འཁོར་བ་འདི་ཧ་ཅང་གྲང་།


ང་ཡིས་ལྗོན་པའི་ངོས་ལ་འོ་བྱས་ཀྱང་།།
ང་ནི་སྦྱར་དུག་ཅིག་གི་སེམས་ལ་ལྷུང་།།

སྒེའུ་ཁུང་གྲིབ་མའི་དྲན་སྣང་སྐྱུར་མོ་འདི།།
འུ་ཚོའི་ཕོར་བ་ཟེར་བའི་གནད་ཀ་རེད།།

སྤྲིན་པ་ཤིག་ཏུ་དམའ་བའི་ཉིན་ཞག་འདི།།
འོད་ཉག་མཐའ་མའི་སྟེང་གི་དགོད་སྒྲ་ཡིན།།

སྲང་ལམ་འདི་ལྟར་བྲང་ཁར་སྦས་ཏེ་ན།།
མེ་ཏོག་ཆུ་ལ་སྦངས་ཀྱང་དྲི་མ་འཐུལ།།

གློག་གི་སྐད་ངག་ཚ་བོས་གསིག་བྱས་ན།།
འཁོར་བ་ཟགས་ནས་ཡུན་རིང་འགོར་བ་འོ།།

རྨི་ལམ་ཐག་ཁྲ་རླུང་གིས་གཞོམ་པའི་ཚེ།།
ལོ་རྒྱུས་གཏམས་པའི་ཡིག་འབྲུ་འཁྱག་ལ་འབྱར།།

ལྡེབས་རིས་རི་མོས་ཕྱེ་ལེབ་བསླུ་བྱས་ཏེ།།
འཚབ་མ་འཚུབ་ཀྱིས་ཉོན་མོངས་ནང་དུ་ཁོལ།།

མི་ཚོགས་ལྷན་དུ་ཉི་མ་ལྡེ་བཞིན་འཆི།།
འོ་མའི་ཝུ་བ་ཙི་ཙིའི་ངག་སྒྲུང་གྱུར།།

ཆུ་བོའི་རླབས་ཀ་འུར་གྱིས་ཡོམ་པ་ན།།
ཁིས་ཆེན་ཉག་ག་སྒྲ་ཡིས་གཤོག་རྩེ་བརྡར།།

མགོ་ལ་ཕོག་པའི་མཚན་མོ་དཀར་པོ་ལ།།
ཟླ་བ་བཀྲུས་པས་སྐར་མ་ཇེ་ཆུང་ཕྱིན།།

དོ་ནུབ་སྙན་ངག་ནང་གི་གཅེར་བུ་མ།།
ལག་འཇུ་སྲིང་བས་བསྔོ་བ་བྱེ་མར་འཚང་།།

ད་ཚོད་ད་ཚོད་ལག་པ་རུམ་དུ་བཅུག།
པོ་ཏི་ལྗིད་པོའི་ངོས་འདི་ལྷིང་འཇགས་སོ།།

རིག་གནས་རྩྭ་རྐང་སྟེང་དུ་འཛིང་བྱས་ན།།
དོན་དུ་མ་འོངས་ཟེར་བ་ཆག་འཕྲོ་འོ།།

                                 2015/9/29 མཚན་མོར།


                                                                                                  རྩོམ་སྒྲིག་པ། ལྷ་སྐྱིད།


                                                                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)





རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བ་འདི་ཧ་ཅང་གྲང་།

2016-03-17 སྨྱུག་མདའ། ཀློག་གྲངས། མཆན ཡོད།


ང་ཡིས་ལྗོན་པའི་ངོས་ལ་འོ་བྱས་ཀྱང་།།
ང་ནི་སྦྱར་དུག་ཅིག་གི་སེམས་ལ་ལྷུང་།།

སྒེའུ་ཁུང་གྲིབ་མའི་དྲན་སྣང་སྐྱུར་མོ་འདི།།
འུ་ཚོའི་ཕོར་བ་ཟེར་བའི་གནད་ཀ་རེད།།

སྤྲིན་པ་ཤིག་ཏུ་དམའ་བའི་ཉིན་ཞག་འདི།།
འོད་ཉག་མཐའ་མའི་སྟེང་གི་དགོད་སྒྲ་ཡིན།།

སྲང་ལམ་འདི་ལྟར་བྲང་ཁར་སྦས་ཏེ་ན།།
མེ་ཏོག་ཆུ་ལ་སྦངས་ཀྱང་དྲི་མ་འཐུལ།།

གློག་གི་སྐད་ངག་ཚ་བོས་གསིག་བྱས་ན།།
འཁོར་བ་ཟགས་ནས་ཡུན་རིང་འགོར་བ་འོ།།

རྨི་ལམ་ཐག་ཁྲ་རླུང་གིས་གཞོམ་པའི་ཚེ།།
ལོ་རྒྱུས་གཏམས་པའི་ཡིག་འབྲུ་འཁྱག་ལ་འབྱར།།

ལྡེབས་རིས་རི་མོས་ཕྱེ་ལེབ་བསླུ་བྱས་ཏེ།།
འཚབ་མ་འཚུབ་ཀྱིས་ཉོན་མོངས་ནང་དུ་ཁོལ།།

མི་ཚོགས་ལྷན་དུ་ཉི་མ་ལྡེ་བཞིན་འཆི།།
འོ་མའི་ཝུ་བ་ཙི་ཙིའི་ངག་སྒྲུང་གྱུར།།

ཆུ་བོའི་རླབས་ཀ་འུར་གྱིས་ཡོམ་པ་ན།།
ཁིས་ཆེན་ཉག་ག་སྒྲ་ཡིས་གཤོག་རྩེ་བརྡར།།

མགོ་ལ་ཕོག་པའི་མཚན་མོ་དཀར་པོ་ལ།།
ཟླ་བ་བཀྲུས་པས་སྐར་མ་ཇེ་ཆུང་ཕྱིན།།

དོ་ནུབ་སྙན་ངག་ནང་གི་གཅེར་བུ་མ།།
ལག་འཇུ་སྲིང་བས་བསྔོ་བ་བྱེ་མར་འཚང་།།

ད་ཚོད་ད་ཚོད་ལག་པ་རུམ་དུ་བཅུག།
པོ་ཏི་ལྗིད་པོའི་ངོས་འདི་ལྷིང་འཇགས་སོ།།

རིག་གནས་རྩྭ་རྐང་སྟེང་དུ་འཛིང་བྱས་ན།།
དོན་དུ་མ་འོངས་ཟེར་བ་ཆག་འཕྲོ་འོ།།

                                 2015/9/29 མཚན་མོར།


                                                                                                  རྩོམ་སྒྲིག་པ། ལྷ་སྐྱིད།


                                                                                    (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)





རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།