རྟེན་འབྱུང་བསྟོད་པ།

སྨྱུག་མདའ།༼ སེ་ར ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-16


འཁོར་བ་མཐའ་ཡས་རྒྱ་མཚོ་ལ།།
འཚོ་བའི་མུ་ཏིག་བརྒྱུས་ཏེ་འོང་།།
གང་ཞིག་གཟིགས་པའི་འཇིགས་པ་ཡིས།།
བདེན་པ་གཉིས་ཀྱི་སྲོག་ཤིང་བཙུགས།།

རྒྱུ་འབྲས་རྟེན་འབྲེལ་ལེན་པ་ན།།
དེ་ལ་རང་བཞིན་སྟོང་ཞེས་གསུངས།།
ཤེར་རབ་གཏུམ་པོའི་རྩལ་དེ་ལ།།
མི་འགལ་བདག་ལྟ་བདེ་བདེ་འོ།།

ཚིག་གི་མགར་ཁང་ཕྱེས་གྱུར་ན།།
བདག་ཉིད་བཀྲི་བའི་སྒོ་དེ་ཉིད།།
ཁྱེད་ཀྱི་ལུང་བ་ཟབ་མོ་འདིར།།
ལུས་སེམས་གསོ་བའི་འགྲིམ་པ་བཀྱགས།།

ལོ་མ་སྐམ་པོའི་ཚལ་དེ་ཡང་།།
ཆ་ཤས་རེ་ཡིས་བརླན་བྱས་སོ།།
མེ་འབར་ནད་ཀྱིས་ཟོས་གྱུར་ན།།
ཚུལ་འདི་མཐོང་ལ་ཨེ་མ་ཧོ།།

གུས་ལུགས་རྙིད་པོའི་གྲོང་མཐའ་ནས།།
གསེར་ཡིག་དྲིན་པོའི་ལམ་དེ་སྐལ།།
ཚད་ཐིག་སྐོར་ཞིག་བླངས་གྱུར་ན།།
རས་རྐྱང་མདའ་གྲི་ཁོག་སྟོང་ངོ་།།

སྐྱེ་འཆིའི་སྙོམ་ཐིག་འདྲེས་ཏེ་ཕེབས།།
ཟླ་བ་ཡར་གྱིས་མུན་པ་བཀྲུས།།
ཨ་གར་དྲི་མཆོག་འཐུལ་གྱུར་ཞིང་།།
དབྱིངས་ཀྱི་མཚམས་ནས་དེ་སྐད་བྲིས།།

མདང་ནུབ་མཇལ་བའི་རྨི་ལམ་ནང་།།
ཡིད་ཀྱི་རྒྱུད་སྐུད་ལྷོད་དུ་ཆས།།
དམིགས་པ་གཏོད་པའི་དཀོན་མཆོག་ཅིག།
ཁྱེད་ཅེས་འབོད་པར་མ་སྤྲོ་ལགས།།

བདག་ཉིད་བདག་གི་མགོན་དེ་ཞེས།།
བསམ་པའི་ནུས་པ་སྤྲོ་བ་འཕེལ།།
མཐའ་མྱེད་དབྱིངས་ཀྱི་རིག་པ་ལ།།
ནམ་ཞིག་གང་གིས་རྙེད་པར་མཆིས།།

ཚུལ་འཆོས་ཤམ་བུའི་ངོ་གདོང་ན།།
ཡི་གེ་དག་ཀྱང་མུན་པ་ཟུག།
ནན་ཏན་སྙིང་པོར་བསྐུལ་བ་ཡིས།།
ཁ་གཏམ་མགྲིན་པ་འགྲིག་ཙམ་གདའ།།

       ༢༠༡༤•༦•༡༢ ལ་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟེན་འབྱུང་བསྟོད་པ།

2015-10-16 སྨྱུག་མདའ།༼ སེ་ར ༽ ཀློག་གྲངས། མཆན ཡོད།


འཁོར་བ་མཐའ་ཡས་རྒྱ་མཚོ་ལ།།
འཚོ་བའི་མུ་ཏིག་བརྒྱུས་ཏེ་འོང་།།
གང་ཞིག་གཟིགས་པའི་འཇིགས་པ་ཡིས།།
བདེན་པ་གཉིས་ཀྱི་སྲོག་ཤིང་བཙུགས།།

རྒྱུ་འབྲས་རྟེན་འབྲེལ་ལེན་པ་ན།།
དེ་ལ་རང་བཞིན་སྟོང་ཞེས་གསུངས།།
ཤེར་རབ་གཏུམ་པོའི་རྩལ་དེ་ལ།།
མི་འགལ་བདག་ལྟ་བདེ་བདེ་འོ།།

ཚིག་གི་མགར་ཁང་ཕྱེས་གྱུར་ན།།
བདག་ཉིད་བཀྲི་བའི་སྒོ་དེ་ཉིད།།
ཁྱེད་ཀྱི་ལུང་བ་ཟབ་མོ་འདིར།།
ལུས་སེམས་གསོ་བའི་འགྲིམ་པ་བཀྱགས།།

ལོ་མ་སྐམ་པོའི་ཚལ་དེ་ཡང་།།
ཆ་ཤས་རེ་ཡིས་བརླན་བྱས་སོ།།
མེ་འབར་ནད་ཀྱིས་ཟོས་གྱུར་ན།།
ཚུལ་འདི་མཐོང་ལ་ཨེ་མ་ཧོ།།

གུས་ལུགས་རྙིད་པོའི་གྲོང་མཐའ་ནས།།
གསེར་ཡིག་དྲིན་པོའི་ལམ་དེ་སྐལ།།
ཚད་ཐིག་སྐོར་ཞིག་བླངས་གྱུར་ན།།
རས་རྐྱང་མདའ་གྲི་ཁོག་སྟོང་ངོ་།།

སྐྱེ་འཆིའི་སྙོམ་ཐིག་འདྲེས་ཏེ་ཕེབས།།
ཟླ་བ་ཡར་གྱིས་མུན་པ་བཀྲུས།།
ཨ་གར་དྲི་མཆོག་འཐུལ་གྱུར་ཞིང་།།
དབྱིངས་ཀྱི་མཚམས་ནས་དེ་སྐད་བྲིས།།

མདང་ནུབ་མཇལ་བའི་རྨི་ལམ་ནང་།།
ཡིད་ཀྱི་རྒྱུད་སྐུད་ལྷོད་དུ་ཆས།།
དམིགས་པ་གཏོད་པའི་དཀོན་མཆོག་ཅིག།
ཁྱེད་ཅེས་འབོད་པར་མ་སྤྲོ་ལགས།།

བདག་ཉིད་བདག་གི་མགོན་དེ་ཞེས།།
བསམ་པའི་ནུས་པ་སྤྲོ་བ་འཕེལ།།
མཐའ་མྱེད་དབྱིངས་ཀྱི་རིག་པ་ལ།།
ནམ་ཞིག་གང་གིས་རྙེད་པར་མཆིས།།

ཚུལ་འཆོས་ཤམ་བུའི་ངོ་གདོང་ན།།
ཡི་གེ་དག་ཀྱང་མུན་པ་ཟུག།
ནན་ཏན་སྙིང་པོར་བསྐུལ་བ་ཡིས།།
ཁ་གཏམ་མགྲིན་པ་འགྲིག་ཙམ་གདའ།།

       ༢༠༡༤•༦•༡༢ ལ་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།