ཡོལ་བའི་ཕག་གི་གླུ་སྐད།(ཞར་བཀོད་གཉིས་ཡོད)

སེར་ལེགས་འཕྲིན།(ཁྱུང་མཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-11-15
མི་ལ་ལྕགས་ཀྱི་ཐུ་ལུམ་མི་འཕྲོད་ཟས་ཀྱི་མཆོད་ཁ་དྭངས་མོ་འདྲེན།།
ལྷ་ཡིས་རང་འབབ་རྫ་ཆུ་མི་སྙོག་རྟོག་བཟོའི་སྨུག་པ་ལང་ལོང་གསོལ།།
ལྷ་མིའི་བདེ་སྡུག་གར་ལ་འདྲེས་པ་དངོས་ཡོད་རྫས་ཀྱི་རབ་ཁ་འདི།།
འབྱུང་བཞིའི་ལྷ་མོ་དལ་གཅིག་འཛུམ་པའི་དཀར་ནག་ལས་ཀྱི་ཕྱི་མོ་ཡིན།།

རྐང་འོག་ས་གཞིར་སེར་ཁ་ཤོར་བས་ཡི་མུག་གཏམ་གྱི་གྲིབ་སོ་ཆད།།
སྣང་བའི་ཆུ་འཛིན་རླུང་གིས་རལ་བས་ཉི་ཟླའི་བགྲོད་པ་ཤང་ཤང་ཐལ།།
ཐུན་མཚམས་ཚིག་གི་འཇུ་ཐག་གློད་པས་ལས་ཀྱི་སྐར་མ་པང་ལ་འཐོར།།
འཁོར་བའི་ཚ་གྲང་གཤོག་རྩེས་གཞལ་བའི་དགུན་གྱི་ཁྲུང་ཁྲུང་བྱང་ལ་འཕུར།།

མེ་ཏོག་ཟིལ་བ་རླུང་གིས་ལྡག་པས་སྒྱུ་མ་འདེད་དམ་ངེས་འབྱུང་སྒོམ།།
སྨིག་རྒྱུའི་ཐང་དང་གློག་གི་ལྗོན་པས་བདག་མེད་སྟོན་ནམ་རྨི་ལམ་འཁྲུགས།།
རྒྱུ་མེད་རྐྱེན་མེད་མཚན་མ་མེད་པ་སྤྲོས་བྲལ་དབྱིངས་ཀྱི་རོལ་བ་འདིས།།
མི་རྟག་སྒྱུ་མའི་དེ་ཉིད་འཁྲབ་ཡོད་མ་འདྲེས་འགྲོ་བས་སྐུལ་བ་ཉིད།།

གཟའ་དང་ཟླ་བ་དུས་གཅིག་ཚེས་པས་རྨི་ལམ་ནང་གི་ཁྱི་གུ་དངངས།།
སྒྲུང་དང་ན་བུན་ལྷན་གཅིག་དྭངས་པས་གཏམ་གྱི་མདུད་པ་རང་སར་ཞིག།
རྟགས་དང་རེ་ཁ་མེ་ལས་ཚ་བའི་མིག་གི་གངས་རི་མཐོ་ཞིང་བརྗིད།།
གླུ་དང་ཀྱལ་ཀའི་ཡོལ་བའི་རྒྱབ་ན་བདེན་པའི་རྣམ་ཤེས་གཅེར་བུར་ངུ།།

མི་ཚེའི་འགྲོ་འོང་བྱེ་བ་ཕྲག་བརྒྱ་མར་མེ་གཉོམ་པོའི་དབུགས་ཀྱིས་བདས།།
སྐལ་བའི་ཕུག་པ་ཚིག་གིས་མ་སྣང་སེམས་པའི་ཨི་ཁུང་དུས་ཀྱིས་བཤངས།།
ཇི་ལྟར་བཙལ་ཡང་རྙེད་དུ་མེད་པའི་ལས་ཀྱི་རི་མོ་བསུབ་ཏུ་མེད།།
གཏད་མེད་འཛིན་མེད་ཚོར་བའི་ཀུ་ཅོ་བདེན་མེད་སྟོང་བའི་བྲག་ཅ་ཉིད།།

                            མགོན་པོ་རྡོ་རྗེ་ལ་དྲིས་པ།

ལས་ཀྱི་བྲག་ཅ་མིག་གིས་ཟིན་ནམ།།
སྒྱུ་མའི་མཁར་རྫོང་བློ་ཡིས་མཐོང་ངམ།།
དཔེ་ཡི་ས་བཀྲ་རྐང་བས་མྱངས་སམ།།
དེ་སྔའི་འཇའ་ཚོན་ད་ལྟ་རྟག་གམ།།
ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཚང་ངམ།།
ཁྱི་ར་རས་པ་གང་དུ་ཕེབས་སམ།།
ཟླ་ཚེས་འདི་ལ་ཕྱིར་ལོག་ཡོང་ངམ།།
འཁྲུལ་བའི་གོམ་ཁ་བརྟན་པོར་འདུག་གམ།།
མགུར་གྱི་ཆུ་ཕྲན་ཤག་ཤག་འབབ་བམ།།
སྣང་སྲིད་འཁོར་བའི་རེའུ་མིག་རྫོགས་སམ།།
སེམས་ཀྱི་མེ་ལྕེ་རུམ་ལ་ཤོང་ངམ།།
སྲ་ཞིང་གྲིམ་པའི་དཔའ་གླུ་ལེན་ནམ།།
མུན་པའི་ཞྭ་ཅོག་ལག་པས་འཕུད་དམ།།
སྐར་འོད་ཆེམ་ཆེམ་གར་ལ་བཞུགས་སམ།།
ཕ་གིའི་གངས་རི་དཔེ་ལ་འཇོག་གམ།།
རྩྭ་མགོའི་ཟིལ་བ་ཚིག་གིས་མཚོན་ནམ།།
སྒྱུ་མའི་རི་དྭགས་འདི་ནས་བྲོས་སམ།།
སྨིག་རྒྱུའི་ཐང་ན་རྐང་རྗེས་སྣང་ངམ།།
ཁོ་རང་བྲོས་པས་མཐའ་ལ་བསླེབས་སམ།།
འཆི་བའི་རྙི་ལས་རྒྱང་ལ་ཐར་རམ།།
ཨ་བོ་མཐུ་ཆེན་གང་ནས་བྱོན་ནམ།།
འདི་ཕྱི་གཉིས་ལ་ཞབས་ཀྱིས་བཅག་གམ།།
འཇིག་རྟེན་འཁོར་བའི་ལ་མོ་བརྒལ་ལམ།།
མི་ཚེ་འདི་ལ་ཐེངས་གཅིག་དྲོ་འམ།།
ཚོར་བའི་གཏིང་ནས་སྐྱོ་བ་འཁྲུངས་སམ།།
སྟོན་མཚན་ཞིག་ལ་མགུར་མ་བཞེངས་སམ།།
བཙའ་ལ་འབྱར་བའི་རི་བོ་སྨྲེང་ངམ།།
སེང་ལྡིང་ནགས་ཀྱི་གཡུ་ལོ་ལྡེམ་མམ།།
ལྟ་བའི་སྒྲུང་ལ་ཨུ་ཁུང་མང་ངམ།།
བྲིས་པའི་གླུ་ལ་ཆོ་འཕྲུལ་ཆེ་འམ།།
ལུས་སེམས་གཉིས་ཀྱིས་བྲོ་ར་བཟོ་འམ།།
ལྷ་མི་རྒྱུ་སའི་གནམ་ས་ཡངས་སམ།།
འཁྲབ་ཚན་འདི་ལ་ཅི་ཞིག་ཟེར་རམ།།
གར་མའི་རྨ་ལྕེ་དར་གྱིས་བསྡམས་སམ།།
རྟོག་པའི་མདའ་གཞུ་རུམ་ནས་ཆག་གམ།།
གཏམ་དང་བརྗོད་པར་ཐན་པ་བྱུང་ངམ།།
ལམ་གྱི་ཀྱག་ཀྱོག་བློ་ལ་འབྲི་འམ།།
སྒོ་ར་འདི་ཡི་ཟིན་ཐོ་ཀློག་གམ།།
ཟླ་འོད་ཆག་པོའི་རྨ་ཁ་རིག་གམ།།
གོམ་ཁ་རལ་བ་གཏམ་གྱིས་བཙེམས་སམ།།
ལོ་ཟླ་དེ་ལ་ཤུགས་བསྟན་མང་ངམ།།
བསྐལ་བའི་གཅོང་རོང་སྨག་གིས་བཟུང་ངམ།།
ཟེའུ་འབྲུ་རེ་རེ་ལྕེ་ལ་སྐ་འམ།།
འཇིག་རྟེན་ཆོས་བརྒྱད་ད་དུང་འཁྲབ་བམ།།

                            འདུ་འཛི་ཆེ་བའི་སྲང་ལམ།

སྣང་བའི་སྒྲོམ་དེ་ཚོན་གྱིས་བཀང་ཡོད་རྟོག་པའི་རི་མོ་སེམས་ལ་འཁྱུག་ཡོད་སེམས་ཀྱི་བས་མཐའ་བཤད་པས་མི་མཚོན།།
བོར་བའི་གཟུགས་ཏེ་ལས་ཀྱིས་མ་རྙེད་ནམ་མཁའ་སྟོང་བ་རྡུལ་གྱིས་བཟུང་འདུག་འཁོར་བའི་ཆོག་ཤེས་མིག་གིས་མ་ཟིན།།
དེ་རིང་ཞོགས་ཀའི་ཉི་མ་དེ་ཡང་ཁ་སང་སྲང་གི་མེ་ལོང་ལྟ་བུར་མི་ཁའི་མཚོན་དང་གཉེར་མས་གཡོགས་འདུག།
ལྕགས་གླིང་ནག་པོའི་མགྲིན་པའི་ཕུག་ཏུ་སྐལ་བ་སྟོང་གི་མུ་ཅོར་ཁག་འདུག་རྨི་ལམ་ནང་གི་འཁྲི་ཤིང་འགྱེལ་འདུག།
སྲང་ལམ་དོག་མོའི་སྒྲ་སྒམ་ནང་ནས་ཚེ་ཡི་བུ་ལོན་གླུ་རུ་གྱེར་སོང་གླུ་བའི་ཕ་ས་གང་དུ་ཡོད་དམ།།
དེ་ཡི་རྗེས་ནས་སྒྲུང་ཞིག་གྲགས་མོད་སྒྲུང་རྟ་དགུ་སངས་དྲུག་འགྱུར་བོར་ནས་སྒྲུང་མཁན་མགྲིན་པ་མཆི་མས་བརྣངས་བྱུང་།།
གོམ་ཆུང་རྡོག་པ་ཕར་ལ་བརྒྱབ་ཚེ་མི་ཚོགས་འཁྲིགས་པའི་རྒྱ་ལམ་སྟེང་དུ་མེས་པོའི་བ་སོའི་ཕྲེང་བ་འཐོར་འདུག།
དམར་ཆུང་བྱུ་རུའི་མདོ་འཛིན་བོར་འདུག་གཟུངས་སྔགས་ཟབ་མོའི་བསོགས་མཚམས་འཆུག་འདུག་ཡིད་ཤེས་རྣལ་མའི་དྲན་པ་ཉམས་འདུག།
འབྲོང་རྭའི་གཞུ་མཆོག་དུམ་བུར་གཏུབ་སྟེ་གཞུ་རྒྱུན་མཁྲེགས་པོས་ལྷམ་སྒྲོག་བྱས་ནས་གཞུ་རྟིང་གན་མོས་ཟ་ཐུར་ལས་འདུག།
ལེབ་ཆེན་ངར་མ་བཤའ་གྲི་བཙོང་སྟེ་གྲི་ཤུབས་སྟོང་བ་རག་གིས་ཤན་ནས་འདི་ནི་གཞལ་མེད་གནའ་རྫས་ཡིན་ཟེར།།
སྲང་ལམ་མགོ་རྔ་འདམ་ཆུས་སྦགས་འདུག་མི་ཚོགས་ཀླད་པ་རྫས་ཀྱིས་བཀང་འདུག་བརྩེ་བའི་སྙིང་གཏམ་སུ་ལ་ཤོད་དམ།།
དུས་ཚོད་གདོང་གི་ཆུ་བོ་བྲུགས་ཏེ་བདེན་པ་སྲོག་གི་མ་ཕྱི་བསུབས་སོང་སེམས་ཀྱི་ཡིག་ཆུང་གང་དུ་འབྲི་འམ།།
གློག་སྡོང་ནད་པའི་སྒལ་བའི་སྟེང་དུ་གློག་སྐུད་སྨྲེང་བས་ཤུགས་གླུ་ཤིར་ཤིར་ང་ཡི་བྱེའུ་ཆུང་གང་དུ་འབབ་བམ།།
ཆུང་ནས་འདྲིས་པའི་རྫི་གྲོགས་བུ་མོས་གདོང་ལ་ཚོས་ཀྱི་རྒྱ་གྲམ་བྲིས་ནས་ཨ་བོ་ཁྱོད་རང་གང་གི་ཡིན་ཟེེར།།
སེམས་ཀྱི་རྨ་ཁ་ལག་པས་གབ་ནས་རྒྱང་རིང་མཚམས་ཀྱི་གངས་རིར་ལྟ་བཞིན་སྐྱོ་བས་ཀི་གསུམ་ཤེད་ཀྱིས་བཏབ་པར།།
བཞོན་པའི་རྟ་ཕོ་རི་ནས་འཚེར་བྱུང་འགྲོགས་པའི་གྲིབ་མ་རླུང་གིས་བདས་སོང་སེམས་པ་དངངས་པའི་དབྱིངས་ལ་བཏགས་སོང་།།
 
རྩོམ་སྒྲིག་པ། དབང་མོ།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡོལ་བའི་ཕག་གི་གླུ་སྐད།(ཞར་བཀོད་གཉིས་ཡོད)

2018-11-15 སེར་ལེགས་འཕྲིན།(ཁྱུང་མཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།