ཕ་ཡུལ།

འབྲོག་ཀློའུ་སྒྲོལ་རྡོ།(ལན་ཀྲུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-02-26
གངས་དང་ཁ་བའི་འཛུམ་མདངས་མ་རྙིངས་ཤིང་།།
སྤྲིན་པ་དཀར་ཆུང་དག་ཀྱང་མ་ཐོར་བའི།།
ནམ་མཁའ་སྔོན་པོ་དེ་ཡི་གདུགས་འོག་ཏུ།།
གྲང་འཁྱག་ནང་གི་བདག་གི་ཕ་ཡུལ་བཞུགས།།

སྤྲིན་པའི་དར་ཟབ་ཤམ་མེ་བརྐྱངས་པ་དང་།།
ཆུ་མོ་དངུལ་དཀར་ཕྱང་ངེ་འབབ་པ་ཡི།།
ཤིང་སྣ་ལྗོན་པ་བསྡེབས་པའི་བསིལ་འོག་ཏུ།།
ཁ་འདོན་གྲེ་བར་བསྐྱིལ་བའི་བགྲེས་སོང་བཞུགས།།

མཁུར་ཚོས་དམར་འཛུམ་ཐིག་ལེ་བསྐུས་འདྲ་བའི།།
གཟུགས་དང་ཁ་འབྲས་སིལ་ཏོག་སྨིན་འདྲ་ཡི།།
ག་ཞ་གད་མོའི་འཛུམ་པའི་མདངས་འོག་ཏུ།།
ཡིད་ཀྱི་གོང་བུར་འཚེར་བའི་ཕུ་ནུ་བཞུགས།།

མི་ཚེའི་འཕང་དུ་བཀལ་བའི་སྐུད་པ་ལྟར།།
དཀར་ནག་ཐ་གུ་བཞིན་དུ་འཛིང་བ་ཡི།།
དྲོ་འཁྱག་སྤེལ་མར་བསྣོལ་བའི་ཐབ་ཚང་གི།
དགའ་ངུ་སྡུག་ངུའི་དབྱངས་རྟ་ཆད་མ་མྱོང་།།

རྫ་སྲུབས་མེ་ཏོག་རླུང་གིས་བསྒུལ་བ་དང་།།
རི་ཡི་སྒང་རྐེད་སྤེན་མས་བརྒྱན་པ་ཡི།།
ལམ་གྱི་ཁུག་དང་རི་ཡི་སུལ་དག་ཏུ།།
ཕ་ཡུལ་ཞེས་པ་སྤེན་རྩའི་དྲོད་ལྟར་བསྐྱིལ།།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ།

2020-02-26 འབྲོག་ཀློའུ་སྒྲོལ་རྡོ།(ལན་ཀྲུ) ཀློག་གྲངས། མཆན ཡོད།
གངས་དང་ཁ་བའི་འཛུམ་མདངས་མ་རྙིངས་ཤིང་།།
སྤྲིན་པ་དཀར་ཆུང་དག་ཀྱང་མ་ཐོར་བའི།།
ནམ་མཁའ་སྔོན་པོ་དེ་ཡི་གདུགས་འོག་ཏུ།།
གྲང་འཁྱག་ནང་གི་བདག་གི་ཕ་ཡུལ་བཞུགས།།

སྤྲིན་པའི་དར་ཟབ་ཤམ་མེ་བརྐྱངས་པ་དང་།།
ཆུ་མོ་དངུལ་དཀར་ཕྱང་ངེ་འབབ་པ་ཡི།།
ཤིང་སྣ་ལྗོན་པ་བསྡེབས་པའི་བསིལ་འོག་ཏུ།།
ཁ་འདོན་གྲེ་བར་བསྐྱིལ་བའི་བགྲེས་སོང་བཞུགས།།

མཁུར་ཚོས་དམར་འཛུམ་ཐིག་ལེ་བསྐུས་འདྲ་བའི།།
གཟུགས་དང་ཁ་འབྲས་སིལ་ཏོག་སྨིན་འདྲ་ཡི།།
ག་ཞ་གད་མོའི་འཛུམ་པའི་མདངས་འོག་ཏུ།།
ཡིད་ཀྱི་གོང་བུར་འཚེར་བའི་ཕུ་ནུ་བཞུགས།།

མི་ཚེའི་འཕང་དུ་བཀལ་བའི་སྐུད་པ་ལྟར།།
དཀར་ནག་ཐ་གུ་བཞིན་དུ་འཛིང་བ་ཡི།།
དྲོ་འཁྱག་སྤེལ་མར་བསྣོལ་བའི་ཐབ་ཚང་གི།
དགའ་ངུ་སྡུག་ངུའི་དབྱངས་རྟ་ཆད་མ་མྱོང་།།

རྫ་སྲུབས་མེ་ཏོག་རླུང་གིས་བསྒུལ་བ་དང་།།
རི་ཡི་སྒང་རྐེད་སྤེན་མས་བརྒྱན་པ་ཡི།།
ལམ་གྱི་ཁུག་དང་རི་ཡི་སུལ་དག་ཏུ།།
ཕ་ཡུལ་ཞེས་པ་སྤེན་རྩའི་དྲོད་ལྟར་བསྐྱིལ།།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།