གནམ་ལོ་གསར་པའི་སྨོན་འདུན།

ནོར་གླིང་འཆི་མེད།(སེར་ཤུལ) 琼迈文学网 2025-02-27
ལོ་ཟླའི་འཕོ་འགྱུར་ཆུ་བོའི་རྒྱུན་དང་འགྲོགས་ནས།།
ཤིང་མོ་སྦྲུལ་འདི་ང་ཚོའི་བགོ་སྐལ་སླེབ་བྱུང་།།
ཨ་མས་གནངས་བའི་ཡི་གེ་འདབ་མ་དྲུག་ལྡན།།
རྣམ་དག་སེམས་ཀྱིས་ལན་གསུམ་ངག་ནས་སྐྱོར་ན།།

རྣམ་ཀུན་སེམས་སུ་བརྣགས་པའི་རེ་བའི་སྨོན་པ།།
ཡིད་ལ་འདོོད་པ་བཞིན་དུ་མྱུར་དུ་འགྲུབ་ཡོང་།།
གནམ་ལོ་གསར་དུ་ཚེས་པའི་དུས་བཟང་འདི་ལ།།
བདུད་རྩི་སྔོན་མོ་ཚེ་རབས་ལྷ་ལ་མཆོད་ན།།

རྒན་པའི་ཚེ་ཐག་ཆུ་བོའི་རྒྱུན་ལྟར་རིང་ཞིང་།།
གཞོན་པའི་འདབ་ལག་ཡར་ངོས་ཟླ་ལྟར་འཕེལ་བའི།།
རེ་བའི་འདུན་མ་ཚེ་རབས་ལྷ་ཡིས་གནང་ངེས།།
ཞིམ་མངར་བཅུད་ཀྱིས་གཏམས་པའི་ཟས་ཀྱི་དང་མ།།

ཕ་་མེས་ཡང་མེས་རྒྱུད་པའི་མེས་པོའི་སྲུང་མར།།
ལྷག་བསམ་དཀར་པོས་དམ་ཚིག་གཙང་མས་མཆོད་ན།།
གཟུགས་མེད་གློ་བུར་བྱུང་བའི་རྐྱེན་ངན་བར་ཆད་།།
མི་མངོན་དབྱིངས་ནས་སྐྱོབས་པའི་སྡོང་གྲོགས་མཛད་ངེས།།

གཏེར་གྱི་བང་མཛོད་གྱུར་པའི་ཕ་ས་སྣུམ་པོ།།
དཀར་ནག་གཅིག་ཏུ་འདྲེས་འདྲའི་གཡང་གི་འཚོ་རྟེན།།
འཇིག་རྟེན་བྱེད་པོས་བཟོས་འདྲའི་ཞིང་ས་གཤིན་པོ།།
རང་གཤིས་བལ་ལས་འཇམ་པའི་གདོད་མའི་གཤིས་ཀ།

ཉམ་ཆུང་བྱམས་ཀྱིས་བསྐྱངས་བའི་བརྩེ་བའི་བདག་ཉིད།།
རང་རིགས་གཏན་དུ་གནས་པའི་སྲོག་གི་ཀ་བ།།
མུ་ཏིག་བསྟར་ལ་བརྒྱུས་འདྲའི་དབྱངས་གསལ་སོ་བཞི།།
ཁོ་ལག་ཡོངས་སུ་རྫོགས་པའི་ཕ་སྐད་དག་མ།།

མི་ཉམས་ཡུན་དུ་གནས་པའི་སེམས་ཀྱི་སྨོན་པ།།
མི་བཟོད་དགུན་གྱི་རླུང་དང་ལྷན་ཅིག་སྡེབ་ནས།།
མི་འཇིག་གངས་ཀྱིས་བསྐོར་བའི་གངས་རིའི་འདབས་ནས།།
མི་ལུས་བསྐལ་བཟང་ཐོབ་པའི་མི་ངས་སྤྲིངས་སོ།།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གནམ་ལོ་གསར་པའི་སྨོན་འདུན།

2025-02-27 ནོར་གླིང་འཆི་མེད།(སེར་ཤུལ) ཀློག་གྲངས། མཆན ཡོད།
ལོ་ཟླའི་འཕོ་འགྱུར་ཆུ་བོའི་རྒྱུན་དང་འགྲོགས་ནས།།
ཤིང་མོ་སྦྲུལ་འདི་ང་ཚོའི་བགོ་སྐལ་སླེབ་བྱུང་།།
ཨ་མས་གནངས་བའི་ཡི་གེ་འདབ་མ་དྲུག་ལྡན།།
རྣམ་དག་སེམས་ཀྱིས་ལན་གསུམ་ངག་ནས་སྐྱོར་ན།།

རྣམ་ཀུན་སེམས་སུ་བརྣགས་པའི་རེ་བའི་སྨོན་པ།།
ཡིད་ལ་འདོོད་པ་བཞིན་དུ་མྱུར་དུ་འགྲུབ་ཡོང་།།
གནམ་ལོ་གསར་དུ་ཚེས་པའི་དུས་བཟང་འདི་ལ།།
བདུད་རྩི་སྔོན་མོ་ཚེ་རབས་ལྷ་ལ་མཆོད་ན།།

རྒན་པའི་ཚེ་ཐག་ཆུ་བོའི་རྒྱུན་ལྟར་རིང་ཞིང་།།
གཞོན་པའི་འདབ་ལག་ཡར་ངོས་ཟླ་ལྟར་འཕེལ་བའི།།
རེ་བའི་འདུན་མ་ཚེ་རབས་ལྷ་ཡིས་གནང་ངེས།།
ཞིམ་མངར་བཅུད་ཀྱིས་གཏམས་པའི་ཟས་ཀྱི་དང་མ།།

ཕ་་མེས་ཡང་མེས་རྒྱུད་པའི་མེས་པོའི་སྲུང་མར།།
ལྷག་བསམ་དཀར་པོས་དམ་ཚིག་གཙང་མས་མཆོད་ན།།
གཟུགས་མེད་གློ་བུར་བྱུང་བའི་རྐྱེན་ངན་བར་ཆད་།།
མི་མངོན་དབྱིངས་ནས་སྐྱོབས་པའི་སྡོང་གྲོགས་མཛད་ངེས།།

གཏེར་གྱི་བང་མཛོད་གྱུར་པའི་ཕ་ས་སྣུམ་པོ།།
དཀར་ནག་གཅིག་ཏུ་འདྲེས་འདྲའི་གཡང་གི་འཚོ་རྟེན།།
འཇིག་རྟེན་བྱེད་པོས་བཟོས་འདྲའི་ཞིང་ས་གཤིན་པོ།།
རང་གཤིས་བལ་ལས་འཇམ་པའི་གདོད་མའི་གཤིས་ཀ།

ཉམ་ཆུང་བྱམས་ཀྱིས་བསྐྱངས་བའི་བརྩེ་བའི་བདག་ཉིད།།
རང་རིགས་གཏན་དུ་གནས་པའི་སྲོག་གི་ཀ་བ།།
མུ་ཏིག་བསྟར་ལ་བརྒྱུས་འདྲའི་དབྱངས་གསལ་སོ་བཞི།།
ཁོ་ལག་ཡོངས་སུ་རྫོགས་པའི་ཕ་སྐད་དག་མ།།

མི་ཉམས་ཡུན་དུ་གནས་པའི་སེམས་ཀྱི་སྨོན་པ།།
མི་བཟོད་དགུན་གྱི་རླུང་དང་ལྷན་ཅིག་སྡེབ་ནས།།
མི་འཇིག་གངས་ཀྱིས་བསྐོར་བའི་གངས་རིའི་འདབས་ནས།།
མི་ལུས་བསྐལ་བཟང་ཐོབ་པའི་མི་ངས་སྤྲིངས་སོ།།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།