འབྲོག་གི་གཞས།

གང་ཤར་དགའ་བ།༼ ཡུལ་ཤུལ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-10-28

ཀུན་རྟོག་ཆུ་མོ་བཞུར་པའི་རླབས་རྩེ་ན་དགོད་པའི།།
ཞེ་འདང་ཉི་འོད་བཏུ་བའི་མེ་ཏོག་གི་འཛུམ་ཆུང་།།
སེམས་པའི་རི་ཐང་གཉིས་སུ་མཛེས་སྡུག་གིས་འཚེར་བ།།
ཁྱོད་ལ་ལས་ཀྱིས་གནང་བའི་དངོས་གྲུབ་དེ་ཡིན་ནམ།།

ཟླ་འོད་འཕྲིན་དུ་འབབ་པའི་རྨི་ལམ་གྱི་རྩེ་རྭ།།
སེམས་ཀྱི་གཅེས་ལོ་ངུ་བའི་པྲ་ཚག་གིས་བསྒུལ་དུས།།
ལྟོས་གྲུབ་ཆོས་ཉིད་ཟབ་མོའི་རིགས་ལམ་གྱི་རྩེ་རྡོ།།
འཚོ་བའི་ནུ་ཞོ་འཐུང་པའི་བྱིས་པ་དེས་བསྒྲིགས་འགྲོ།།

འོ་མའི་ཐ་སྙད་དཀྲུགས་པའི་མར་ལོ་རུ་འཁྲུངས་པ།།
མི་ཚེའི་སྙན་ཚིག་ཁྲོད་ཀྱི་གཅེས་འདང་གི་ཡི་གེ །
སྒོ་དར་རླུང་གིས་བསྐྱོད་པའི་སྦྲ་ནག་དེའི་མཐོངས་སུ།།
བྱམས་པའི་ལྷ་ཆེན་ཞིག་གི་སྤྱན་གཟིགས་སུ་ཡིན་ནམ།།

ཟླ་བའི་ཁ་ཆུ་འཐུང་པའི་འབྲོག་ལྗོངས་ཀྱི་མཚན་མོ།།
འོད་ཀྱི་མཆུ་སྒྲོས་བསྲིངས་པའི་མཆོད་མེ་ཡིས་རྩེ་དུས།།
རེ་སྦྲའི་འདབས་ཀ་བསྒུལ་བའི་བསིལ་རླུང་གི་ལག་པ།།
ཁྱེད་ཀྱི་རྨི་ལམ་ཁྲོད་ཀྱི་གཏམ་རྒྱུད་དེས་ཀློག་འགྲོ།།

རེ་སྦྲའི་གོང་ཁར་འཛུམ་པའི་སྐར་ཆེན་གྱི་མིག་བརྡ།།
སྙིང་གི་ཡི་གེར་བྲིས་པའི་རེ་སྒུག་ལ་འཕེན་དུས།།
རྨི་ལམ་ཆུང་ཆུང་གསེབ་ཀྱི་འཇའ་ཚོན་གྱི་མཆུ་སྒྲོས།།
ཚར་དཀར་གོས་ལྭ་འཐེན་པའི་པྲ་ཚག་གིས་བསུ་ཡོང་།།

ལུག་ཁྱུ་སྒང་ནས་བཤར་བའི་རྐང་རྗེས་སུ་དགོད་པའི།།
ཨུག་ཆོས་དམར་པོ་ཞིག་དེའི་ཆུང་ཆུང་གི་རེ་སྨོན།།
སྲོད་ཀྱི་ལྷིང་འཇགས་ཁུར་བའི་རྩྭ་ཐང་དུ་འབབ་དུས།།
སྟོད་ཀྱི་རི་བོ་སྨྲེང་བའི་སྨུག་གསེབ་ནས་འགུལ་ཡོང་།།

ཟིལ་ཆུའི་བརྩེ་བ་འཐུང་པའི་ཉི་འོད་ཀྱི་ཁ་ལྕེ།།
མཆོད་མེ་མཚན་ཐུབ་ཅིག་གི་ཁེར་ལབ་ལ་འཁེན་དུས།།
གཉུག་གཤིས་གླུ་རུ་ལེན་པའི་འགྱུར་ཁུགས་ཀྱི་རིས་སུ།།
སྨྲེང་སྐྱོའི་གྲུ་ཆུང་སྒུལ་བའི་མགུར་མ་དེ་ལྷུང་ཡོང་།།

རི་མགོའི་མེ་ཏོག་དགོད་པའི་མཛེས་ཀོང་དུ་སྦས་པའི།།
སྨྲེང་བ་ཆུ་ཟིལ་ཐོགས་པའི་སྐད་ཆ་དེར་གསན་ན།།
རླབས་རིས་དགུ་བརྩེགས་ཁྲོད་ཀྱི་མིང་ཚིག་གི་ཚོགས་པ།།
ཤ་དང་མཆིན་པའི་གསེབ་ནས་གཤེར་ཁུ་རུ་བཞུར་ཡོང་།།

མཚོ་མཐའི་ལྷིང་འཇགས་བོར་བའི་ཁྲུང་ཁྲུང་གི་ངུ་ངག།
མཁའ་མཐའི་སྤྲིན་པ་སྐྱོ་བའི་མིག་ཆུ་ཡིས་འཐུང་དུས།།
འདབ་མ་ཟིལ་བས་བརླན་པའི་མེ་ཏོག་གི་ནེམ་ཤར།།
རླུང་བུའི་རེག་པ་བསྲན་པའི་སྲ་མཁྲེགས་ཤིག་ཡོད་དམ།།

སྒང་ཁའི་དར་ལྕེ་སུན་པའི་ཁེར་ལབ་ཀྱི་ཁྲོད་དུ།།
གཙང་བོའི་ཕྱི་ཐག་རྨས་པའི་ན་ཟུག་རེ་འབུས་ཚེ།།
ཉི་ཟླའི་དྲོད་ཀྱིས་བསྙལ་བའི་འབྲོག་ལྗོངས་ཀྱི་གཏམ་རྒྱུད།།
འོད་ཀྱི་རེ་སྨོན་ཀློང་ནས་རྒྱང་རིང་དུ་ཕེབས་སོང་།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་གི་གཞས།

2015-10-28 གང་ཤར་དགའ་བ།༼ ཡུལ་ཤུལ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།