རང་བྱུང་སྙིང་གི་ཐོལ་གླུ།

རྣོ་གྲི།(བླ་རུང) 琼迈文学网 2025-02-25
     ---རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་འདས་མཆོད་ཐེངས་༦༦༢པར་ཕུལ་བ།
 

དུས་ཀྱི་མཐར་ཡང་གཡུ་རལ་མངོན་མཐོ་བའི། །
གངས་ཀྱི་རི་ལ་ཡན་པའི་གངས་སེང་ཁྱེད། །
ཆེ་བ་དྲུག་ལྡན་རང་ལུགས་སྔ་འགྱུར་པའི། །
བསྟན་པ་འདི་ཉིད་ཇི་སྲིད་གནས་ཀྱི་བར། །
བཀའ་དྲིན་དྲན་བཞིན་གསོལ་བ་སྙིང་ནས་འདེབས། །
 
ལས་ཉོན་སྲིད་པའི་རྫིང་རིང་བརྒལ་དཀའ་ཡང་། །
ཁྱེད་ཐུགས་འོད་གསལ་ཉི་མའི་ཟེར་མདངས་ཀྱིས། །
འགྲོ་ཁམས་རྨོངས་པའི་སྨག་ཆེན་རབ་བསལ་ནས། །
འཇའ་ལུས་འཕོ་ཆེན་གྲུབ་པའི་ལམ་བཟང་ཉིད། །
སྟོན་མཛད་རྒྱལ་བའི་དབང་པོ་ཁྱེད་གཅིག་ཙམ། །
 
ལྗོངས་འདིར་སྔ་འགྱུར་བསྟན་པའི་རང་ལུགས་ཀྱི། །
བསྟན་པ་གསལ་བར་བྱེད་པའི་བསམ་ཡས་པ། །
བསམ་བཞིན་སྙིང་གི་དབུས་ནས་དད་འདུན་གྱིས། །
དེ་རིང་སླར་ཡང་དྲན་ནོ་ཀློང་ཆེན་པ། །
དབྱིངས་རིག་དབྱེར་མེད་འདྲེས་པའི་བྱིན་རླབས་ཞུ། །
 
ཟབ་པའི་མཆོག་གྱུར་གསང་ཆེན་སྔ་འགྱུར་པའི། །
བསྟན་པ་འདི་ཉིད་དུས་ཀྱི་མཐའ་འདིར་ཡང་། །
མི་ཉམས་སྲིད་པའི་རྒྱན་དུ་གནས་པ་འདི། །
བསྟན་པའི་ཀ་ཆེན་ཁྱེད་ཀྱི་དྲིན་ཡིན་པས། །
བཀའ་དྲིན་དྲན་ནོ་དྲི་མེད་འོད་ཟེར་མཚན། །
 
ཡིད་དཔྱོད་ཚིག་གི་རྗེས་སུ་མ་འབྲང་པར། །
འགྲོ་བློས་སྨག་ཆེན་རབ་ཏུ་གཞོམ་ཆེད་དུ། །
གཉུག་གཤིས་རྗེན་པར་སྟོན་པའི་གསུང་ཚིག་རེར། །
དུས་ཀྱི་མཐའ་ཡང་རིན་ཐང་གཞལ་དཀའ་བའི། །
བསྟན་ལ་སྲི་ཞུ་བྱས་པར་བཀའ་དྲིན་ཞུ། །
           ༢༠༢༥/༢/༡༤ཉིན་ཀུན་མཁྱེན་རབ་འབྱམས་ཀྱི་གསང་གསུམ་གྱི་ཡོན་ཏན་མཐའ་དག་ལ་དད་གུས་ཀྱི་བློ་མི་དམན་པ་གུས་པ་རྣོ་གྲི་ནས།
 
རྩོམ་སྒྲིག་པ། གངས་དགའ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རང་བྱུང་སྙིང་གི་ཐོལ་གླུ།

2025-02-25 རྣོ་གྲི།(བླ་རུང) ཀློག་གྲངས། མཆན ཡོད།
     ---རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་འདས་མཆོད་ཐེངས་༦༦༢པར་ཕུལ་བ།
 

དུས་ཀྱི་མཐར་ཡང་གཡུ་རལ་མངོན་མཐོ་བའི། །
གངས་ཀྱི་རི་ལ་ཡན་པའི་གངས་སེང་ཁྱེད། །
ཆེ་བ་དྲུག་ལྡན་རང་ལུགས་སྔ་འགྱུར་པའི། །
བསྟན་པ་འདི་ཉིད་ཇི་སྲིད་གནས་ཀྱི་བར། །
བཀའ་དྲིན་དྲན་བཞིན་གསོལ་བ་སྙིང་ནས་འདེབས། །
 
ལས་ཉོན་སྲིད་པའི་རྫིང་རིང་བརྒལ་དཀའ་ཡང་། །
ཁྱེད་ཐུགས་འོད་གསལ་ཉི་མའི་ཟེར་མདངས་ཀྱིས། །
འགྲོ་ཁམས་རྨོངས་པའི་སྨག་ཆེན་རབ་བསལ་ནས། །
འཇའ་ལུས་འཕོ་ཆེན་གྲུབ་པའི་ལམ་བཟང་ཉིད། །
སྟོན་མཛད་རྒྱལ་བའི་དབང་པོ་ཁྱེད་གཅིག་ཙམ། །
 
ལྗོངས་འདིར་སྔ་འགྱུར་བསྟན་པའི་རང་ལུགས་ཀྱི། །
བསྟན་པ་གསལ་བར་བྱེད་པའི་བསམ་ཡས་པ། །
བསམ་བཞིན་སྙིང་གི་དབུས་ནས་དད་འདུན་གྱིས། །
དེ་རིང་སླར་ཡང་དྲན་ནོ་ཀློང་ཆེན་པ། །
དབྱིངས་རིག་དབྱེར་མེད་འདྲེས་པའི་བྱིན་རླབས་ཞུ། །
 
ཟབ་པའི་མཆོག་གྱུར་གསང་ཆེན་སྔ་འགྱུར་པའི། །
བསྟན་པ་འདི་ཉིད་དུས་ཀྱི་མཐའ་འདིར་ཡང་། །
མི་ཉམས་སྲིད་པའི་རྒྱན་དུ་གནས་པ་འདི། །
བསྟན་པའི་ཀ་ཆེན་ཁྱེད་ཀྱི་དྲིན་ཡིན་པས། །
བཀའ་དྲིན་དྲན་ནོ་དྲི་མེད་འོད་ཟེར་མཚན། །
 
ཡིད་དཔྱོད་ཚིག་གི་རྗེས་སུ་མ་འབྲང་པར། །
འགྲོ་བློས་སྨག་ཆེན་རབ་ཏུ་གཞོམ་ཆེད་དུ། །
གཉུག་གཤིས་རྗེན་པར་སྟོན་པའི་གསུང་ཚིག་རེར། །
དུས་ཀྱི་མཐའ་ཡང་རིན་ཐང་གཞལ་དཀའ་བའི། །
བསྟན་ལ་སྲི་ཞུ་བྱས་པར་བཀའ་དྲིན་ཞུ། །
           ༢༠༢༥/༢/༡༤ཉིན་ཀུན་མཁྱེན་རབ་འབྱམས་ཀྱི་གསང་གསུམ་གྱི་ཡོན་ཏན་མཐའ་དག་ལ་དད་གུས་ཀྱི་བློ་མི་དམན་པ་གུས་པ་རྣོ་གྲི་ནས།
 
རྩོམ་སྒྲིག་པ། གངས་དགའ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།