ཕྱིའི་སྣང་བ་དང་ངའི་སྒྱུ་འཕྲུལ།

གཡུ་རྔོག་ལུང་རྟོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-30


             ༡
ཁང་མིག་དོག་མོ་འདི་ཡི་གྲུ་ཟུར་ན།།
གླེགས་བམ་སེར་བོ་དག་གིས་མགུར་ལེན་ཞིང་།།
"མི་རྟག'སྡུག་བསྔལ'འཁོར་བ"འི་ཡི་གེ་དག།
བདག་གི་སྙིང་གི་གེའུར་ཡང་ཡང་བསྐྱིལ།།
རྒྱབ་ཤ་ཟུར་གསུམ་ཅན་གྱི་དེབ་དག་གིས།།
སོ་སོས་ཚིག་གི་མདུད་པ་ལ་བཏབ་པའི།།
འོད་ཀྱི་ལྡེ་མིག་ཁོ་བོའི་ལག་ཏུ་གཏོད།།
གཤོག་པར་རྨི་ལམ་འཁྲིགས་པའི་ལོ་ཟླ་འདིར།།
རྟོག་བཏགས་སྒྱུ་འཕྲུལ་བཞེངས་པའི་མི་རུ་སྤྲུལ།།

              ༢
ཡིད་ཀྱི་མཁའ་རུ་སྨུག་རྒྱུའི་རི་མོ་ཡང་ཡང་འཕྱུར།།
རི་མོ་འདི་དག་གདོན་གྱིས་བཟུང་བ་ཡིན་ནམ་ཅི།།
ས་སྲོས་འདི་རུ་སླར་ཡང་རི་མོ་ཡང་ཡང་འཕྱུར།།
རི་མོ་འདི་ནི་བྱིས་བློས་བསླང་བ་ཡིན་ནམ་ཅི།།

             ༣
རྟ་ཕོའི་རྨིག་སྒྲ་རོལ་དབྱངས་ཤིག་གིི་ཟོལ་གྱིས་གྲགས།།
རྨིག་པའི་ངོས་སུ་རྩྭ་ཐང་ཆེན་མོའི་བློ་ཁོག་འཆར།།
སྐྱེས་པ་ཕོ་ཞིག་འཁོར་གསུམ་ཐོགས་པའི་གཟི་ཉམས་ལ།།
གནམ་ས་དག་གི་མིག་ནི་བྲིས་པའི་རི་མོ་ལྟར།།
ལ་གཞས་སྙན་མོ་རི་མོའི་ཞབས་ཀྱི་མཆན་ལ་ཐིམས།།
ཞབས་མཆན་དེ་དག་ལོ་ཟླའི་རྡུལ་གྱིས་འགོམས་པར་བྱེད།།
འབྲོག་ཁྱི་ཞིག་ཀྱང་སྦྲ་ཧྲལ་ནག་པོའི་འདབས་ཟུར་ན།།
ཞབས་མཆན་དེ་དག་སྲུང་བའི་ཚུལ་དུ་འགྱིང་དེ་འདུག།

                  ༢༠༡༥ལོའི་ཟླ༥པའི་ཚེས༣ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིའི་སྣང་བ་དང་ངའི་སྒྱུ་འཕྲུལ།

2015-09-30 གཡུ་རྔོག་ལུང་རྟོགས། ཀློག་གྲངས། མཆན ཡོད།


             ༡
ཁང་མིག་དོག་མོ་འདི་ཡི་གྲུ་ཟུར་ན།།
གླེགས་བམ་སེར་བོ་དག་གིས་མགུར་ལེན་ཞིང་།།
"མི་རྟག'སྡུག་བསྔལ'འཁོར་བ"འི་ཡི་གེ་དག།
བདག་གི་སྙིང་གི་གེའུར་ཡང་ཡང་བསྐྱིལ།།
རྒྱབ་ཤ་ཟུར་གསུམ་ཅན་གྱི་དེབ་དག་གིས།།
སོ་སོས་ཚིག་གི་མདུད་པ་ལ་བཏབ་པའི།།
འོད་ཀྱི་ལྡེ་མིག་ཁོ་བོའི་ལག་ཏུ་གཏོད།།
གཤོག་པར་རྨི་ལམ་འཁྲིགས་པའི་ལོ་ཟླ་འདིར།།
རྟོག་བཏགས་སྒྱུ་འཕྲུལ་བཞེངས་པའི་མི་རུ་སྤྲུལ།།

              ༢
ཡིད་ཀྱི་མཁའ་རུ་སྨུག་རྒྱུའི་རི་མོ་ཡང་ཡང་འཕྱུར།།
རི་མོ་འདི་དག་གདོན་གྱིས་བཟུང་བ་ཡིན་ནམ་ཅི།།
ས་སྲོས་འདི་རུ་སླར་ཡང་རི་མོ་ཡང་ཡང་འཕྱུར།།
རི་མོ་འདི་ནི་བྱིས་བློས་བསླང་བ་ཡིན་ནམ་ཅི།།

             ༣
རྟ་ཕོའི་རྨིག་སྒྲ་རོལ་དབྱངས་ཤིག་གིི་ཟོལ་གྱིས་གྲགས།།
རྨིག་པའི་ངོས་སུ་རྩྭ་ཐང་ཆེན་མོའི་བློ་ཁོག་འཆར།།
སྐྱེས་པ་ཕོ་ཞིག་འཁོར་གསུམ་ཐོགས་པའི་གཟི་ཉམས་ལ།།
གནམ་ས་དག་གི་མིག་ནི་བྲིས་པའི་རི་མོ་ལྟར།།
ལ་གཞས་སྙན་མོ་རི་མོའི་ཞབས་ཀྱི་མཆན་ལ་ཐིམས།།
ཞབས་མཆན་དེ་དག་ལོ་ཟླའི་རྡུལ་གྱིས་འགོམས་པར་བྱེད།།
འབྲོག་ཁྱི་ཞིག་ཀྱང་སྦྲ་ཧྲལ་ནག་པོའི་འདབས་ཟུར་ན།།
ཞབས་མཆན་དེ་དག་སྲུང་བའི་ཚུལ་དུ་འགྱིང་དེ་འདུག།

                  ༢༠༡༥ལོའི་ཟླ༥པའི་ཚེས༣ཉིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།