མཁས་དབང་དགེ་འདུན་ཆོས་འཕེལ་རྗེས་དྲན།

གཉགས་གཅོད་ཁོ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-09-21

དཔག་བསམ་ལྗོན་པའི་ནོར་བུ་མེ་ལ་བསྲེགས།།
དགོས་འདོད་ཀུན་འབྱུངནོར་བུ་ངོས་མ་ཟིན།།
དགེ་སྒྲུབ་ཁས་འཆེ་སྲིད་ཁྲིམས་དབང་འཛིན་མཁན།།
བོད་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུཊ་ཀྱིས།།
བོད་ཀྱི་འདུན་ལམ་དུས་ཀྱི་མཐའ་ལ་བསྐྱལ།།
ཆོས་པ་ཆོས་སར་མི་བཞུཊ་ཆཊ་སྲེད་གནས།།
ཆབ་སྲིད་འཛིན་རྣམས་དམྱལ་ཁམས་མི་འགྲིམ་མམ།།
མི་ཆོས་འཇིག་རྟེན་ཆོས་བརྒྱད་བློས་བཏང་སྟེ།།
གཞན་ཕན་བྱང་ཆུབ་སེམས་མཆོག་འཕེལ་བཞིན་པའི།།
སྲིད་སྐྱོང་སུ་ཞིག་འཛམ་བུ་གླིང་འདིར་རྙེད།།
ཐབས་ཤེས་གཉིས་ལྡན་མཁས་དབང་ཁྲིམས་ལ་སྦྱར།།
བླུན་པོ་ནོར་རྐྱལ་བ་ཚོས་རྒྱལ་སྲིད་བསྐྱངས།།
མཐའ་མར་རང་གཞན་གཉིས་ཕུང་མཇུག་འབྲས་འདི།།
ད་ལྟའི་བརཡང་སྐྱོན་ཆར་མི་སེམས་པའི།།
ང་ཚོ་བོད་པ་ཚང་འདི་སྙིང་རྗེ་ཡུལ།།།

                        ཞེས་ཕྱི་ལོ2020/9/14ཉིན་རང་ཁྱིམ་གཡུ་ལོ་བཀོད་པའི་དགའ་ཚལ་དུ་བྲིས་པ་དགེའོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁས་དབང་དགེ་འདུན་ཆོས་འཕེལ་རྗེས་དྲན།

2020-09-21 གཉགས་གཅོད་ཁོ།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔག་བསམ་ལྗོན་པའི་ནོར་བུ་མེ་ལ་བསྲེགས།།
དགོས་འདོད་ཀུན་འབྱུངནོར་བུ་ངོས་མ་ཟིན།།
དགེ་སྒྲུབ་ཁས་འཆེ་སྲིད་ཁྲིམས་དབང་འཛིན་མཁན།།
བོད་པའི་ཆོས་སྲིད་ཟུང་འབྲེལ་ལམ་ལུཊ་ཀྱིས།།
བོད་ཀྱི་འདུན་ལམ་དུས་ཀྱི་མཐའ་ལ་བསྐྱལ།།
ཆོས་པ་ཆོས་སར་མི་བཞུཊ་ཆཊ་སྲེད་གནས།།
ཆབ་སྲིད་འཛིན་རྣམས་དམྱལ་ཁམས་མི་འགྲིམ་མམ།།
མི་ཆོས་འཇིག་རྟེན་ཆོས་བརྒྱད་བློས་བཏང་སྟེ།།
གཞན་ཕན་བྱང་ཆུབ་སེམས་མཆོག་འཕེལ་བཞིན་པའི།།
སྲིད་སྐྱོང་སུ་ཞིག་འཛམ་བུ་གླིང་འདིར་རྙེད།།
ཐབས་ཤེས་གཉིས་ལྡན་མཁས་དབང་ཁྲིམས་ལ་སྦྱར།།
བླུན་པོ་ནོར་རྐྱལ་བ་ཚོས་རྒྱལ་སྲིད་བསྐྱངས།།
མཐའ་མར་རང་གཞན་གཉིས་ཕུང་མཇུག་འབྲས་འདི།།
ད་ལྟའི་བརཡང་སྐྱོན་ཆར་མི་སེམས་པའི།།
ང་ཚོ་བོད་པ་ཚང་འདི་སྙིང་རྗེ་ཡུལ།།།

                        ཞེས་ཕྱི་ལོ2020/9/14ཉིན་རང་ཁྱིམ་གཡུ་ལོ་བཀོད་པའི་དགའ་ཚལ་དུ་བྲིས་པ་དགེའོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།