དམར་སྐྱའི་མདངས་འཛིན་གྱི་གེ་སར།

དབྱུག་སྲས།(གཞིས་ཀ་རྩེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-03-28
དུས་གསུམ་བསྡུས་པའི་ཨ་མྲའི་འདབ་ལོ་བཞིན། །
དགུན་ཟླ་རྒན་མོས་བཅོམ་པའི་དུས་ཚིགས་བཀྲི། །
སླར་ཡང་དྲོད་ཁོལ་འོད་སྣང་གིས་བསུས་པའི། །
དཔྱིད་དཔལ་གསར་པའི་མགྲོན་བརྡ་འདི་ཡིན་སྐད། །
ནགས་ཀླུང་སྤྲས་པའི་གངས་འདབས་རྣམ་པ་མཛེས། །

གཡུ་གོས་མཛེས་པའི་རྩི་ཤིང་ནགས་ཀྱིས་ཀླུབ། །
ཁུ་བྱུག་མྱོས་པའི་རྒྱངས་གླུ་མཐོངས་ནས་བསྐྱུར། །
གཙུག་ན་རིན་ཆེན་གཉིད་ལས་ལངས་བའི་དུས། །
ནོར་འཛིན་སྦྲུམ་ནས་ལྗང་གཞོན་བཙའ་རན་ཞིང་། །
འབྲོང་གཡག་རྭ་ཅོ་མཐོངས་སུ་ལན་མངས་ཡུག །

རི་སྤྱང་གདོང་གཤིས་གསོས་པའི་དྲོད་ཁོལ་སྐྱིལ། །
ཁ་བའི་ནམ་ལྷག་རྫོགས་པའི་དཔྱིད་མཉམ་ཚེས། །
ཁམ་སྡོང་རྩེ་མོར་འདུན་པའི་མེ་ཏོག་བཏགས། །
སྙེ་མའི་མགོ་ཅོག་འགྲེང་བའི་སྟ་གོན་གཟབ། །
སེམས་ཀྱི་ཁང་པ་དགའ་སྐྱིད་རྫིང་བུར་ཉུལ། །

མུ་མེད་རྩྭ་ཐང་འབྲོག་ཕྲུག་རྩེད་རྭ་བཅའ། །
རྩི་ཤིང་ལྡུམ་རྭ་བྱ་ཁྱུའི་གནས་ཚང་བཅའ། །
ལྕུག་ཕྲན་མགོ་བོ་གྱེན་ལ་འགྲེང་བའི་ཚོད། །
ཚང་སྐྱེས་མགྲོན་པོར་བྱོན་པའི་ནམ་ཟླ་ཚེས། །
གྲོག་མ་ཐིགས་ས་གསོག་པའི་ལས་ལ་བྲེལ། །

གཡུ་འབྲུག་ངར་སྐད་མཁའ་ལ་བུད་ཅིང་གྲག །
བུང་ཆུང་རྐང་དྲུག་ཟིར་སྒྲ་འཐེན་པའི་མུས། །
ན་བུན་དཀར་པོ་ས་འཛིན་རྐེད་ལ་གཡོགས། །
དམར་སྐྱའི་མདངས་འཛིན་མེ་ཏོག་སིལ་བུའི་ཁྱུ། །
ཉམས་ཉེས་མེད་པའི་གངས་རིའི་མགུལ་དུ་བསྒྲོན། །
            ༢༠༢༢/༣/༢༥

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དམར་སྐྱའི་མདངས་འཛིན་གྱི་གེ་སར།

2022-03-28 དབྱུག་སྲས།(གཞིས་ཀ་རྩེ) ཀློག་གྲངས། མཆན ཡོད།
དུས་གསུམ་བསྡུས་པའི་ཨ་མྲའི་འདབ་ལོ་བཞིན། །
དགུན་ཟླ་རྒན་མོས་བཅོམ་པའི་དུས་ཚིགས་བཀྲི། །
སླར་ཡང་དྲོད་ཁོལ་འོད་སྣང་གིས་བསུས་པའི། །
དཔྱིད་དཔལ་གསར་པའི་མགྲོན་བརྡ་འདི་ཡིན་སྐད། །
ནགས་ཀླུང་སྤྲས་པའི་གངས་འདབས་རྣམ་པ་མཛེས། །

གཡུ་གོས་མཛེས་པའི་རྩི་ཤིང་ནགས་ཀྱིས་ཀླུབ། །
ཁུ་བྱུག་མྱོས་པའི་རྒྱངས་གླུ་མཐོངས་ནས་བསྐྱུར། །
གཙུག་ན་རིན་ཆེན་གཉིད་ལས་ལངས་བའི་དུས། །
ནོར་འཛིན་སྦྲུམ་ནས་ལྗང་གཞོན་བཙའ་རན་ཞིང་། །
འབྲོང་གཡག་རྭ་ཅོ་མཐོངས་སུ་ལན་མངས་ཡུག །

རི་སྤྱང་གདོང་གཤིས་གསོས་པའི་དྲོད་ཁོལ་སྐྱིལ། །
ཁ་བའི་ནམ་ལྷག་རྫོགས་པའི་དཔྱིད་མཉམ་ཚེས། །
ཁམ་སྡོང་རྩེ་མོར་འདུན་པའི་མེ་ཏོག་བཏགས། །
སྙེ་མའི་མགོ་ཅོག་འགྲེང་བའི་སྟ་གོན་གཟབ། །
སེམས་ཀྱི་ཁང་པ་དགའ་སྐྱིད་རྫིང་བུར་ཉུལ། །

མུ་མེད་རྩྭ་ཐང་འབྲོག་ཕྲུག་རྩེད་རྭ་བཅའ། །
རྩི་ཤིང་ལྡུམ་རྭ་བྱ་ཁྱུའི་གནས་ཚང་བཅའ། །
ལྕུག་ཕྲན་མགོ་བོ་གྱེན་ལ་འགྲེང་བའི་ཚོད། །
ཚང་སྐྱེས་མགྲོན་པོར་བྱོན་པའི་ནམ་ཟླ་ཚེས། །
གྲོག་མ་ཐིགས་ས་གསོག་པའི་ལས་ལ་བྲེལ། །

གཡུ་འབྲུག་ངར་སྐད་མཁའ་ལ་བུད་ཅིང་གྲག །
བུང་ཆུང་རྐང་དྲུག་ཟིར་སྒྲ་འཐེན་པའི་མུས། །
ན་བུན་དཀར་པོ་ས་འཛིན་རྐེད་ལ་གཡོགས། །
དམར་སྐྱའི་མདངས་འཛིན་མེ་ཏོག་སིལ་བུའི་ཁྱུ། །
ཉམས་ཉེས་མེད་པའི་གངས་རིའི་མགུལ་དུ་བསྒྲོན། །
            ༢༠༢༢/༣/༢༥

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།