ཀ་བསྟོད་ཚངས་པའི་དབྱངས།(ཞར་བཀོད་བཞི་ཡོད)

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-12-01



བློ་གྲོས་ནམ་མཁའ་ཡངས་པའི་མཛོད་འཛིན་པ།།
བཟང་པོ་ཡོན་ཏན་མ་ལུས་རྫོགས་པ་ལ།།
སྙན་པའི་རྔ་ཆེན་འཇིག་རྟེན་གསུམ་དུ་འང་།།
གྲགས་པ་དོན་ལྡན་བདག་གི་དགེ་བའི་བཤེས།།

ཀ་དག་སྐུ་ཡི་མཛེས་པ་དེ་འང་ཁ་དོག་སྔོ་བསང་ག་བུར་མདངས་ཀྱིས་སྤྲོས་འདྲའི་ང་ཡི་སྙིང་དུ་སྡུག
ཅ་ཅོའི་སྐྱོན་མི་མངའ་བའི་ངག་ལ་ཆ་འཇོག་འཕེར་བ་ཇ་ཆང་གཏམ་མིན་ཡང་དག་ཉ་གང་ཟླ་ལྟར་མཛེས།།
ཏ་ལའི་འདབ་ལྟར་རབ་རྒྱས་ཐུགས་ནི་ཐ་སྙད་ཤེས་བྱའི་ད་ལྟར་ཡོངས་སུ་གང་བའི་ན་ཚོད་དར་ལ་བབ།།
པ་ཊ་བཞིན་དུ་འཁྱིལ་བ་མ་ཡིན་ཕ་རོལ་བསམ་པ་བ་མཆོག་འོ་མའི་མདངས་འཛིན་མ་ལུས་འགྲོ་བའི་རྒྱན།།

ཙ་ན་རྙེད་དཀའི་རིན་ཆེན་ནོར།།
ཚ་ཟེར་ཅན་གྱི་དཔལ་མངའ་བ།།
ཛ་ཡའི་གསུང་གི་སྙིང་པོའི་དོན།།
ཝ་ལེར་ཐུགས་ཀྱི་གདམས་པར་ཤར།།

ཞ་ཉེ་ལྟར་མིན་ཟ་འོག་གོས་དང་མཚུངས་པ་ཡི།།
འ་ཅག་ཀུན་ཀྱིས་ཡ་མཚན་བྱེད་ལ་བསྔགས་པའི་ཡུལ།།
ར་གན་མ་ཡིན་ལ་ཐོད་བཞིན་དུ་མཆོད་འོས་ཁྱེད།།
ཤ་ཚུགས་མི་ལ་ས་ཐོབ་རྒྱལ་བའི་མྱུ་གུ་ངེས།།

ཧ་ལཱ་ཧ་ལས་རྗེས་བཟུང་བ།།
ཨ་དོན་སྐྱེས་མེད་རྟོགས་པའི་མགོན།།
གང་ཁྱེད་ཇི་སྲིད་སྙིང་པོའི་བར།།
བདག་ཅག་རལ་བ་མཛེས་པའི་རྒྱན།།
    
             དགུན།

འཁྱག་པའི་གསེབ་ཀྱི་སྦྲང་མ་དེས།།
ནམ་མཁའི་ཉི་འོད་གཞིབ་པ་ལ།།
མཆུ་ཡི་འདབ་མ་རབ་གཡོ་བ།།
དགུན་གྱི་དུས་ལའང་སྣང་བར་བྱེད།།
ཁྱེད་ཀྱི་ལག་པས་སྟོན་གྱི་དུས།།
ཡོངས་སུ་སྤྲུགས་ཏེ་ངལ་བའི་རྡུལ།།
ལོ་མའི་སྟེང་ན་རོ་བཞིན་དུ།།
ཉལ་བའི་རྨི་ལམ་དེ་ཡང་ཞུམ།།
མིག་གིས་མ་བཟུང་བ་གང་གི།
ཁ་ངོ་རལ་གྲི་ལས་རྩུབ་པ།།
མེ་ལོང་ངོས་སུ་ཕྱེད་ཕྱེད་དུ།།
ཚལ་བར་གྱུར་བ་ཆུ་བཞིན་གྲང་།།
མུན་པ་ལུས་ལ་རབ་འབྱུག་པའི།།
གྲིབ་མའི་ནང་གི་གར་མཁན་གྱི།།
མིག་གི་མཐའ་རུ་གཙང་པོ་ཞིག།
མཐིང་མདོག་ཟིལ་གྱིས་འཕོ་ལ་ཉེ།།
ཆུ་བུར་ནང་གི་འཁོར་བ་ལ།།
སྲེད་པའི་ལག་པ་གཡོབ་བཞིན་དུ།།
རྐང་བ་གཡོན་པ་འདྲེད་པ་ནི།།
སྒྱུ་མའི་ནང་གི་བར་དོ་བ།།

             མེ་ཏོག་བཏབ་པ།

བུམ་ཆུང་དེ་ཡི་ནང་དུ་ས་བོན་བཏབ།།
ས་དང་ཆུ་སོགས་མ་ཚང་མེད་པ་བྱས།།
ཉི་འོད་བཙན་གྱིས་དོགས་ནས་གྲིབ་མར་བཞག།
འཁྱག་པས་འཆི་བར་འཛེམ་ནས་དྲ་ཁར་བཞག།
ཞག་དང་ལོ་ཟླ་སྦྲེལ་བའི་མཇུག་ཐོག་ཏུ།།
ལྗང་མདོག་ཅུང་ཟད་མེ་ཏོག་ཅུང་ཟད་རྒྱས།།
དྲི་བསུང་ཅུང་ཟད་བཀྲག་མདངས་ཅུང་ཟད་མངོན།།
ཉི་མ་དེ་ནི་གློ་བར་ཟད་ཀྱིས་འཚེར།།

བུམ་ཆུང་དེ་ཡི་སྟེང་གི་རི་མོ་ནི།།
དགོད་ཀྱང་ཤེས་ལ་ངུ་འང་ཤེས་པ་འདྲ།།
རང་ཉིད་གཅིག་བུར་ཧྲེང་ཧྲེང་སྡོད་པའི་ཚེ།།
ང་ལ་དགོད་ཁ་བསླངས་ཤིང་ངུ་ཁ་སློང་།།
སྐྱེན་པོའི་ཚོར་བ་བསེད་པའི་རྟིང་མི་གནོན།།

དུས་ཚིགས་བཞི་ལ་ཁྱད་མེད་མིག་གིས་འཚོས།།
ཉིན་དང་མཚན་ལ་དབྱེར་མེད་སེམས་ཀྱིས་འཚོས།།
སྐད་ཅིག་འབྲལ་མེད་དབང་པོ་ལྔ་ཡིས་འཚོས།།
རེ་བའི་ཡིད་ཀྱིས་དུས་གསུམ་ཀུན་ལ་རྨོས།།

             སྟོན་པ།

ག་ཆད་ངུ་བའི་འཁོར་བ་བ་རྣམས་ཀྱི།།
རྫུན་གྱི་ཕུག་པ་བརྡིབས་པའི་ཆོས་ཉིད་ཀྱི།།
མ་བརྟགས་མ་དཔྱད་པ་ཡི་ལམ་སྣ་དེ།།
སྒྱུ་མའི་རང་མཚང་ཤེས་བཞིན་སྒྱུ་མ་རུ།།
ལེགས་པར་སྟོན་གང་ཁྱེད་ནི་ཐབས་ལ་མཁས།།

རྒྱུ་འབྲས་དར་ཐག་དེ་འང་ཁྱེད་ཀྱིས་བསྒྲིལ།།
དེ་ཉིད་ཟད་སར་འཁྱོལ་སྟངས་ཁྱེད་ཀྱིས་བསྟན།།
འགལ་འདུའི་བཀའ་བཏགས་ཕྱག་རྒྱའི་མཐའ་མ་ལ།།
འཁོར་བ་རྡུལ་དུ་རློག་མཛད་གང་ཡང་གནང་།།

             གྲིབ་རིས།

རེ་བས་གདུང་བའི་སྤྲིན་རྣམས་ལྕི་བའི་ཉམས་ཀྱིས་ཤིན་ཏུ་མི་གཟོད་བྱ་དཀའི་ངང་།།
སྟོན་གྱི་དུས་ལ་ཕྱོགས་རྣམས་དག་གི་རི་བོའི་རྩེ་རུ་བབས་པའི་ཚུལ་དེ་ནི།།
དུ་མའི་སེམས་ཀྱིས་ཉམས་པར་བྱས་པའི་ཤུགས་ཀྱིས་ཡང་ཡང་བསྒུལ་བ་མ་ཐེག་པར།།
རྐང་གདུབ་གསིལ་བའི་ངང་བ་དཀར་པོ་ཤུག་དང་བྲལ་ནས་གཤོག་རྩེ་ལྷོད་པར་མཚུངས།།

ཀྱ་ཀྱུའི་འགྲོས་ཀྱི་ལམ་ལ་ལྟུང་མིན་ཡང་།།
ངག་གི་ནགས་ཚལ་མ་སྨད་ལྗོན་པ་ཡིས།།
ཀུན་ནས་མཛེས་པའི་གསེབ་ན་ཁྱེད་ཉིད་ནི།།
རི་དྭགས་མོ་བཞིན་ཞེད་སྣང་ཤུགས་ཀྱིས་འདར།།
མེ་ཏོག་རྡུལ་གྱི་འཚུབ་མས་སྣ་འགགས་ཤིང་།།
སྙན་པའི་གཏམ་གྱི་མགྲིན་པ་གསང་པོ་ཅན།།
གང་ཁྱེད་སྐྱོ་བས་ཉམས་ཀྱིས་འདིར་འོང་བ།།
ལྷ་འམ་ཀླུ་འམ་ཅི་ཡི་བྱ་མ་རྟ།།
འདུ་འཛིས་ཡོངས་བཏང་འབྲས་ལྡན་ནགས་ཀྱི་ཁྲོད།།
ཡང་དག་འཇོག་རྣམས་བསྟི་བའི་མདུན་ས་ཆེར།།
དུས་གསུམ་ཀུན་ཏུ་བདག་ཉིད་འབའ་ཞིག་ལ།།
ཟང་ཟིང་བཟོ་མཁན་བྱེ་འུ་ལས་གཞན་མེད།།
འོན་ཏང་དེ་རིང་ཁྱེད་ཀྱི་ཅ་ཅོ་ཡིས།།
མ་རུང་བྱས་པས་བདག་གི་ལུས་དང་སེམས།།
གཅིག་ཏུ་མི་གནས་རླུང་གིས་སྐྱོད་པ་བཞིན།།
ཞེད་སྣང་བློ་ཡིས་ཡང་ཡང་བསྒུལ་བ་འདི།།
རྨི་ལམ་དུ་གྱུར་དྲུང་སྲོང་མཐུ་ཡིས་ཟློག།
གོམས་པའི་འདུ་བྱེད་རི་མོ་མ་རྙིང་བ།།
ཚེ་རབས་ལས་ཀྱིས་དེད་པའི་འཇུག་ངོགས་སུ།།
སྒྱུ་མ་ལྟ་བུའི་འཕྲུལ་དང་ལྡན་པ་ཁྱེད།།
ཁོ་བོའི་མིག་ལ་རབ་རིབ་ཉིད་དུ་མཐོང་།།
སྔོན་ཚེ་ནགས་ན་མཛེས་པའི་དྲང་སྲོང་མོ།།
ཏིང་འཛིན་ཟས་ཀྱིས་འགྲངས་པའི་ཉིན་མཚན་ལ།།
ཞེན་པའི་མུ་ཏི་ཀ་ཡི་འོད་ཀྱིས་ནི།།
སུ་ཞིག་ཡིད་ཀྱི་ཁང་བཟང་ཁྱབ་ལགས་སམ།།
མི་རྟག་རྩྭ་ཡི་སྤྱིལ་བུ་འདི་ཉིད་དུ།།
རྐང་བའི་ལོང་བུ་ས་ལས་མ་འགུལ་བར།།
རྟོག་པའི་སྤྲོས་པའི་ཁ་ཚར་གཅོད་པ་ལ།།
ཞི་བའི་ངང་དུ་རོ་གཅིག་ཉལ་དགོས་ཀྱང་།།
མི་རྟོག་སྒོམ་གྱི་ཨང་རག་རལ་བའི་སྐབས།།
ཡིད་ནི་མ་འབྱུང་འདོད་པའི་ཡོན་ཏན་གྱིས།།
བསླུ་བའི་ཆོས་འདི་ནམ་ཡང་རིགས་མིན་ཏེ།།
སྤུ་གྲིའི་སོ་ལ་སྦྲང་རྩི་ཆགས་དང་མཚུངས།།
དེ་ལྟའི་ཚུལ་ལ་སྒོམ་པས་ཀྱང་།།
གཅིག་ཏུ་མི་གནས་དྲང་སྲོང་བ།།
ལུས་ཀྱི་བ་སྤུའི་རྩེ་མོར་ཡང་།།
ངལ་བའི་ཁུར་གྱིས་ཡོངས་མ་བཏང་།།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀ་བསྟོད་ཚངས་པའི་དབྱངས།(ཞར་བཀོད་བཞི་ཡོད)

2017-12-01 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།



བློ་གྲོས་ནམ་མཁའ་ཡངས་པའི་མཛོད་འཛིན་པ།།
བཟང་པོ་ཡོན་ཏན་མ་ལུས་རྫོགས་པ་ལ།།
སྙན་པའི་རྔ་ཆེན་འཇིག་རྟེན་གསུམ་དུ་འང་།།
གྲགས་པ་དོན་ལྡན་བདག་གི་དགེ་བའི་བཤེས།།

ཀ་དག་སྐུ་ཡི་མཛེས་པ་དེ་འང་ཁ་དོག་སྔོ་བསང་ག་བུར་མདངས་ཀྱིས་སྤྲོས་འདྲའི་ང་ཡི་སྙིང་དུ་སྡུག
ཅ་ཅོའི་སྐྱོན་མི་མངའ་བའི་ངག་ལ་ཆ་འཇོག་འཕེར་བ་ཇ་ཆང་གཏམ་མིན་ཡང་དག་ཉ་གང་ཟླ་ལྟར་མཛེས།།
ཏ་ལའི་འདབ་ལྟར་རབ་རྒྱས་ཐུགས་ནི་ཐ་སྙད་ཤེས་བྱའི་ད་ལྟར་ཡོངས་སུ་གང་བའི་ན་ཚོད་དར་ལ་བབ།།
པ་ཊ་བཞིན་དུ་འཁྱིལ་བ་མ་ཡིན་ཕ་རོལ་བསམ་པ་བ་མཆོག་འོ་མའི་མདངས་འཛིན་མ་ལུས་འགྲོ་བའི་རྒྱན།།

ཙ་ན་རྙེད་དཀའི་རིན་ཆེན་ནོར།།
ཚ་ཟེར་ཅན་གྱི་དཔལ་མངའ་བ།།
ཛ་ཡའི་གསུང་གི་སྙིང་པོའི་དོན།།
ཝ་ལེར་ཐུགས་ཀྱི་གདམས་པར་ཤར།།

ཞ་ཉེ་ལྟར་མིན་ཟ་འོག་གོས་དང་མཚུངས་པ་ཡི།།
འ་ཅག་ཀུན་ཀྱིས་ཡ་མཚན་བྱེད་ལ་བསྔགས་པའི་ཡུལ།།
ར་གན་མ་ཡིན་ལ་ཐོད་བཞིན་དུ་མཆོད་འོས་ཁྱེད།།
ཤ་ཚུགས་མི་ལ་ས་ཐོབ་རྒྱལ་བའི་མྱུ་གུ་ངེས།།

ཧ་ལཱ་ཧ་ལས་རྗེས་བཟུང་བ།།
ཨ་དོན་སྐྱེས་མེད་རྟོགས་པའི་མགོན།།
གང་ཁྱེད་ཇི་སྲིད་སྙིང་པོའི་བར།།
བདག་ཅག་རལ་བ་མཛེས་པའི་རྒྱན།།
    
             དགུན།

འཁྱག་པའི་གསེབ་ཀྱི་སྦྲང་མ་དེས།།
ནམ་མཁའི་ཉི་འོད་གཞིབ་པ་ལ།།
མཆུ་ཡི་འདབ་མ་རབ་གཡོ་བ།།
དགུན་གྱི་དུས་ལའང་སྣང་བར་བྱེད།།
ཁྱེད་ཀྱི་ལག་པས་སྟོན་གྱི་དུས།།
ཡོངས་སུ་སྤྲུགས་ཏེ་ངལ་བའི་རྡུལ།།
ལོ་མའི་སྟེང་ན་རོ་བཞིན་དུ།།
ཉལ་བའི་རྨི་ལམ་དེ་ཡང་ཞུམ།།
མིག་གིས་མ་བཟུང་བ་གང་གི།
ཁ་ངོ་རལ་གྲི་ལས་རྩུབ་པ།།
མེ་ལོང་ངོས་སུ་ཕྱེད་ཕྱེད་དུ།།
ཚལ་བར་གྱུར་བ་ཆུ་བཞིན་གྲང་།།
མུན་པ་ལུས་ལ་རབ་འབྱུག་པའི།།
གྲིབ་མའི་ནང་གི་གར་མཁན་གྱི།།
མིག་གི་མཐའ་རུ་གཙང་པོ་ཞིག།
མཐིང་མདོག་ཟིལ་གྱིས་འཕོ་ལ་ཉེ།།
ཆུ་བུར་ནང་གི་འཁོར་བ་ལ།།
སྲེད་པའི་ལག་པ་གཡོབ་བཞིན་དུ།།
རྐང་བ་གཡོན་པ་འདྲེད་པ་ནི།།
སྒྱུ་མའི་ནང་གི་བར་དོ་བ།།

             མེ་ཏོག་བཏབ་པ།

བུམ་ཆུང་དེ་ཡི་ནང་དུ་ས་བོན་བཏབ།།
ས་དང་ཆུ་སོགས་མ་ཚང་མེད་པ་བྱས།།
ཉི་འོད་བཙན་གྱིས་དོགས་ནས་གྲིབ་མར་བཞག།
འཁྱག་པས་འཆི་བར་འཛེམ་ནས་དྲ་ཁར་བཞག།
ཞག་དང་ལོ་ཟླ་སྦྲེལ་བའི་མཇུག་ཐོག་ཏུ།།
ལྗང་མདོག་ཅུང་ཟད་མེ་ཏོག་ཅུང་ཟད་རྒྱས།།
དྲི་བསུང་ཅུང་ཟད་བཀྲག་མདངས་ཅུང་ཟད་མངོན།།
ཉི་མ་དེ་ནི་གློ་བར་ཟད་ཀྱིས་འཚེར།།

བུམ་ཆུང་དེ་ཡི་སྟེང་གི་རི་མོ་ནི།།
དགོད་ཀྱང་ཤེས་ལ་ངུ་འང་ཤེས་པ་འདྲ།།
རང་ཉིད་གཅིག་བུར་ཧྲེང་ཧྲེང་སྡོད་པའི་ཚེ།།
ང་ལ་དགོད་ཁ་བསླངས་ཤིང་ངུ་ཁ་སློང་།།
སྐྱེན་པོའི་ཚོར་བ་བསེད་པའི་རྟིང་མི་གནོན།།

དུས་ཚིགས་བཞི་ལ་ཁྱད་མེད་མིག་གིས་འཚོས།།
ཉིན་དང་མཚན་ལ་དབྱེར་མེད་སེམས་ཀྱིས་འཚོས།།
སྐད་ཅིག་འབྲལ་མེད་དབང་པོ་ལྔ་ཡིས་འཚོས།།
རེ་བའི་ཡིད་ཀྱིས་དུས་གསུམ་ཀུན་ལ་རྨོས།།

             སྟོན་པ།

ག་ཆད་ངུ་བའི་འཁོར་བ་བ་རྣམས་ཀྱི།།
རྫུན་གྱི་ཕུག་པ་བརྡིབས་པའི་ཆོས་ཉིད་ཀྱི།།
མ་བརྟགས་མ་དཔྱད་པ་ཡི་ལམ་སྣ་དེ།།
སྒྱུ་མའི་རང་མཚང་ཤེས་བཞིན་སྒྱུ་མ་རུ།།
ལེགས་པར་སྟོན་གང་ཁྱེད་ནི་ཐབས་ལ་མཁས།།

རྒྱུ་འབྲས་དར་ཐག་དེ་འང་ཁྱེད་ཀྱིས་བསྒྲིལ།།
དེ་ཉིད་ཟད་སར་འཁྱོལ་སྟངས་ཁྱེད་ཀྱིས་བསྟན།།
འགལ་འདུའི་བཀའ་བཏགས་ཕྱག་རྒྱའི་མཐའ་མ་ལ།།
འཁོར་བ་རྡུལ་དུ་རློག་མཛད་གང་ཡང་གནང་།།

             གྲིབ་རིས།

རེ་བས་གདུང་བའི་སྤྲིན་རྣམས་ལྕི་བའི་ཉམས་ཀྱིས་ཤིན་ཏུ་མི་གཟོད་བྱ་དཀའི་ངང་།།
སྟོན་གྱི་དུས་ལ་ཕྱོགས་རྣམས་དག་གི་རི་བོའི་རྩེ་རུ་བབས་པའི་ཚུལ་དེ་ནི།།
དུ་མའི་སེམས་ཀྱིས་ཉམས་པར་བྱས་པའི་ཤུགས་ཀྱིས་ཡང་ཡང་བསྒུལ་བ་མ་ཐེག་པར།།
རྐང་གདུབ་གསིལ་བའི་ངང་བ་དཀར་པོ་ཤུག་དང་བྲལ་ནས་གཤོག་རྩེ་ལྷོད་པར་མཚུངས།།

ཀྱ་ཀྱུའི་འགྲོས་ཀྱི་ལམ་ལ་ལྟུང་མིན་ཡང་།།
ངག་གི་ནགས་ཚལ་མ་སྨད་ལྗོན་པ་ཡིས།།
ཀུན་ནས་མཛེས་པའི་གསེབ་ན་ཁྱེད་ཉིད་ནི།།
རི་དྭགས་མོ་བཞིན་ཞེད་སྣང་ཤུགས་ཀྱིས་འདར།།
མེ་ཏོག་རྡུལ་གྱི་འཚུབ་མས་སྣ་འགགས་ཤིང་།།
སྙན་པའི་གཏམ་གྱི་མགྲིན་པ་གསང་པོ་ཅན།།
གང་ཁྱེད་སྐྱོ་བས་ཉམས་ཀྱིས་འདིར་འོང་བ།།
ལྷ་འམ་ཀླུ་འམ་ཅི་ཡི་བྱ་མ་རྟ།།
འདུ་འཛིས་ཡོངས་བཏང་འབྲས་ལྡན་ནགས་ཀྱི་ཁྲོད།།
ཡང་དག་འཇོག་རྣམས་བསྟི་བའི་མདུན་ས་ཆེར།།
དུས་གསུམ་ཀུན་ཏུ་བདག་ཉིད་འབའ་ཞིག་ལ།།
ཟང་ཟིང་བཟོ་མཁན་བྱེ་འུ་ལས་གཞན་མེད།།
འོན་ཏང་དེ་རིང་ཁྱེད་ཀྱི་ཅ་ཅོ་ཡིས།།
མ་རུང་བྱས་པས་བདག་གི་ལུས་དང་སེམས།།
གཅིག་ཏུ་མི་གནས་རླུང་གིས་སྐྱོད་པ་བཞིན།།
ཞེད་སྣང་བློ་ཡིས་ཡང་ཡང་བསྒུལ་བ་འདི།།
རྨི་ལམ་དུ་གྱུར་དྲུང་སྲོང་མཐུ་ཡིས་ཟློག།
གོམས་པའི་འདུ་བྱེད་རི་མོ་མ་རྙིང་བ།།
ཚེ་རབས་ལས་ཀྱིས་དེད་པའི་འཇུག་ངོགས་སུ།།
སྒྱུ་མ་ལྟ་བུའི་འཕྲུལ་དང་ལྡན་པ་ཁྱེད།།
ཁོ་བོའི་མིག་ལ་རབ་རིབ་ཉིད་དུ་མཐོང་།།
སྔོན་ཚེ་ནགས་ན་མཛེས་པའི་དྲང་སྲོང་མོ།།
ཏིང་འཛིན་ཟས་ཀྱིས་འགྲངས་པའི་ཉིན་མཚན་ལ།།
ཞེན་པའི་མུ་ཏི་ཀ་ཡི་འོད་ཀྱིས་ནི།།
སུ་ཞིག་ཡིད་ཀྱི་ཁང་བཟང་ཁྱབ་ལགས་སམ།།
མི་རྟག་རྩྭ་ཡི་སྤྱིལ་བུ་འདི་ཉིད་དུ།།
རྐང་བའི་ལོང་བུ་ས་ལས་མ་འགུལ་བར།།
རྟོག་པའི་སྤྲོས་པའི་ཁ་ཚར་གཅོད་པ་ལ།།
ཞི་བའི་ངང་དུ་རོ་གཅིག་ཉལ་དགོས་ཀྱང་།།
མི་རྟོག་སྒོམ་གྱི་ཨང་རག་རལ་བའི་སྐབས།།
ཡིད་ནི་མ་འབྱུང་འདོད་པའི་ཡོན་ཏན་གྱིས།།
བསླུ་བའི་ཆོས་འདི་ནམ་ཡང་རིགས་མིན་ཏེ།།
སྤུ་གྲིའི་སོ་ལ་སྦྲང་རྩི་ཆགས་དང་མཚུངས།།
དེ་ལྟའི་ཚུལ་ལ་སྒོམ་པས་ཀྱང་།།
གཅིག་ཏུ་མི་གནས་དྲང་སྲོང་བ།།
ལུས་ཀྱི་བ་སྤུའི་རྩེ་མོར་ཡང་།།
ངལ་བའི་ཁུར་གྱིས་ཡོངས་མ་བཏང་།།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།