རླུང་ནག་པོ་ཅན་གྱི་ཕ་ཡུལ།

རྨི་ལམ་སྐྱབས།༼ རྫ་ཆུ་ཁ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-04-29

                 _____མུ་འབྲེལ་སྙན་ངག་རིང་མོ་མཛེས་སྡུག་གི་དམྱལ་ཁམས་ལས་ཁག་གཉིས་པ།

ཉི་ཟླ་མེད་པའི་དོ་ནུབ་ཕ་ཡུལ་ནག་པོ་ཡིན།།
གླུ་སྐད་མེད་པའི་དོ་ནུབ་ཕ་ཡུལ་སྟོང་བ་ཡིན།།
རྣམ་ཤེས་མེད་པའི་དོ་ནུབ་ཕ་ཡུལ་བེམ་པོ་ཡིན།།
གླེང་བྱ་ཡིན་པའི་དོ་ནུབ་ཕ་ཡུལ་ན་ཟུག་ཉིད།།

                    ______ཁ་བྱང་གི་འགྲེལ།    

མི་ཡི་ལས་བྱ་ནག་ནོག་ཡིན་པས་འཇིག་རྟེན་འཁོར་བ་སྐྱོ་ལྷང་ལྷང་།།
འཁོར་བའི་ལུགས་ཀྱི་བླང་བྱ་ཡིན་པའི་ཚན་ཁག་མང་བའི་ནད་ཁང་འདི།།
དོར་བྱ་ཡིན་པས་འདོར་དུ་མེད་པ་སོ་སོའི་སྐྱེ་བོའི་ཁ་ཡིག་ཡིན།།
རྨི་ལམ་ནང་གི་རང་ཡུལ་ལུང་པ་བདེ་སྐྱིད་ཡིན་པའི་རེ་བ་འབྲི།།

རིག་པའི་ངོས་ནས་ཕ་ཡུལ་གླེང་ན་ལོ་རབས་བརྒྱད་བཅུའི་ཤིང་རྟ་ཞིག།
དུང་བའི་ངོས་ནས་ཕ་ཡུལ་ཟེར་ན་དཀར་པོ་གངས་ལས་དཀར་བ་ཞིག།
ལོས་ཡིན་ལོས་ཡིན་སོ་སོའི་ཕ་ཡུལ་སོ་སོའི་སེམས་ཀྱི་དག་ཞིང་དེ།།
སྐྲ་དང་སྨ་རའི་དུར་ས་ཡིན་པའི་ང་ཡི་རྐང་རྗེས་གན་ན་དོད།།

རུས་པ་སྲ་བའི་རྫ་ཆུ་སྔོན་མོ་བུ་ངའི་ལུས་ཀྱི་ཟུངས་ཁྲག་ཡིན།།
འུར་ཆ་བསྐོར་བའི་ཨ་ཅེ་འབྲོག་མོ་ཆུང་དུས་ང་ཡི་རྩེད་རོགས་ཡིན།།
ལུག་དང་ནོར་གྱི་སྲུང་མ་ཡིན་པའི་གསལ་བྱེད་སུམ་ཅུའི་ཁ་ཡིག་འདི།།
ཨ་མས་ང་ལ་ཐོག་མར་གནང་བའི་མཛེས་སྡུག་དམྱལ་ཁམས་འགྲིམ་བྱེད་ཡིན།།

ད་ལྟ་ཡིད་ཀྱི་ཕ་ཡུལ་འཁྱག་པ་ང་ནི་ཁྱོད་ཀྱི་བུ་རྒྱུད་ཡིན།།
ཕྲེང་བའི་གསེང་གི་དད་པ་སེར་བོ་ང་ནི་ཁྱོད་ཀྱི་གདུལ་བྱ་ཡིན།།
ནང་དོན་མེད་པའི་གླུ་སྐད་སྐྱ་བོ་ང་ནི་ཁྱོད་ཀྱི་དབྱངས་རྟ་ཡིན།།
གང་ལྟར་འཁོར་བ་སྐོར་ལོག་ཡིན་པའི་སྨྱོན་པའི་རང་ཚུགས་འཛིན་ས་ཡིན།།

ཕྱོགས་ལྷུང་ཞེན་པ་གཏིང་ནས་བོར་བའི་ཆུང་དུས་ང་ཡི་རྩེད་ས་ཁྱོད།།
ཕྱི་ནང་གཉིས་ལ་གསང་བ་མེད་པའི་ཁ་བ་ལྟ་བུའི་ཕ་ཡུལ་ཁྱོད།།
དྲང་བོའི་མི་ལ་ཁ་བའི་སྙིང་ཅན་ང་ཚོའི་ཕ་ཡུལ་དཀར་པོ་ཁྱོད།།
རྨི་ལམ་དེད་ཅིང་རྨི་ལམ་འཚོ་བ་རྨི་ལམ་སྐྱབས་ཀྱི་ཕ་ཡུལ་ཡིན།།

                                                   ཕ་ཡུལ་ནས།

                                                                      རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་ནག་པོ་ཅན་གྱི་ཕ་ཡུལ།

2016-04-29 རྨི་ལམ་སྐྱབས།༼ རྫ་ཆུ་ཁ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།