སྒྱུ་འཕྲུལ་མར་མཇལ་བ།༼ ཞར་བཀོད་གཉིས་ཡོད ༽

དུང་བའི་མིག་ལ་ཆང་དྲི་བྲོ་རབ་རིབ་ཚོར་བའི་མེ་ཁ་གསོ།།
དགའ་བའི་ཉམས་ལ་དྲི་ཞིམ་ལྡང་ཡིད་ལ་ཟོལ་མེད་ན་ཟུག་སློང་།།
ཁྲེལ་བའི་ཚུལ་ལ་རོ་མངར་མཆིས་འདོད་པའི་སྐེ་སོ་བསྐྱར་དུ་འདེགས།།
དགོད་པའི་ཚུགས་ཀ་ཡིད་དུ་འོང་འགྲོག་འདོད་ཆུ་མོ་རླབས་དང་རྩེན།།

རབ་དཀར་ཚེམ་འཕྲེང་གསལ་བའི་ཚེ་ཡིད་ཀྱི་བུ་ཆུང་འདར་ཡོམ་བྱེད།།
མཉེན་ལྕུག་ལས་ཀྱིས་འཁྱུད་པ་ན་སྣང་བའི་འཁྱག་རོམ་ངང་གིས་ཞུ།།
གྲེ་འགྱུར་ངག་གིས་བོས་པ་ན་སྙིང་གི་རྩ་མདུད་ལྷོད་ཀྱིས་གྲོལ།།
ཀྱེ་མ་ཁྱོད་ནི་ལྷ་མོ་སྟེ་སྒྱུ་འཕྲུལ་དྲུག་ཅུའི་ཚན་ཁ་འབར།།

དཀར་གསལ་ཞལ་གྱི་སྒོ་མོ་ན་རྫི་མའི་འཁྱོག་མདུད་གཞུ་ལ་འཁྲུངས།།
མཁྲང་ཟླུམ་ནུ་མའི་དཀྱིལ་འཁོར་ལ་བདེ་བ་ཆེན་པོའི་རོ་བཅུད་རྫོགས།།
ནེམ་འཇམ་བརླ་ཡི་བར་གསེང་དུ་མེ་ཏོག་དམར་པོའི་འདབ་ཆུང་གྲོལ།།
ཨེ་མ་ཁྱོད་ནི་ལྷ་མོ་སྟེ་སྣོད་བཅུད་གཉིས་ཀ་བཟི་བར་བྱེད།།

དབུ་སྐྱེས་སྐྲ་ལོའི་ཕང་བ་ན་དྲི་ཞིམ་ངད་ཁ་ལྡེམ་མེར་མཆིས།།
ལས་ཀྱི་རྩ་ལམ་ཡོངས་རྫོགས་སུ་འདོད་པའི་སྒྱུ་འཕྲུལ་དྲོད་དུ་འབུར།།
དྲན་པ་རྐུ་བའི་བུ་མོ་ཁྱོད་རྟེན་འབྱུང་གནམ་གྱི་སྲས་མོ་སྟེ།།
ཚངས་ཆེན་རྒྱལ་བོའི་ཕོ་བྲང་ནས་བསམ་བཞིན་གནས་འདིར་ཕེབས་ལཊ་སམ།།

              2015.5.28.

              རང་ཉིད་འཚོལ་བའི་ཉིན་ཞག

རི་སྒང་འདི་ན་སྐྱེ་དངོས་ག་ཚོད་ཡོད།།
རི་སུལ་འདི་རུ་རྣམ་ཤེས་ག་ཙམ་ཡོད།།
ང་ཡི་ནམ་མཁའ་ནམ་ཡང་སྐྱ་བོ་ཡིན།།
འཛུམ་རིས་སྟོན་པའི་ཉི་འོད་ཡོད་མ་ཡིན།།

ང་ནི་རི་ནས་སྐྱེས་ཀྱང་གྲོང་ལ་ཆགས།།
གྲོང་གསེབ་ལོ་མའི་ཞལ་ལ་དལ་གྱིས་ཆགས།།
ཞེ་སེམས་རླུང་ལ་འདྲེས་པའི་ནག་གསེབ་ནས།།
ཁྱོད་རང་ཆར་བའི་ཟོལ་གྱིས་ལྡང་ན་བསམ།།

རི་སྐེད་བྱེའུ་དག་གིས་གྲེ་འགྱུར་འདོན།།
རི་ཤོད་ཡུ་མོ་དག་གིས་གར་ཆུང་སྟོན།།
ང་ནི་དེ་ལ་ཧད་ཏེ་ཁེར་རྐྱང་རྟོག།
མིག་ཆུའི་རྒྱུན་གྱིས་ཁེར་རྐྱང་འགྲེལ་བཤད་བྱས།།

ཁ་བའི་ཡོ་ལང་སྒང་ལ་བབ་པ་ན།།
སྙིང་གི་ཡིག་ཆུང་དག་གིས་འགྲེ་ལོག་རྩེན།།
གྲོང་གི་བྱེའུ་ཆུང་མཁའ་ལ་གཡེང་བའི་ཚེ།།
ཡིད་ཀྱི་དྲིལ་ཅོང་དག་གིས་འབེལ་གཏམ་སྒྲོག།

ང་ནི་སྒང་ན་གཡོ་བའི་དར་ལྕོག་ཡིན།།
ཁྱོད་རང་རླུང་བུའི་ཟོལ་གྱིས་འཚུབ་པར་ཤོག།
ང་ནི་དབྱངས་ལ་འཐིམ་པའི་ཡིག་འབྲུ་སྟེ།།
ཁྱོད་རང་རོལ་མོའི་ཚུལ་གྱིས་གྲགས་པར་ཤོག།

                2015.5.21

             ངའི་དུས་གསུམ་གྱི་འཕགས་མ། མ་ཡུམ་ལགས་ཐུགས་རྗེའི་བདག་མོ།

ཞེ་བརྩེ་འཛུམ་གྱི་ཞལ་རས་ཆུང་ཆུང་།།
ངའི་འདི་ཕྱི་ཡི་མགོན་དུ་ཚེས་ཡོད།།
ངག་ཡིག་དྲུག་གི་ང་རོ་ལྷོད་པོས།།
ངའི་དུས་གསུམ་ལ་སྐྱབས་འཇུག་བྱས་ཡོད།།

ཞལ་ཟླ་གཞོན་གྱི་ལང་ཚོ་མཛེས་པོས།།
ངའི་མཁའ་དབྱིངས་ལ་འོད་ཁྱིམ་བཤམས་ཡོད།།
ལག་འཇམ་མཉེན་གྱི་སོར་མོའི་གར་གྱིས།།
ངའི་ཀ་ཁ་ལ་དབུ་ཁྱུད་བྲིས་ཡོད།།

ཚིག་ལྡེམ་འགྱུར་གྱི་ནེམ་ཤ་ཅན་པོས།།
ངའི་ས་འཛིན་ལ་རི་མོ་བཞེངས་ཡོད།།
རྒྱུད་གཤིས་འཇམ་གྱི་བལ་དཀར་ཚ་རུས།།
ངའི་བློ་ཁོག་ལ་ཉི་འོད་བསུས་ཡོད།།

ལུས་ཁྲག་རྒྱུན་གྱི་འོ་མའི་མཚོ་མོས།།
ངའི་རྣམ་ཤེས་ལ་ཚོན་རིས་ཕབ་ཡོད།།
ཡིད་སྙིང་ཆུང་གི་མིག་ཆུའི་ཐིགས་པས།།
ངའི་མ་འོངས་ལ་ལུང་བསྟན་གསུངས་ཡོད།།

གསུང་ཟོལ་མེད་ཀྱི་ཆུ་བོའི་རྒྱུན་གྱིས།།
ངའི་ཀུན་རྟོག་གི་ཁང་ཆུང་བརླན་ཡོད།།
ཐུགས་ཉི་ཟླ་ཡི་འོད་རྒྱུན་ཕྲ་མོས།།
ངའི་མུན་ནག་གི་སྒེའུ་ཁུང་གསལ་ཡོད།།
 
            2015.5.13

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་འཕྲུལ་མར་མཇལ་བ།༼ ཞར་བཀོད་གཉིས་ཡོད ༽

2015-11-09 རས་གཟན་དམར་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།