གཅིག་དྲུག་སོགས་ཤི་སྡུག་རབ་ཅིག་མྱོང་སོང་ངམ། །

གློ་བུར་ཉི་ནུབ་འདྲ་བའི་འགྲུལ་བཞུད་སྐད་ཅིག་མ་ཡི་དུས་ཚོད་ནང་། །
བདག་ཅག་ཕུང་པོ་གཅེས་པའི་མྱི་གཞོན་ཁ་ཅིག་བཅུ་ཕྲག་ཟུང་གི་ཐོག་ཏུ་སླེབས། །
ལོ་དང་ཟླ་བའི་འཕོ་འགྱུར་འདི་ལ་སུས་ཀྱང་ཚད་དང་ཚོད་མ་ཐུབ། །
མིག་ཟུང་བརྡབས་པའི་ཡུད་ཙམ་འགའ་ལ་ཕ་ཚེ་བུ་རབས་མང་ཞིག་འདའ། །

ད་ནི་དཔལ་འབྱོར་དང་ནི་ཚན་རྩལ་གཉིས་པོ་དུས་མཐའི་མེ་ལྕེ་འདྲ། །
སྒྱུ་འཕྲུལ་མེད་ན་དམ་ཚིག་མི་མཁོ་རྒྱུ་འབྲས་ཟེར་བ་རྫུན་དུ་གདའ། །
མུན་ནག་མཚམས་སུ་བླ་སྲོག་བཅད་རྗེས་སྙིང་ཆུང་ལྡིང་བའི་ཡིག་འབྲུ་འགའ། །
མི་ཚེའི་ལྟ་ཚུལ་རྡོ་ལ་བྲིས་པའི་དུས་ཚོད་ཤི་རོ་བདེ་མོར་གནང་། །

སྐྲ་ལོ་དག་ནི་སད་ཅིང་འཐོར་བས་ཉི་རྡུལ་མཉམ་དུ་མཁའ་མཐར་ཁྱབ། །
འོད་དང་དྭངས་མའི་མིག་ཤ་སྐམ་པོ་རུས་ཀོང་གཉིས་ཀྱི་དོང་ན་གབ། །
ཁ་དོག་མེད་པའི་རྣམ་ཤེས་འགག་ཅིང་འབྱུང་བཞིའི་བེམ་པོ་ཞིག་པ་ན། །
མཐའ་མཇུག་ང་ཚོའི་ཉིན་མ་བགྲངས་ནས་སོན་མོ་ཟད་ཅིང་ཟླུམ་པར་གྱུར། །
                  2015/1/1/ཟུར་མང་གི་གདན་ས་ནས་བྲིས།

               སྙན་ངག་པའི་ཡི་དམ་ཁྱོད་ཡིན་ནམ།

གློག་ཞགས་འཁྱུག་པའི་རྫ་ལུང་སྐེད་དུ་འབྲོང་གི་རྭ་ཅོས་རི་རབ་བརྩིགས། །
སྨུག་པས་བདས་པའི་ཡུ་མོ་ཁྱུ་གཅིག་པན་རྩྭའི་ནགས་སུ་མཆུ་དམར་གླན། །
སྲབ་མེད་མཁའ་ལ་གཡུ་རལ་འཕྱོ་བའི་གངས་ཀྱི་རྡོ་ཡི་སེང་གེ་ཁྱོད། །
ས་སྟེང་འདི་ནས་གང་དུ་ཕེབས་ཤིང་ད་ལྟ་གནམ་འོག་གང་དུ་བཞུགས། །

གཡག་རྒོད་འདེད་པའི་ས་མཐའི་འགྲུལ་པ་གཉིད་དང་རྨི་ལམ་འདྲེས་པའི་ཚེ། །
རྨིག་བཞི་བཏེགས་པའི་རྟ་མཆོག་ཅང་ཤེས་ནང་སོག་རྩྭ་ཐང་ཐོག་ཏུ་འཚེར། །
ཁ་འབབ་རྣམ་བཞིས་རི་ལུང་དཀྲོགས་ནས་ཁྲི་ཤོར་རྒྱལ་མོའི་སྙན་ངག་བྲིས། །
རྨ་ཀླུང་བྱེ་མའི་གཏམ་རྒྱུད་ནང་དུ་ཁྱོད་ཀྱིས་མེ་ཏོག་ཚོམ་བུ་བཀོད། །

དགུན་གྱི་ཆུ་མིག་ལྷགས་ཀས་སྐམ་དུས་ཁ་རླངས་ནང་ནས་སྦྲང་ཆར་འབབ། །
ཚྭ་བ་རོང་དུ་འབྲུ་དྲུག་སད་དུས་ཆང་གི་བདུད་རྩིས་རང་སེམས་མྱོས། །
དྲི་ཟའི་གྲོང་དུ་རྣམ་རྟོག་རྒྱས་ཤིང་སྲིད་པ་འགྲེལ་བའི་ནེ་ཙོ་སྟེ། །
གངས་ཀྱི་ཀ་བཞིའི་རྡོ་རིང་འགྲམ་དུ་ནམ་མཁའ་འདེགས་པའི་གྱེན་མི་ཡིན། །

བརྒྱད་ཅུ་ལོ་ནས་དབྱངས་གསལ་སྒོམ་པའི་སྐྲ་དཀར་ཅན་གྱི་བསེ་རུ་གཅིག །
འཁོར་བའི་བྲག་ཆར་རྣ་བར་གླན་ཏེ་གངས་དང་རྫ་རིའི་གནའ་གཏམ་མཉན། །
དུས་ཀྱི་མུན་པའི་དབའ་ཡི་སོ་ན་མི་གཞི་དང་ནི་མེ་ལྕེ་སྟེ། །
རིགས་ཀྱི་བདག་ལྟ་མ་རིག་པ་ཡིས་ཁྲག་གི་སྙིང་ཁམས་ལྡིང་བཞིན་ཡོད། །

སྙན་ངག་བརྩིགས་པའི་དཔེ་སྒྲོམ་ནང་དུ་ཁ་སྤུ་ཟིང་བའི་ཡིད་དམ་ཀྱེ། །
དགུ་ཚིགས་ཕ་མཐའི་ས་ཁྲ་ཞིག་ཏུ་སྤྱན་དང་སྐར་མ་མཉམ་པོར་གཟིམས། །
པེ་ཅིང་གྲོང་གི་འཇའ་ཚོན་རྡོ་བ་ལག་པས་འཇུས་པའི་བརྙན་པར་ནང་། །
ཁྲང་ཧན་རི་བོའི་རྒྱ་སྟག་མཐོང་བའི་མིག་ཤེལ་ནག་པོ་ད་དུང་གྱོན། །

རིགས་དྲུག་ཁམས་སུ་སྤྱང་ཀི་འབོད་པའི་གནའ་མཁར་གྲོང་ན་འདྲེ་བཞི་ཡོད། །
གངས་རྡུལ་མེད་པའི་སྨུག་རོང་ཞིག་ཏུ་མཐུན་པ་སྤུན་བཞིའམ་ཚེ་རིང་གཅིག །
རལ་པའི་གསེང་ནས་མེ་སྟག་འཚུབ་ཅིང་རྨེ་བ་བརྩེགས་པའི་ཁྲོས་བོའི་ཞལ། །
བདག་སྙིང་གོར་མོའི་དཀྱིལ་ནས་མཇལ་ཚེ་སྣང་སྲིད་ཡིད་ཀྱི་བརྟན་པ་འཕྲོག །

གཞོན་པའི་གཟེར་གྱིས་རྩོམ་རྒོད་འབྲི་བའི་སྐྱེས་རབས་པ་འགའ་བྱུང་མྱོང་མོད། །
ཅུང་ཙམ་སོན་ནས་གནོན་ཤུགས་འཕྲད་ཅིང་སྐྱེ་རྒའི་འགག་ལ་ཐུག་ཙ་ན། །
སྙན་ངག་བྲིས་ནས་འཆི་བར་ཕོད་པའི་ཡིད་དམ་རྒན་པོ་ཁྱོད་ལས་མེད། །
ལོ་རྒྱུད་མད་ཅིང་རིག་གནས་འགམས་པའི་སྐུ་ཞབས་ཁྱེད་ཉིད་དྲག་ཏུ་འབོད། །
                     2014/10/24/ཉིན་གཙོ་བོར་ལོ་རྒྱུས་དང་རིག་གནས་ཅན་གྱི་མི་སྣར་རྗེས་དྲན་ཙམ་དུ་ཕུལ།

              དབུས་མོ་ཞིག་གི་སྙིང་སྟོབས་དྲན་པ།

པོ་ཏ་ལ་ནི་རྒྱ་མཚོ་སྐམ་པས་གྱང་རྩྭ་ཞིག་གི་མཉམ་དུ་རྒས། །
ཉི་འོད་སྣུམ་པའི་རྒྱ་ཕིགས་རེ་གཉིས་མཚམས་སྤྲིན་ངོགས་ནས་འཁྱུད་འཁྱུད་གནང་། །
གནམ་ལ་བཏེགས་པའི་ཁ་བཏགས་ཤིག་དང་གཙུག་ལག་ཁང་གི་བསང་དུད་གཉིས། །
གནས་དེར་ཁྱོད་རང་སྒོམ་ཞིང་སྙོད་པའི་རྨི་ལམ་ཞིག་གི་སྔོན་འགྲོ་ཡིན། །

ལོ་མ་རེ་གཉིས་སྙིང་གོར་གཟུགས་ཀྱི་ཕལ་ཆེར་ཁྱེད་ཕྱོགས་བཞུར་བའི་ཚོད། །
སྟོན་མཇུག་འདི་ན་བདག་དང་རླུང་བུ་ཤིན་ཏུ་ངུ་སྙི་འདོད་སོང་ངམ། །
དྲན་སྣང་སྨུག་པ་སྨུག་པས་འདེད་ཅིང་རི་མགོའི་ཁ་བའི་མཉམ་དུ་བབས། །
དགུང་ཀར་གུག་པའི་གྲིབ་གཟུགས་ཁེར་རྐྱང་མེ་སྟག་ཅིག་གིས་ཁྱིམ་ན་བསད། །

བསླུ་བྲིད་མྱོང་ཞིང་བྱམས་བརྩེ་མྱོང་བའི་ཨ་མའི་གཤེད་མ་བུ་ཆུང་ཞིག །
རླབས་ཆེན་མ་ཡུམ་དྲན་གསོ་ཁང་དུ་མཆི་མའི་རྦབ་རྡོ་ཁོག་ཏུ་མིད། །
བྲན་གཡོག་གྱུར་པའི་སྤྱི་ཚོགས་འདི་ག་མིག་ཡོར་ཞིག་དང་མཚུངས་འདུག་གམ། །
རྒྱུ་འབྲས་དང་ནི་དྲང་བདེན་སྲུང་བའི་མི་གཤིས་རྩ་ནས་མེད་པ་ཨང་། །

དད་སེམས་དྲང་ཞིང་སྙིང་སྟོབས་བསྐྱོད་པའི་དབུས་ལམ་ཤིན་ཏུ་ཀྱག་ཀྱོག་ན། །
བྱང་སྤྱང་དམར་མོས་མཆེ་སྡེར་འོག་ཏུ་ཁྲག་གིས་སྦགས་པའི་མི་མོ་ཞིག །
དེ་རིང་སླར་ཡང་རྣམ་ཐར་མཇལ་ཞིང་ཆེས་སྙིང་གུས་པའི་བརྡ་རྟགས་སུ། །
སེམས་དང་གཙང་པོ་དྲག་ཏུ་ངར་ཞིང་གདོང་པའི་གཟེར་གྱིས་མྱ་ངན་བྲིས། །
                                2014/11/11 / 6:21 ཐོག་ནས་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ཞིག་དུར་ཐོག་ཏུ་བརྫངས་པ།༼ ཞར་བཀོད་གཉིས་ཡོད ༽

2015-05-16 མུན་གྲོལ།༼ ཡུལ་ཤུལ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།