ཚོར་བ་དཀྲོལ་བའི་དབྱངས།༼ ཞར་བཀོད་གཅིག་ཡོད ༽


ཀྱེ་མ་བདག་གི་འདོད་ཁམས་ཚོར་བར། །
གནག་སྣུམ་རལ་བ་རྒྱབ་ཏུ་འཕྱང་ཞིང་། །
མཚར་སྒེག་འོ་ཟུང་རན་ཙམ་རྒྱས་པ། །
ཚིགས་དྲུག་སྨྱུག་ལྟར་སྐྱེས་གཟུགས་ཚང་བ། །
ཚངས་པའི་བུ་མོའི་དོ་ཟླར་བཟོད་པའི། །
གཞོན་ཤའི་ལང་ཚོར་མཛེས་སྡུག་གྲོལ་བའི། །
འཛུམ་པ་གནང་འདྲ་སྒེག་ཉམས་སྟོན་འདྲའི། །
མེ་ཏོག་ཅིག་ནི་བཞད་སྙམ་སྐྱེ་ཨང་། །
འདི་ནས་བསྣམས་ན་རྒྱང་ཐག་རིང་ཡང་། །
སྣ་ཚོགས་དྲི་ཡི་བསུང་ཞིམ་ཐིལ་ལེར། །
ཚོར་བ་ཚོར་བའི་ཁོང་གསེང་བརྟོལ་ཐོན། །
སྣང་བ་དེ་ཀོ་ཅི་ཞིག་རེད་དམ། །
མངོན་སུམ་རེད་དམ་འཁྲུལ་བ་རང་རེད། །
མཁའ་ཡི་འཇའ་དང་དེ་ཡི་མཛེས་པར། །
མཐོང་བས་ཟིན་ཀྱང་རེག་པ་མ་བྱུང་། །
དེ་དང་ཆ་འདྲར་མེ་ཏོག་འདི་ཡང་། །
ཆུ་བུར་ཡུལ་དུ་ཟིན་པ་ཁོ་ནས། །
ཐོབ་པ་ཨེ་ཡོད་ཐེ་ཚོམ་དོགས་བློས། །
ཀུན་ནས་མནན་ཞིང་འཚིར་བར་བྱེད་དོ། །
འཇིག་རྟེན་གྲོང་གི་སྣང་བ་ལ་ལ། །
གཡས་ནས་བལྟས་ན་གཡོན་དུ་གསེག་འདྲ། །
གཡོན་ནས་བལྟས་ན་གཡས་སུ་འཁྱོག་འདྲ། །
ཅི་ནས་བལྟས་ན་དྲང་བོར་མེད་འདྲ། །
ཉམས་སྣང་ཡིད་དུ་ཤོང་ཐབས་མེད་པ། །
དེ་ལྟ་དེ་ལྟའི་བག་ཆགས་གཤིས་ཀྱིས། །
འཚོ་བ་བཀླུབས་ཤིང་ཚོར་བ་བསྒྲིབས་པས། །
མིག་ལ་ལོངས་སྤྱོད་ཅི་ཡང་མ་ཆེ། །
ཆོས་ཉིད་འཚོ་བའི་ཟུར་གཞན་ལོས་ཡིན། །
སྣང་བའི་མཁའ་དང་ངོས་གཞན་དག་ན། །
འདོད་པའི་ཙོར་ལོ་ལྡེམ་ཞིང་འགུལ་བས། །
ཐ་སྙད་དག་གིས་རྐང་བྲོ་འཁྲབ་ཅིང་། །
ཚོར་བའི་གཤིས་ཀྱིས་ཚིག་གསུམ་ཐལ་སོང་། །
འཁོར་བའི་གྲོང་གི་རྨི་ལམ་ལྟ་བུའི། །
རྨི་ལམ་གཞུང་རྟའི་མེ་ཏོག་ལྟ་བུར། །
འདི་རང་འཁྲུངས་བློ་ཞེ་ལ་འཁོར་ཡོང་། །
ལས་དབང་རྒྱལ་མོའི་བཀའ་དང་ཐམ་ཀས། །
འདི་ལ་གཟིགས་སྙིང་སྙིང་བརྒྱ་དང་སྟོང་ཡོད།།
                       ༢༠༡༥ ༤ ༤

               རྨི་ལམ་བསེད་པ།

ལོ་ཟླ་ཕར་ཕར་ལ་བཞུད་འཕྲོར།།
རྨི་ལམ་ཚུར་ཚུར་དུ་གཅར་བྱུང་།།
དྲན་སྣང་སུ་གང་ལ་མ་འཁོར།།
ལས་སྣང་སུ་གང་གིས་མ་ཁྲིད།།
ཁྲེལ་གྱི་འཛུམ་བག་གི་དོ་ཤལ།།
སུ་ལ་བརྩེ་ནོམ་དུ་མ་བྱིན།།
ལོ་ཟླའི་ཕྲེང་སྐུད་དུ་བརྒྱུས་ཏེ།།
སྙིང་ལ་རིས་གཟུགས་སུ་གྲུབ་ཡོད།།
ཉི་མའི་ཚ་ཟེར་གྱི་སྦྱིན་པས།།
སྲིད་པའི་དུས་གསུམ་རང་བསྲོས་པ།།
ཟླ་བའི་བསིལ་ཟེར་གྱི་སྣང་བ།།
སྲིད་དུ་སྔར་བས་ནི་བྱིན་པ།།
གྲང་འཁྱགས་སྔར་ལྟར་དུ་སྙོམས་པ།།
འཇིག་རྟེན་དྲོས་ཉིན་དང་འཁྱགས་ཉིན།།
ཡིད་ལ་དགའ་སྡུག་རང་བྲིས་པས།།
ལོ་ཟླའི་སྒལ་ཚིགས་རང་ཆག་སོང་།།
ང་ཡི་འདུན་མ་དང་འདུན་མའི།།
ལང་ཚོར་གཞོན་ཤ་རང་དོད་པ།།
ཤོག་བུའི་འཇིག་རྟེན་གྱི་ཐང་དུ།།
ལས་འཕྲོ་ཚིག་ཏུ་རང་དཔར་བ།།
འཚོ་བའི་མེ་ལོང་གི་ངོས་དང་།།
ཡིད་ལ་ཐིག་ལེ་རུ་ཆགས་པའི།།
རྨི་ལམ་རྨི་སྟངས་དེ་ཡག་པ།།
སྐྱེ་ཕྲེང་ཀུན་ཏུ་རང་གསལ་ཤོག
            ༢༠༡༥ ༣ ༨ ཁྲང་ཨན་དུ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་བ་དཀྲོལ་བའི་དབྱངས།༼ ཞར་བཀོད་གཅིག་ཡོད ༽

2015-10-09 འཇོམས།༼ པེ་ཅིང ༽ ཀློག་གྲངས། མཆན ཡོད།


ཀྱེ་མ་བདག་གི་འདོད་ཁམས་ཚོར་བར། །
གནག་སྣུམ་རལ་བ་རྒྱབ་ཏུ་འཕྱང་ཞིང་། །
མཚར་སྒེག་འོ་ཟུང་རན་ཙམ་རྒྱས་པ། །
ཚིགས་དྲུག་སྨྱུག་ལྟར་སྐྱེས་གཟུགས་ཚང་བ། །
ཚངས་པའི་བུ་མོའི་དོ་ཟླར་བཟོད་པའི། །
གཞོན་ཤའི་ལང་ཚོར་མཛེས་སྡུག་གྲོལ་བའི། །
འཛུམ་པ་གནང་འདྲ་སྒེག་ཉམས་སྟོན་འདྲའི། །
མེ་ཏོག་ཅིག་ནི་བཞད་སྙམ་སྐྱེ་ཨང་། །
འདི་ནས་བསྣམས་ན་རྒྱང་ཐག་རིང་ཡང་། །
སྣ་ཚོགས་དྲི་ཡི་བསུང་ཞིམ་ཐིལ་ལེར། །
ཚོར་བ་ཚོར་བའི་ཁོང་གསེང་བརྟོལ་ཐོན། །
སྣང་བ་དེ་ཀོ་ཅི་ཞིག་རེད་དམ། །
མངོན་སུམ་རེད་དམ་འཁྲུལ་བ་རང་རེད། །
མཁའ་ཡི་འཇའ་དང་དེ་ཡི་མཛེས་པར། །
མཐོང་བས་ཟིན་ཀྱང་རེག་པ་མ་བྱུང་། །
དེ་དང་ཆ་འདྲར་མེ་ཏོག་འདི་ཡང་། །
ཆུ་བུར་ཡུལ་དུ་ཟིན་པ་ཁོ་ནས། །
ཐོབ་པ་ཨེ་ཡོད་ཐེ་ཚོམ་དོགས་བློས། །
ཀུན་ནས་མནན་ཞིང་འཚིར་བར་བྱེད་དོ། །
འཇིག་རྟེན་གྲོང་གི་སྣང་བ་ལ་ལ། །
གཡས་ནས་བལྟས་ན་གཡོན་དུ་གསེག་འདྲ། །
གཡོན་ནས་བལྟས་ན་གཡས་སུ་འཁྱོག་འདྲ། །
ཅི་ནས་བལྟས་ན་དྲང་བོར་མེད་འདྲ། །
ཉམས་སྣང་ཡིད་དུ་ཤོང་ཐབས་མེད་པ། །
དེ་ལྟ་དེ་ལྟའི་བག་ཆགས་གཤིས་ཀྱིས། །
འཚོ་བ་བཀླུབས་ཤིང་ཚོར་བ་བསྒྲིབས་པས། །
མིག་ལ་ལོངས་སྤྱོད་ཅི་ཡང་མ་ཆེ། །
ཆོས་ཉིད་འཚོ་བའི་ཟུར་གཞན་ལོས་ཡིན། །
སྣང་བའི་མཁའ་དང་ངོས་གཞན་དག་ན། །
འདོད་པའི་ཙོར་ལོ་ལྡེམ་ཞིང་འགུལ་བས། །
ཐ་སྙད་དག་གིས་རྐང་བྲོ་འཁྲབ་ཅིང་། །
ཚོར་བའི་གཤིས་ཀྱིས་ཚིག་གསུམ་ཐལ་སོང་། །
འཁོར་བའི་གྲོང་གི་རྨི་ལམ་ལྟ་བུའི། །
རྨི་ལམ་གཞུང་རྟའི་མེ་ཏོག་ལྟ་བུར། །
འདི་རང་འཁྲུངས་བློ་ཞེ་ལ་འཁོར་ཡོང་། །
ལས་དབང་རྒྱལ་མོའི་བཀའ་དང་ཐམ་ཀས། །
འདི་ལ་གཟིགས་སྙིང་སྙིང་བརྒྱ་དང་སྟོང་ཡོད།།
                       ༢༠༡༥ ༤ ༤

               རྨི་ལམ་བསེད་པ།

ལོ་ཟླ་ཕར་ཕར་ལ་བཞུད་འཕྲོར།།
རྨི་ལམ་ཚུར་ཚུར་དུ་གཅར་བྱུང་།།
དྲན་སྣང་སུ་གང་ལ་མ་འཁོར།།
ལས་སྣང་སུ་གང་གིས་མ་ཁྲིད།།
ཁྲེལ་གྱི་འཛུམ་བག་གི་དོ་ཤལ།།
སུ་ལ་བརྩེ་ནོམ་དུ་མ་བྱིན།།
ལོ་ཟླའི་ཕྲེང་སྐུད་དུ་བརྒྱུས་ཏེ།།
སྙིང་ལ་རིས་གཟུགས་སུ་གྲུབ་ཡོད།།
ཉི་མའི་ཚ་ཟེར་གྱི་སྦྱིན་པས།།
སྲིད་པའི་དུས་གསུམ་རང་བསྲོས་པ།།
ཟླ་བའི་བསིལ་ཟེར་གྱི་སྣང་བ།།
སྲིད་དུ་སྔར་བས་ནི་བྱིན་པ།།
གྲང་འཁྱགས་སྔར་ལྟར་དུ་སྙོམས་པ།།
འཇིག་རྟེན་དྲོས་ཉིན་དང་འཁྱགས་ཉིན།།
ཡིད་ལ་དགའ་སྡུག་རང་བྲིས་པས།།
ལོ་ཟླའི་སྒལ་ཚིགས་རང་ཆག་སོང་།།
ང་ཡི་འདུན་མ་དང་འདུན་མའི།།
ལང་ཚོར་གཞོན་ཤ་རང་དོད་པ།།
ཤོག་བུའི་འཇིག་རྟེན་གྱི་ཐང་དུ།།
ལས་འཕྲོ་ཚིག་ཏུ་རང་དཔར་བ།།
འཚོ་བའི་མེ་ལོང་གི་ངོས་དང་།།
ཡིད་ལ་ཐིག་ལེ་རུ་ཆགས་པའི།།
རྨི་ལམ་རྨི་སྟངས་དེ་ཡག་པ།།
སྐྱེ་ཕྲེང་ཀུན་ཏུ་རང་གསལ་ཤོག
            ༢༠༡༥ ༣ ༨ ཁྲང་ཨན་དུ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།