སྒྱུ་མའི་མེ་ཏོག་རྡུལ་འཛིན་མ།
དཀར་ནག་རྟེན་གྱི་དབྱིངས་རིམ་ནས།།
ལས་ཀྱི་མར་མེ་མངོན་ཆུང་མ།།
དལ་གཅིག་རླུང་གིས་གཡོ་བའི་དུས།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
མི་འཇིགས་སྙིང་རྗེའི་འཛུམ་དཀར་གྱིས།།
ཆུ་བུར་མིག་ལ་ས་མཁན་མཛད།།
སྣ་ཚོགས་འཁོར་བའི་འཐབ་རྩོད་ཁྲོད།།
ལུས་པོ་འཚང་ཁས་བརྙས་པ་དང་།།
སེམས་པ་ག་ཞས་བསླུས་པ་ན།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
ཐབས་དང་བདེན་པའི་གློག་འོད་ཀྱིས།།
རྐྱེན་གྱི་མུན་པ་སྣང་བར་བྱས།།
འདིར་སྣང་འཚོ་བའི་དགའ་ཚལ་ནས།།
སྣང་བ་རི་དྭགས་ཆ་གཅིག་ལ།།
དབང་དང་དངུལ་གྱི་མདའ་ཕོག་ཚེ།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
བྱམས་དང་བརྩེ་བའི་གོས་དཀར་གྱིས།།
འབྱུང་བ་སེམས་ཀྱི་རྨ་ཁ་གསོས།།
དུས་ཀྱི་བེམ་རོའི་ཚལ་ནང་ནས།།
ཤེས་པའི་བུ་ཆུང་འཁྱམ་པ་དང་།།
སྨྲ་སྒོའི་མཚོན་ཆ་བོར་བའི་དུས།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
དབྱངས་གསལ་འཕྲུལ་གྱི་ཞགས་པ་ཡིས།།
མི་ཤིགས་ཐབས་ཀྱི་འཕོ་བ་འདེབས།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
ཉི་ཟེར་སོར་མོས་ཕབ་པ་དང་།།
ཟླ་འོད་ལན་བུས་འཁྲིད་པ་ཡི།།
ཉིན་དང་མཚན་མོའི་སྤྲུལ་བསྒྱུར་འདིས།།
ངག་གི་ར་རི་སེལ་བའི་ངང་།།
རིག་བྱེད་དབྱངས་ཀྱི་བཙན་ས་ཟིན།།
སེམས་ཀྱི་ཉོན་མོངས་ཞི་བ་དང་།།
ལུས་ཀྱི་སྲེད་པ་དག་གྱུར་ནས།།
སྐྱེ་འཆིའི་བཙོན་ལས་ཐར་བ་ན།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
ཟག་མེད་གླུ་ཡི་དགའ་སྟོན་གྱིས།།
རྫོགས་ལྡན་ཕྱི་མའི་སྣང་བ་འགྲེམ།།
2019/9/18 ཕྱི་དྲོའི་ཆ་ལ།
ལས་ཀྱི་མར་མེ་མངོན་ཆུང་མ།།
དལ་གཅིག་རླུང་གིས་གཡོ་བའི་དུས།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
མི་འཇིགས་སྙིང་རྗེའི་འཛུམ་དཀར་གྱིས།།
ཆུ་བུར་མིག་ལ་ས་མཁན་མཛད།།
སྣ་ཚོགས་འཁོར་བའི་འཐབ་རྩོད་ཁྲོད།།
ལུས་པོ་འཚང་ཁས་བརྙས་པ་དང་།།
སེམས་པ་ག་ཞས་བསླུས་པ་ན།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
ཐབས་དང་བདེན་པའི་གློག་འོད་ཀྱིས།།
རྐྱེན་གྱི་མུན་པ་སྣང་བར་བྱས།།
འདིར་སྣང་འཚོ་བའི་དགའ་ཚལ་ནས།།
སྣང་བ་རི་དྭགས་ཆ་གཅིག་ལ།།
དབང་དང་དངུལ་གྱི་མདའ་ཕོག་ཚེ།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
བྱམས་དང་བརྩེ་བའི་གོས་དཀར་གྱིས།།
འབྱུང་བ་སེམས་ཀྱི་རྨ་ཁ་གསོས།།
དུས་ཀྱི་བེམ་རོའི་ཚལ་ནང་ནས།།
ཤེས་པའི་བུ་ཆུང་འཁྱམ་པ་དང་།།
སྨྲ་སྒོའི་མཚོན་ཆ་བོར་བའི་དུས།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
དབྱངས་གསལ་འཕྲུལ་གྱི་ཞགས་པ་ཡིས།།
མི་ཤིགས་ཐབས་ཀྱི་འཕོ་བ་འདེབས།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
ཉི་ཟེར་སོར་མོས་ཕབ་པ་དང་།།
ཟླ་འོད་ལན་བུས་འཁྲིད་པ་ཡི།།
ཉིན་དང་མཚན་མོའི་སྤྲུལ་བསྒྱུར་འདིས།།
ངག་གི་ར་རི་སེལ་བའི་ངང་།།
རིག་བྱེད་དབྱངས་ཀྱི་བཙན་ས་ཟིན།།
སེམས་ཀྱི་ཉོན་མོངས་ཞི་བ་དང་།།
ལུས་ཀྱི་སྲེད་པ་དག་གྱུར་ནས།།
སྐྱེ་འཆིའི་བཙོན་ལས་ཐར་བ་ན།།
སྒྱུ་མའི་མེ་ཏོག་རྡུལ་འཛིན་མས།།
ཟག་མེད་གླུ་ཡི་དགའ་སྟོན་གྱིས།།
རྫོགས་ལྡན་ཕྱི་མའི་སྣང་བ་འགྲེམ།།
2019/9/18 ཕྱི་དྲོའི་ཆ་ལ།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།