འཆར་ཡན་འཁྱག་པ།

 

ཚོགས་དྲུག་ཐང་དུ་ཡུལ་གྱི་རྒྱ་སེ་གད།།
ཞེ་ཡི་མིག་གིས་སྙིང་གི་ཤ་ཚིལ་སྒུལ།།
རྣ་འབྱོག་ངོས་སུ་ཁུ་ཡུག་འཕུར་ཙང་རྒྱག།
དེ་དུས་སྟོན་ཟླ་འཛུམ་འབྲས་སྨུག་གེར་ཡོད།།
དེ་དུས་དཔྱིད་ལྗོངས་འཛུམ་ཁ་གྲོལ་ལེར་ཡོད།།

ཚོར་བའི་དགུང་དུ་ཁྱོད་ཀྱི་ཟླ་འོད་འཚེར།།
དྲན་གཞས་ནང་དུ་སྨུག་པ་ཟ་ཟི་འཐིམས།།
མི་ཚེའི་གཙང་དབྱངས་ཆད་པ་མ་ལགས་ན།།
ལྷུང་ལྷུང་བཅས་ཏེ་འཚོ་བའི་ཕ་མཐར་བཞུད།།
ཆུ་རིས་ཤིག་ཤིག་སྙིང་ཆུང་བརླན་ཏེ་འགྲོ།

སྣང་བའི་རྟ་ཕོ་སེམས་ཀྱི་སྒྲོག་གིས་བཅིངས།།
སྲབ་སྐྱོགས་འཐེན་པའི་ཡིད་འོང་མི་ལགས་ཀྱེ།།
གྲུག་ཤུར་མདོ་རུ་ལྕག་ཚན་གཞུས་སམ་ཅི།།
བྱང་ལམ་བགྲོད་པའི་གོམ་འགྲོས་མྱུར་བ་ལ།།
རབ་མེད་བརྒལ་བར་ཡིད་ཆུང་ལྷེམ་པ་ལ།།

                 ༢༠༡༨  ༡༠ ༢༡

 

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆར་ཡན་འཁྱག་པ།

2018-12-17 གུ་དཔལ་ཤིས། ཀློག་གྲངས། མཆན ཡོད།

 

ཚོགས་དྲུག་ཐང་དུ་ཡུལ་གྱི་རྒྱ་སེ་གད།།
ཞེ་ཡི་མིག་གིས་སྙིང་གི་ཤ་ཚིལ་སྒུལ།།
རྣ་འབྱོག་ངོས་སུ་ཁུ་ཡུག་འཕུར་ཙང་རྒྱག།
དེ་དུས་སྟོན་ཟླ་འཛུམ་འབྲས་སྨུག་གེར་ཡོད།།
དེ་དུས་དཔྱིད་ལྗོངས་འཛུམ་ཁ་གྲོལ་ལེར་ཡོད།།

ཚོར་བའི་དགུང་དུ་ཁྱོད་ཀྱི་ཟླ་འོད་འཚེར།།
དྲན་གཞས་ནང་དུ་སྨུག་པ་ཟ་ཟི་འཐིམས།།
མི་ཚེའི་གཙང་དབྱངས་ཆད་པ་མ་ལགས་ན།།
ལྷུང་ལྷུང་བཅས་ཏེ་འཚོ་བའི་ཕ་མཐར་བཞུད།།
ཆུ་རིས་ཤིག་ཤིག་སྙིང་ཆུང་བརླན་ཏེ་འགྲོ།

སྣང་བའི་རྟ་ཕོ་སེམས་ཀྱི་སྒྲོག་གིས་བཅིངས།།
སྲབ་སྐྱོགས་འཐེན་པའི་ཡིད་འོང་མི་ལགས་ཀྱེ།།
གྲུག་ཤུར་མདོ་རུ་ལྕག་ཚན་གཞུས་སམ་ཅི།།
བྱང་ལམ་བགྲོད་པའི་གོམ་འགྲོས་མྱུར་བ་ལ།།
རབ་མེད་བརྒལ་བར་ཡིད་ཆུང་ལྷེམ་པ་ལ།།

                 ༢༠༡༨  ༡༠ ༢༡

 

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།