ལྟས་ངན།


དོ་ནུབ་སྔར་གྱི་གནས་མལ་ཕག་ཚང་ན།།
གཏམ་ལ་རྫོགས་ཚིག་འབྲི་མཁན་ལྡོམ་པོ་དེ།།
དམ་ཚིག་གཙང་མ་ཡོད་པའི་ཁེར་ཚུགས་ཤིག།
སེམས་དཀར་ཡིན་མདོག་རྣམ་འགྱུར་ཡག་མདོག་གིས།།
ཚུར་ལ་ནུར་ཏེ་འཛུམ་པ་དགོད་རེ་བྲོ།།
སྣ་རྡོག་འབུ་ཁུང་འདྲ་བོའི་མན་ཆད་ཀྱི།
མ་ནེ་འབུག་ཅིག་འདྲ་བོའི་ཡན་ཆད་ཀྱི།།
ཁ་ནི་སྦུག་ཆ་འདྲ་བོའི་ནང་ལོག་གི།
སྐྱག་རྫུན་ལྡད་ཀྱིན་ཡོང་བའི་ཚུགས་ཀ་དེར།
བལྟས་ན་སྙིང་རེ་རྗེ་བའི་རྣམ་པ་འབྱུང་།།
དུང་སོ་སུམ་ཅུ་འཚང་ཁ་ཤིག་ཤིག་གིས།།
སྐད་ཆ་བཤད་སྐབས་གློ་ལ་རྒྱག་ཞོར་དུ།།
མཆི་མས་ངོ་གདོང་རིང་བོ་འདྲུད་ཞོར་དུ།།
རྨ་ཁ་སྒྱོ་བ་གང་བོ་ཕྱེ་ཞོར་དུ།།
སྡུག་གཏམ་ལུང་བ་གང་བོ་འཁྱེར་ཞོར་དུ།།
མནར་གཅོད་རྩུབ་མདོག་བསྟན་ན་སྙིང་རེ་རྗེ།།
ལང་ཚོ་སྒོར་ལ་བརྗེ་བའི་མཚན་མོ་དེར།།
ལུས་ནི་གཅེར་བུ་རྐང་ནི་རྐང་རྗེན་དུ།།
ཨ་ཕའི་འུར་ཆ་ཨ་མའི་བཞོ་ཟུང་སོགས།།
ཅི་ཞིག་བྱིན་ཀྱང་མི་དགོས་ལྷག་མ་ཞེས།།
རྒྱ་གྲོང་སྐྱག་ཚང་འདྲ་བོ་བརྒྱུད་དུས་སུ།།
སྣང་བ་བསོར་མོ་བཙལ་བའི་མིག་ལམ་དུ།།
རང་སྣང་མཐོ་བོ་ངོམ་བཞིན་བུད་སོང་བས།།
ད་ནི་ཕྱིར་འཁོར་ཕ་མེས་སྲོལ་རྒྱུན་ཞེས།།
ཁ་རུ་ཁ་ཡག་མར་ལོ་འཁྱིལ་བཞིན་དུ།།
འགྱོད་པའི་ཕྱག་གསུམ་འཚལ་བཞིན་སླེབས་སོང་ན།།
འཆམ་མཐུན་ཚུལ་ལྡན་ཡིན་མདོག་མ་བསྟན་ཚེ།།
མི་ཚོས་ཕྲག་དོག་ཉོན་མོངས་ཆེ་འདུག་ཅེས།།
མི་ཚོགས་ཁ་ནི་ཤོག་སྦག་བཀད་པ་བཞིན།།
རྒྱ་གྲོང་གླིང་ནས་གྲགས་ན་ཅིས་མི་སྡུག།
ལྟག་རྒྱབ་བསྐོར་ནས་ལག་འཇུ་བྱས་པ་དེ།།
འུ་ཚོས་ཐེངས་གཅིག་ཚོད་ལྟ་བྱས་ཆོག་གམ།།

              ༢༠༡༨/༠༤/༠༤


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྟས་ངན།

2018-04-04 གཅན་ཡུ་མོ། ཀློག་གྲངས། མཆན ཡོད།


དོ་ནུབ་སྔར་གྱི་གནས་མལ་ཕག་ཚང་ན།།
གཏམ་ལ་རྫོགས་ཚིག་འབྲི་མཁན་ལྡོམ་པོ་དེ།།
དམ་ཚིག་གཙང་མ་ཡོད་པའི་ཁེར་ཚུགས་ཤིག།
སེམས་དཀར་ཡིན་མདོག་རྣམ་འགྱུར་ཡག་མདོག་གིས།།
ཚུར་ལ་ནུར་ཏེ་འཛུམ་པ་དགོད་རེ་བྲོ།།
སྣ་རྡོག་འབུ་ཁུང་འདྲ་བོའི་མན་ཆད་ཀྱི།
མ་ནེ་འབུག་ཅིག་འདྲ་བོའི་ཡན་ཆད་ཀྱི།།
ཁ་ནི་སྦུག་ཆ་འདྲ་བོའི་ནང་ལོག་གི།
སྐྱག་རྫུན་ལྡད་ཀྱིན་ཡོང་བའི་ཚུགས་ཀ་དེར།
བལྟས་ན་སྙིང་རེ་རྗེ་བའི་རྣམ་པ་འབྱུང་།།
དུང་སོ་སུམ་ཅུ་འཚང་ཁ་ཤིག་ཤིག་གིས།།
སྐད་ཆ་བཤད་སྐབས་གློ་ལ་རྒྱག་ཞོར་དུ།།
མཆི་མས་ངོ་གདོང་རིང་བོ་འདྲུད་ཞོར་དུ།།
རྨ་ཁ་སྒྱོ་བ་གང་བོ་ཕྱེ་ཞོར་དུ།།
སྡུག་གཏམ་ལུང་བ་གང་བོ་འཁྱེར་ཞོར་དུ།།
མནར་གཅོད་རྩུབ་མདོག་བསྟན་ན་སྙིང་རེ་རྗེ།།
ལང་ཚོ་སྒོར་ལ་བརྗེ་བའི་མཚན་མོ་དེར།།
ལུས་ནི་གཅེར་བུ་རྐང་ནི་རྐང་རྗེན་དུ།།
ཨ་ཕའི་འུར་ཆ་ཨ་མའི་བཞོ་ཟུང་སོགས།།
ཅི་ཞིག་བྱིན་ཀྱང་མི་དགོས་ལྷག་མ་ཞེས།།
རྒྱ་གྲོང་སྐྱག་ཚང་འདྲ་བོ་བརྒྱུད་དུས་སུ།།
སྣང་བ་བསོར་མོ་བཙལ་བའི་མིག་ལམ་དུ།།
རང་སྣང་མཐོ་བོ་ངོམ་བཞིན་བུད་སོང་བས།།
ད་ནི་ཕྱིར་འཁོར་ཕ་མེས་སྲོལ་རྒྱུན་ཞེས།།
ཁ་རུ་ཁ་ཡག་མར་ལོ་འཁྱིལ་བཞིན་དུ།།
འགྱོད་པའི་ཕྱག་གསུམ་འཚལ་བཞིན་སླེབས་སོང་ན།།
འཆམ་མཐུན་ཚུལ་ལྡན་ཡིན་མདོག་མ་བསྟན་ཚེ།།
མི་ཚོས་ཕྲག་དོག་ཉོན་མོངས་ཆེ་འདུག་ཅེས།།
མི་ཚོགས་ཁ་ནི་ཤོག་སྦག་བཀད་པ་བཞིན།།
རྒྱ་གྲོང་གླིང་ནས་གྲགས་ན་ཅིས་མི་སྡུག།
ལྟག་རྒྱབ་བསྐོར་ནས་ལག་འཇུ་བྱས་པ་དེ།།
འུ་ཚོས་ཐེངས་གཅིག་ཚོད་ལྟ་བྱས་ཆོག་གམ།།

              ༢༠༡༨/༠༤/༠༤


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།