བསླུ་མེད་ཨ་མ་རྒན་མོ།

སྦྲང་བུ།(དཀར་མཛེས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-10-25
           སྟོད་ཆ།
      
ངེས་འབྱུང་གདངས་ཀྱི་གྲུ་ཁ་ནས།།
པདྨའི་མདངས་ཀྱིས་དྲི་འཐུལ་ཏེ།།
འོག་མིན་དོན་གྱི་ཞིང་ས་ནས།།
ཡང་དག་བླ་མ་སྙིང་ནས་འདུད།།
གང་ཞིག་བློ་གྲོས་མངའ་བའི་མ།།
འཁོར་བའི་གྲོང་གི་ཕ་མཐའ་ནས།།
མ་ཎི་དབྱངས་ཀྱི་ངག་འགྲོས་ཏེ།།
སྙན་མོ་སྒྲ་རྣམས་མ་ལུས་པར།།
གདངས་དེའི་འགྲོས་སུ་ཡོང་དོན་ཅི།།
ཨ་མ་རྒན་མོ་ལྷ་མོ་ཀྱེ།།
བུ་ཆུང་ངག་ལས་ཚིག་འདི་བཏུས།།
རྒྱལ་བའི་བཀའ་ལས་མ་མཆིས་པར།།
བུ་ཆུང་ང་ལ་གནང་ཡ་མེད།།
སྔོན་བསགས་ལས་ཀྱི་སྣང་བ་དེས།།
དབང་པོའི་ལུས་སོགས་སྐྱོན་མེད་བྱུང་།།
རྒྱལ་བའི་བཀའ་ལ་བློ་བསྟེན་བས།།
བག་ཆགས་ཤིག་སྟེ་འདི་ལྟར་རོ།།
ཨ་མ་རྒན་མོ་བློ་རེར་བདེ།།
བསླུ་མེད་དཀོན་ཅོག་སེམས་སུ་བཟུང་།།
ད་ལྟའི་བདེ་བ་ཁོང་གིས་གནོངས།།
མ་འོངས་བགྲོད་ལམ་ཁོང་གིས་སྟོན།།
ང་ཡི་བསླུ་མེད་དཀོན་ཅོག་མཁྱེན།།
གཟུང་འཛིན་གཉིས་ཀྱི་སྣང་བ་རུ།།
ཨ་མ་རྒན་མོའི་འཛུམ་ཞལ་མཐོང་།།
སེམས་འདི་སྐབས་འགར་དུག་གིས་ཟིན།།
འཛུམ་ཞལ་བག་གི་བྱམས་པ་རེས།།
བསླུ་མེད་གཙང་བོ་དང་དུ་བརྒལ།།
ཨ་མ་རྒན་མོ་བཀའ་དྲིན་ཆེ།།
སྤྱན་གྱིས་གཟིགས་པའི་ལམ་སྣེ་རུ།།
འཁོར་བའི་ཆོས་ཉིད་ངག་ཏུ་འཐིམས།།
འགྱུར་བ་སྣ་ཚོགས་ངོགས་སུ་བྱོན།།
ཁྲ་ཆིལ་འཁྱིལ་བའི་གཞིས་དེ་རུ།།
འགྱུར་མེད་ཨ་མའི་དྲོད་ཁོལ་གྱིས།།
ས་མཐའི་ཡུལ་གྱི་བུ་ཆུང་དེ།།
བྱམས་བརྩེའི་དྲོད་ལས་སྐྱོར་གྱིན་སྐད།།
ནམ་ཟླ་བཞི་བོ་མཐུད་ཀྱིས་སླེབས།།
ཨ་མ་རྒན་མོའི་བཞིན་རས་ཀྱང་།།
ཆུ་ཡི་གཉེར་མ་གདོང་དུ་སླེབས།།
དགུན་གྱི་ཁ་བ་མགོ་རུ་སླེབས།
མ་རྒན་སེམས་ཀྱི་ཨ་ལོང་དེ།།
ཚེ་འདིར་ལ་མོ་བརྒལ་སྟངས་འདི།།
བུ་ཆུང་སྙིང་དུ་རྨ་ཤུལ་ལྷུང་།།
ལྷ་སའི་ཇོ་བོའི་མེ་ལོང་དུ།།
ལྷན་ཅིག་ངག་གིས་དམ་བཅས་ཏེ།།
བར་སྐོར་གླིང་གི་རྒྱལ་སྲས་ལ།།
གསོལ་འདེབས་སྙིང་གི་གྲུབ་པ་ཞིག།
ཡང་ནས་ཞུས་ཀྱིན་ཞུས་ཀྱིན་སོང་།།
འཛིན་པ་མིན་ན་སྟོང་འཁྱམ་དུ།།
ཀ་དག་ཡུལ་གྱི་བཞིན་རས་སུ།།
སྐྱེ་འཆི་གཉིས་ཀྱིས་རྗེས་དེད་ནས།།
མ་བསམས་སྙིང་གི་དྲན་པ་ཞིག།
གློ་བུར་ཞིག་ཏུ་གཡོ་བ་འདི།།
སྐད་ཅིག་མི་སྡོད་དང་དུ་གྱེས།།
ཨ་མ་རྒན་མོའི་ན་ཚོད་ཅིག།
ལོག་ཕེབས་མེད་བ་ཅི་ཡིན་ནམ།།
སྣ་ཚོགས་རྐྱེན་ལས་བྱུང་བ་འདི།།
སྲིད་པ་ཆགས་ནས་ད་ལྟའི་བར།།
མཛུབ་མོ་བཙུགས་ས་མེད་དོན་ཅི།།
ཁོ་བོའི་ཡིད་ལས་ན་ཚོད་ཅིག།
ཨ་མ་རྒན་མོ་ཁྱེད་ལ་སྟེར།།
ལོག་ཕེབས་རིང་གི་དུས་ཚོད་ཅིག།
བུ་ཆུང་ང་ལ་བསྟན་ཙམ་གྱིས།།
གཞོན་པ་དུས་ཀྱི་ནམ་ཟླ་རུ།།
འཛུམ་ཞལ་འོག་གི་མེ་ཏོག་སྙམ།།
ཨ་མ་རྒན་མོ་ཚེ་རིང་མ།།
ཡང་དག་སྙིང་གི་དཀྱིལ་དུ་འཁྲུངས།།
ལྷ་མོ་དེ་ཡི་གཅེས་སུ་མེད།།
ཀླུ་མོ་དེ་ཡི་རིགས་སུ་མིན།།
གངས་དཀར་སེམས་ཀྱི་ཨ་ལོང་དུ།།
ལྷ་མོ་ཀླུ་སོགས་ཀུན་ལས་མཆོག།
             2020 4 10
          སྨད་ཆ།

གཡུ་ཡི་ཨ་ལོང་ནང་དུ་ཡང་།།
ངལ་བ་རིང་བའི་ལན་བུ་ཅན།།
ངག་གི་ཟེའུ་འབྲུ་མ་ཆད་པ།།
ལས་ཀྱི་མཚོ་རུ་ཞུགས་པ་མཐོང་།།

དྲན་པ་འདི་ཡིས་གང་དུ་འཁྲིད།།
མཁའ་འགྲོའི་གར་གྱི་ཕར་སྣང་ན།།
སྐུ་རྐྱང་ཡིན་པའི་འཕགས་མ་ཞིག།
འཐག་ར་རིན་ཆེན་སྒ་གཞི་ན།།
འཛུམ་ཞལ་དུང་ཟླ་ཤར་བ་མཐོང་།།

ཡང་དག་ལས་ཀྱི་ཆོ་འཕྲུལ་མ།།
བརྩེ་བའི་ངག་ནས་བོས་པའི་ཚེ།།
ཁུ་བྱུག་དང་ནི་གཉིས་སུ་མེད།།
ཞི་བའི་གདངས་ཤིག་རྣ་རུ་བརྒྱུས།།
ལོ་ན་རྒས་ཀྱང་ལོས་བདེན་མོད།།
བརྩེ་བའི་གཞུང་གི་ལོ་མ་ནི།།
སྔར་ལས་འབུས་ཤིང་སྔར་ལས་རྒྱས།།
རིན་ཆེན་སྟོང་གིས་གྲུབ་པ་ཞིག།
ཁོ་ལག་ཡངས་པའི་བྱང་ཆུབ་མ།།
གཞས་ཆུང་བརྡ་ཡི་སྙིང་བོ་འདི།།
ཌཱ་ཀི་མ་ཡི་དངོས་གྲུབ་ཀྱིས།།
ལན་གསུམ་བླངས་ཤིང་དགའ་བར་མཛད།།

ཡང་དག་ལས་ཀྱི་མིག་ཡངས་མ།།
མིག་གཉིས་འདབས་ཀྱི་ལྷ་མོ་མཆོག།
ལང་ཚོ་སྙེ་མ་བདག་ལ་གཡོ།།
ལུས་ཀྱི་ཟུངས་བཅུད་བདག་ལ་གནང་།།
ཅི་ཞིམ་ཟ་རིགས་བདག་ལ་གནང་།།
ཡིད་འོང་སྟེང་གི་བདག་མོ་མ།།
དྲན་པའི་མཐིལ་གྱི་འཕགས་མ་མཆོག།
ངག་གི་རྒྱུ་བ་མ་ཆད་ཚེ།།
བྱམས་པ་དང་ནི་སྙིང་རྗེ་གཉིས།།
མགུར་ཆེན་པོ་ཏི་ཁྱེད་ལ་ཕུལ།།
མི་རྟག་འཇིག་པའི་མགུར་ཆེན་གཅིག།
འཁོར་བ་སྤངས་པའི་མགུར་ཆེན་གཉིས།།
ལས་འབྲས་སྲུང་བའི་མགུར་ཆེན་གསུམ།།
སྤང་བླང་གཉིས་ཀྱི་ཉག་ག་ཅན།།
ཁྱེད་ལ་མགུར་ཆོག་འཕགས་མ་མཆོག།
            2021 7 10
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བསླུ་མེད་ཨ་མ་རྒན་མོ།

2021-10-25 སྦྲང་བུ།(དཀར་མཛེས) ཀློག་གྲངས། མཆན ཡོད།
           སྟོད་ཆ།
      
ངེས་འབྱུང་གདངས་ཀྱི་གྲུ་ཁ་ནས།།
པདྨའི་མདངས་ཀྱིས་དྲི་འཐུལ་ཏེ།།
འོག་མིན་དོན་གྱི་ཞིང་ས་ནས།།
ཡང་དག་བླ་མ་སྙིང་ནས་འདུད།།
གང་ཞིག་བློ་གྲོས་མངའ་བའི་མ།།
འཁོར་བའི་གྲོང་གི་ཕ་མཐའ་ནས།།
མ་ཎི་དབྱངས་ཀྱི་ངག་འགྲོས་ཏེ།།
སྙན་མོ་སྒྲ་རྣམས་མ་ལུས་པར།།
གདངས་དེའི་འགྲོས་སུ་ཡོང་དོན་ཅི།།
ཨ་མ་རྒན་མོ་ལྷ་མོ་ཀྱེ།།
བུ་ཆུང་ངག་ལས་ཚིག་འདི་བཏུས།།
རྒྱལ་བའི་བཀའ་ལས་མ་མཆིས་པར།།
བུ་ཆུང་ང་ལ་གནང་ཡ་མེད།།
སྔོན་བསགས་ལས་ཀྱི་སྣང་བ་དེས།།
དབང་པོའི་ལུས་སོགས་སྐྱོན་མེད་བྱུང་།།
རྒྱལ་བའི་བཀའ་ལ་བློ་བསྟེན་བས།།
བག་ཆགས་ཤིག་སྟེ་འདི་ལྟར་རོ།།
ཨ་མ་རྒན་མོ་བློ་རེར་བདེ།།
བསླུ་མེད་དཀོན་ཅོག་སེམས་སུ་བཟུང་།།
ད་ལྟའི་བདེ་བ་ཁོང་གིས་གནོངས།།
མ་འོངས་བགྲོད་ལམ་ཁོང་གིས་སྟོན།།
ང་ཡི་བསླུ་མེད་དཀོན་ཅོག་མཁྱེན།།
གཟུང་འཛིན་གཉིས་ཀྱི་སྣང་བ་རུ།།
ཨ་མ་རྒན་མོའི་འཛུམ་ཞལ་མཐོང་།།
སེམས་འདི་སྐབས་འགར་དུག་གིས་ཟིན།།
འཛུམ་ཞལ་བག་གི་བྱམས་པ་རེས།།
བསླུ་མེད་གཙང་བོ་དང་དུ་བརྒལ།།
ཨ་མ་རྒན་མོ་བཀའ་དྲིན་ཆེ།།
སྤྱན་གྱིས་གཟིགས་པའི་ལམ་སྣེ་རུ།།
འཁོར་བའི་ཆོས་ཉིད་ངག་ཏུ་འཐིམས།།
འགྱུར་བ་སྣ་ཚོགས་ངོགས་སུ་བྱོན།།
ཁྲ་ཆིལ་འཁྱིལ་བའི་གཞིས་དེ་རུ།།
འགྱུར་མེད་ཨ་མའི་དྲོད་ཁོལ་གྱིས།།
ས་མཐའི་ཡུལ་གྱི་བུ་ཆུང་དེ།།
བྱམས་བརྩེའི་དྲོད་ལས་སྐྱོར་གྱིན་སྐད།།
ནམ་ཟླ་བཞི་བོ་མཐུད་ཀྱིས་སླེབས།།
ཨ་མ་རྒན་མོའི་བཞིན་རས་ཀྱང་།།
ཆུ་ཡི་གཉེར་མ་གདོང་དུ་སླེབས།།
དགུན་གྱི་ཁ་བ་མགོ་རུ་སླེབས།
མ་རྒན་སེམས་ཀྱི་ཨ་ལོང་དེ།།
ཚེ་འདིར་ལ་མོ་བརྒལ་སྟངས་འདི།།
བུ་ཆུང་སྙིང་དུ་རྨ་ཤུལ་ལྷུང་།།
ལྷ་སའི་ཇོ་བོའི་མེ་ལོང་དུ།།
ལྷན་ཅིག་ངག་གིས་དམ་བཅས་ཏེ།།
བར་སྐོར་གླིང་གི་རྒྱལ་སྲས་ལ།།
གསོལ་འདེབས་སྙིང་གི་གྲུབ་པ་ཞིག།
ཡང་ནས་ཞུས་ཀྱིན་ཞུས་ཀྱིན་སོང་།།
འཛིན་པ་མིན་ན་སྟོང་འཁྱམ་དུ།།
ཀ་དག་ཡུལ་གྱི་བཞིན་རས་སུ།།
སྐྱེ་འཆི་གཉིས་ཀྱིས་རྗེས་དེད་ནས།།
མ་བསམས་སྙིང་གི་དྲན་པ་ཞིག།
གློ་བུར་ཞིག་ཏུ་གཡོ་བ་འདི།།
སྐད་ཅིག་མི་སྡོད་དང་དུ་གྱེས།།
ཨ་མ་རྒན་མོའི་ན་ཚོད་ཅིག།
ལོག་ཕེབས་མེད་བ་ཅི་ཡིན་ནམ།།
སྣ་ཚོགས་རྐྱེན་ལས་བྱུང་བ་འདི།།
སྲིད་པ་ཆགས་ནས་ད་ལྟའི་བར།།
མཛུབ་མོ་བཙུགས་ས་མེད་དོན་ཅི།།
ཁོ་བོའི་ཡིད་ལས་ན་ཚོད་ཅིག།
ཨ་མ་རྒན་མོ་ཁྱེད་ལ་སྟེར།།
ལོག་ཕེབས་རིང་གི་དུས་ཚོད་ཅིག།
བུ་ཆུང་ང་ལ་བསྟན་ཙམ་གྱིས།།
གཞོན་པ་དུས་ཀྱི་ནམ་ཟླ་རུ།།
འཛུམ་ཞལ་འོག་གི་མེ་ཏོག་སྙམ།།
ཨ་མ་རྒན་མོ་ཚེ་རིང་མ།།
ཡང་དག་སྙིང་གི་དཀྱིལ་དུ་འཁྲུངས།།
ལྷ་མོ་དེ་ཡི་གཅེས་སུ་མེད།།
ཀླུ་མོ་དེ་ཡི་རིགས་སུ་མིན།།
གངས་དཀར་སེམས་ཀྱི་ཨ་ལོང་དུ།།
ལྷ་མོ་ཀླུ་སོགས་ཀུན་ལས་མཆོག།
             2020 4 10
          སྨད་ཆ།

གཡུ་ཡི་ཨ་ལོང་ནང་དུ་ཡང་།།
ངལ་བ་རིང་བའི་ལན་བུ་ཅན།།
ངག་གི་ཟེའུ་འབྲུ་མ་ཆད་པ།།
ལས་ཀྱི་མཚོ་རུ་ཞུགས་པ་མཐོང་།།

དྲན་པ་འདི་ཡིས་གང་དུ་འཁྲིད།།
མཁའ་འགྲོའི་གར་གྱི་ཕར་སྣང་ན།།
སྐུ་རྐྱང་ཡིན་པའི་འཕགས་མ་ཞིག།
འཐག་ར་རིན་ཆེན་སྒ་གཞི་ན།།
འཛུམ་ཞལ་དུང་ཟླ་ཤར་བ་མཐོང་།།

ཡང་དག་ལས་ཀྱི་ཆོ་འཕྲུལ་མ།།
བརྩེ་བའི་ངག་ནས་བོས་པའི་ཚེ།།
ཁུ་བྱུག་དང་ནི་གཉིས་སུ་མེད།།
ཞི་བའི་གདངས་ཤིག་རྣ་རུ་བརྒྱུས།།
ལོ་ན་རྒས་ཀྱང་ལོས་བདེན་མོད།།
བརྩེ་བའི་གཞུང་གི་ལོ་མ་ནི།།
སྔར་ལས་འབུས་ཤིང་སྔར་ལས་རྒྱས།།
རིན་ཆེན་སྟོང་གིས་གྲུབ་པ་ཞིག།
ཁོ་ལག་ཡངས་པའི་བྱང་ཆུབ་མ།།
གཞས་ཆུང་བརྡ་ཡི་སྙིང་བོ་འདི།།
ཌཱ་ཀི་མ་ཡི་དངོས་གྲུབ་ཀྱིས།།
ལན་གསུམ་བླངས་ཤིང་དགའ་བར་མཛད།།

ཡང་དག་ལས་ཀྱི་མིག་ཡངས་མ།།
མིག་གཉིས་འདབས་ཀྱི་ལྷ་མོ་མཆོག།
ལང་ཚོ་སྙེ་མ་བདག་ལ་གཡོ།།
ལུས་ཀྱི་ཟུངས་བཅུད་བདག་ལ་གནང་།།
ཅི་ཞིམ་ཟ་རིགས་བདག་ལ་གནང་།།
ཡིད་འོང་སྟེང་གི་བདག་མོ་མ།།
དྲན་པའི་མཐིལ་གྱི་འཕགས་མ་མཆོག།
ངག་གི་རྒྱུ་བ་མ་ཆད་ཚེ།།
བྱམས་པ་དང་ནི་སྙིང་རྗེ་གཉིས།།
མགུར་ཆེན་པོ་ཏི་ཁྱེད་ལ་ཕུལ།།
མི་རྟག་འཇིག་པའི་མགུར་ཆེན་གཅིག།
འཁོར་བ་སྤངས་པའི་མགུར་ཆེན་གཉིས།།
ལས་འབྲས་སྲུང་བའི་མགུར་ཆེན་གསུམ།།
སྤང་བླང་གཉིས་ཀྱི་ཉག་ག་ཅན།།
ཁྱེད་ལ་མགུར་ཆོག་འཕགས་མ་མཆོག།
            2021 7 10
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།