ཕ་ཡུལ་ཆོས་དཔལ་ཞིང་འདི་ཀ་ཁས་བསྟོད།

ཅོ་བྱང་སྐར།(ཁྲིན་ཏུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-07-09

མཁས་པའི་ལེགས་བཤད་རྨད་དུ་བྱུང་ངོ་མཁའ་ན་སྤྲིན་ཕུང་འཕྱུར་བའི་གཟུགས། །
ལྷད་མེད་འགྲོ་ཀུན་སྤྱོད་བཟང་འཁྲུངས་པ་བར་སྣང་ཁུག་རྟའི་གཤོག་འགྱུར་ལྡེམ། །
དུས་རབས་གསར་པའི་ཇུས་བཟང་མཆོག་གོ་ས་ན་གྱི་ལིང་བང་ཁ་རྒོད། །
ཆོས་དཔལ་ཕྱུག་མོའི་ངོ་མཚར་བརྗོད་ན་རྒྱུད་མང་སྟོང་གི་སོར་རྩལ་དགོས། །
 
གནའ་མིའི་སྲོལ་རྒྱུན་ཉམས་མེད་གནས་པ་གཞིས་ཁྱིམ་གཡང་གི་གྲུ་ག་ན། །
ཕ་མོ་མ་ལོའི་དྲིན་གྱིས་བསྐྱངས་པའི་གཞོན་སྐྱེས་སྐར་ཚོགས་བཀྲ་འདྲ་བོ། །
དེང་རབས་རིག་པའི་གནས་ལ་འཇུག་པ་ཉ་མོ་འཁྱུད་པའི་འགྲོས་དང་ལྷན། །
ཆོས་དཔལ་ཕྱུག་མོའི་ཡངས་པའི་ཁོད་ལ་ངོ་མཚར་སྔར་མེད་འོད་ཀྱིས་ཁྱབ། །
 
ལྷང་ལྷང་ཆོས་སྒྲ་བར་མེད་སྙན་པ་བཀྲ་ཤིས་ཆོས་གླིང་དབེན་གནས་དང་། །
ཤེས་རིག་རྩལ་ལ་གཤོག་ཟུང་མངའ་བའི་སྔོན་བྱོན་མཁས་དབང་དམ་པ་གཉིས། །
རིག་པའི་གནས་ལ་རྩལ་དྲུག་འཛོམས་པའི་སྐལ་ལྡན་བུ་སློབ་གནས་འདིར་ཁྱབ། །
ས་ལ་དགེ་བཅུ་འཛོམས་པའི་གཞི་མ་ཆོས་དཔལ་ཕྱུག་མོའི་གནས་འདི་བརྗིད། །
 
རྟ་ནོར་ལུག་གི་འདུ་འཛོམས་ཡག་སོང་ནེའུ་གསེང་གཡུ་ཡི་མནྡལ་དང་། །
གཡང་ཁྱིམ་དྲོན་མོའི་དགོད་སྒྲ་སྙན་སོང་མེ་ཏོག་སྣ་བརྒྱའི་དྲི་བསུང་ཞིམ། །
དབུ་ཁྲིད་བཟང་པོའི་ཕྱག་ཟུང་འཇམ་སོང་སྐྱིད་པའི་ཉི་མ་འཆར་སྲོལ་ཡག །
ཆོས་དཔལ་ཕྱུག་མོའི་མངའ་སྡེར་གྱུར་པ་ཚེ་སྔོན་ལས་ཀྱི་བསོད་ནམས་སོ། །
 
ནང་ན་འཆམ་མཐུན་ཅན་བཞིའི་སྲོལ་ཡོད་ཞི་བདེའི་སྒྲ་དབྱངས་ཕྱོགས་ཀུན་མཆེད། །
ཕུ་ནུའི་མཐུན་སྒྲིལ་ལྷུན་པོའི་དཔང་རྟགས་རི་རྒྱལ་ལྷུན་པོ་བརྗིད་སེ་བརྗིད། །
གཞིས་ཀའི་མཛེས་དཔལ་སྣོད་ཀྱི་བཀོད་པ་སུམ་རྩེན་ལྷ་ལ་འགྲན་དཔོག་པའི། །
ཆོས་དཔལ་ཕྱུག་མོའི་ཕྱི་སྣོད་དཔལ་འབར་ངོ་མཚར་སྟོང་གི་ལོ་རྒྱུས་ཡོད། །
 
སྲོལ་རྒྱུན་མ་ཉམས་བཀྲ་ཤིས་རྟགས་བརྒྱད་ཆོས་ཀྱི་དུང་སྒྲ་མཆེད་སེ་མཆེད། །
དེང་རབས་དགེ་ལེགས་འཕྲུལ་གྱི་བཞོན་པའི་ཚན་རྩལ་འབྲུག་སྒྲ་ལྡིར་སེ་ལྡིར། །
བཀྲ་ཤིས་སྐལ་བཟང་དཔའ་རྒོད་བསིལ་སྦྱིན་སྟོད་ཀྱི་ལྷུན་པོའི་རུམ་ནས་འཁྲུངས། །
གསེར་དངུལ་ནོར་ཀྱི་སྐྱེ་ཁམས་དགེའོ་ཀུན་ཀྱང་ངོ་མཚར་བརྗོད་ལས་འདས། །
                                  2022/7/1

རྩོམ་སྒྲིག་པ། དབང་མོ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཕ་ཡུལ་ཆོས་དཔལ་ཞིང་འདི་ཀ་ཁས་བསྟོད།

2022-07-09 ཅོ་བྱང་སྐར།(ཁྲིན་ཏུ) ཀློག་གྲངས། མཆན ཡོད།

མཁས་པའི་ལེགས་བཤད་རྨད་དུ་བྱུང་ངོ་མཁའ་ན་སྤྲིན་ཕུང་འཕྱུར་བའི་གཟུགས། །
ལྷད་མེད་འགྲོ་ཀུན་སྤྱོད་བཟང་འཁྲུངས་པ་བར་སྣང་ཁུག་རྟའི་གཤོག་འགྱུར་ལྡེམ། །
དུས་རབས་གསར་པའི་ཇུས་བཟང་མཆོག་གོ་ས་ན་གྱི་ལིང་བང་ཁ་རྒོད། །
ཆོས་དཔལ་ཕྱུག་མོའི་ངོ་མཚར་བརྗོད་ན་རྒྱུད་མང་སྟོང་གི་སོར་རྩལ་དགོས། །
 
གནའ་མིའི་སྲོལ་རྒྱུན་ཉམས་མེད་གནས་པ་གཞིས་ཁྱིམ་གཡང་གི་གྲུ་ག་ན། །
ཕ་མོ་མ་ལོའི་དྲིན་གྱིས་བསྐྱངས་པའི་གཞོན་སྐྱེས་སྐར་ཚོགས་བཀྲ་འདྲ་བོ། །
དེང་རབས་རིག་པའི་གནས་ལ་འཇུག་པ་ཉ་མོ་འཁྱུད་པའི་འགྲོས་དང་ལྷན། །
ཆོས་དཔལ་ཕྱུག་མོའི་ཡངས་པའི་ཁོད་ལ་ངོ་མཚར་སྔར་མེད་འོད་ཀྱིས་ཁྱབ། །
 
ལྷང་ལྷང་ཆོས་སྒྲ་བར་མེད་སྙན་པ་བཀྲ་ཤིས་ཆོས་གླིང་དབེན་གནས་དང་། །
ཤེས་རིག་རྩལ་ལ་གཤོག་ཟུང་མངའ་བའི་སྔོན་བྱོན་མཁས་དབང་དམ་པ་གཉིས། །
རིག་པའི་གནས་ལ་རྩལ་དྲུག་འཛོམས་པའི་སྐལ་ལྡན་བུ་སློབ་གནས་འདིར་ཁྱབ། །
ས་ལ་དགེ་བཅུ་འཛོམས་པའི་གཞི་མ་ཆོས་དཔལ་ཕྱུག་མོའི་གནས་འདི་བརྗིད། །
 
རྟ་ནོར་ལུག་གི་འདུ་འཛོམས་ཡག་སོང་ནེའུ་གསེང་གཡུ་ཡི་མནྡལ་དང་། །
གཡང་ཁྱིམ་དྲོན་མོའི་དགོད་སྒྲ་སྙན་སོང་མེ་ཏོག་སྣ་བརྒྱའི་དྲི་བསུང་ཞིམ། །
དབུ་ཁྲིད་བཟང་པོའི་ཕྱག་ཟུང་འཇམ་སོང་སྐྱིད་པའི་ཉི་མ་འཆར་སྲོལ་ཡག །
ཆོས་དཔལ་ཕྱུག་མོའི་མངའ་སྡེར་གྱུར་པ་ཚེ་སྔོན་ལས་ཀྱི་བསོད་ནམས་སོ། །
 
ནང་ན་འཆམ་མཐུན་ཅན་བཞིའི་སྲོལ་ཡོད་ཞི་བདེའི་སྒྲ་དབྱངས་ཕྱོགས་ཀུན་མཆེད། །
ཕུ་ནུའི་མཐུན་སྒྲིལ་ལྷུན་པོའི་དཔང་རྟགས་རི་རྒྱལ་ལྷུན་པོ་བརྗིད་སེ་བརྗིད། །
གཞིས་ཀའི་མཛེས་དཔལ་སྣོད་ཀྱི་བཀོད་པ་སུམ་རྩེན་ལྷ་ལ་འགྲན་དཔོག་པའི། །
ཆོས་དཔལ་ཕྱུག་མོའི་ཕྱི་སྣོད་དཔལ་འབར་ངོ་མཚར་སྟོང་གི་ལོ་རྒྱུས་ཡོད། །
 
སྲོལ་རྒྱུན་མ་ཉམས་བཀྲ་ཤིས་རྟགས་བརྒྱད་ཆོས་ཀྱི་དུང་སྒྲ་མཆེད་སེ་མཆེད། །
དེང་རབས་དགེ་ལེགས་འཕྲུལ་གྱི་བཞོན་པའི་ཚན་རྩལ་འབྲུག་སྒྲ་ལྡིར་སེ་ལྡིར། །
བཀྲ་ཤིས་སྐལ་བཟང་དཔའ་རྒོད་བསིལ་སྦྱིན་སྟོད་ཀྱི་ལྷུན་པོའི་རུམ་ནས་འཁྲུངས། །
གསེར་དངུལ་ནོར་ཀྱི་སྐྱེ་ཁམས་དགེའོ་ཀུན་ཀྱང་ངོ་མཚར་བརྗོད་ལས་འདས། །
                                  2022/7/1

རྩོམ་སྒྲིག་པ། དབང་མོ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།