རྨ་བྱའི་རོལ་དབྱངས།
གྲོགས་པོ་ནི་སྤྲིན་དཀར་ཅང་ཤེས།། སྒ་གོང་ན་གཡུ་འབྲུལ་འཁྱིལ་བ།། ཨེ་མ་ཧོ།
ཨེ་མ་ཧོ་འཇའ་ཚོན་འཁོར་ལོ།། ཨེ་མ་ཧོ་གནམ་ལྕགས་རི་བོ།།
ཚེ་རིང་ལ་ཚེ་མདུད་ལྗང་ཁུ།། གློ་ཁ་ལ་གོས་ཆེན་ལེབ་གཅིག། ཨེ་མ་ཧོ།
ཨེ་མ་ཧོ་ཚེ་རིང་རྣམ་དྲུག། དྲུག་པ་ལ་ཚངས་དབྱངས་རྒྱ་མཚོ།།
གླུ་གཅིག་ལ་ཆོས་ལ་བཟང་པོ།། ཨེ་མ་ཧོ། ཨེ་མ་ཧོ་རྟ་ཐོག་རྡུང་ལེན།། ཡོབ་ཆེན་ལ་སེང་གེ་འགྱིང་བསྣོན།།
གྲོགས་པོ་ནི་བདུད་རྩིའི་རིལ་བུ།། མཁའ་འགྲོ་ལ་དར་དཀར་ལྷ་མོ།། ཨེ་མ་ཧོ།
ཨེ་མ་རྡོ་རྗེའི་ཟིལ་བ།། ཨེ་མ་ཧོ་དངུལ་དཀར་བུམ་ཆུ།།
ཚེ་རིང་ལ་གཡུང་དྲུང་རི་མོ།། རང་འཐག་ལ་ཨ་ཡིག་རང་འབབས།།
ཨེ་མ་ཧོ། ཨེ་མ་ཧོ་རྒྱལ་སྲིད་སྣ་བདུན།། བདུད་འདུལ་ལ་གླིང་དཀར་སྟོད་ན།།
སྟོན་མོ་ལ་རྟ་རྒྱུག་རྒྱལ་འཇོག།། ཨེ་མ་ཧོ། ཨེ་མ་ཧོ་གཟིམས་ཁང་ཀླད་ན།། དག་པ་ལ་ཤེལ་དཀར་མཆོད་རྟེན།།
གྲོགས་པོ་ནི་བཙུན་མོ་རིན་ཆེན།། ཕྱག་སྟབས་ན་འཁོར་ལོ་རྩིབས་སྟོང་།། ཨེ་མ་ཧོ།
ཨེ་མ་ཧོ་སྟོང་པའི་བརྡ་ལས།། ཨེ་མ་ཧོ་ཡིག་དྲུག་མ་ཎི།།
ཚེ་རིང་རྨ་བྱའི་རྒྱལ་མཚན།། མཚན་གཅིག་ལ་ཀུན་ཏུ་བཟང་པོ།།
ཨེ་མ་ཧོ། ཨེ་མ་ཧོ་ཀ་བཞི་གདུང་བརྒྱད་།། བརྒྱད་པ་ལ་ས་བརྒྱད་སེམས་དཔའ།།
དཔའ་བོ་ལ་དཔའ་མོས་འཁྱུད་པ།། ཨེ་མ་ཧོ། ཨེ་མ་ཧོ་ལྟ་བའི་གདེང་ལ།། བདེ་གཤེགས་ཀྱི་ངུ་སྐད་འབྱིན་པ།།
གྲོགས་པོ་ལ་གོ་ཁྲབ་ཉི་མ།། བྱ་བཏང་ལ་འཇོ་མདའ་བྱ་བློ།། ཨེ་མ་ཧོ།།
ཨེ་མ་ཧོ་ལྷ་ཐོག་ཕོ་ལྷ།། ཨེ་མ་ཧོ་ས་མཐའི་རྣལ་འབྱོར།།
ཚེ་གཅིག་ལ་ནམ་མཁའ་སྦར་འཛིན།། འདང་གཅིག་ལ་དམ་ཅན་བླ་རྡོ།།
ཨེ་མ་ཧོ། ཨེ་མ་ཧོ་རྣམ་རིག་གཤོག་ཐོགས།། ཐུགས་བཟང་ལ་སྐལ་ལྡན་རྒྱ་མཚོ།།
རྒྱལ་ཚང་ལ་རྒྱལ་སྲས་དྲུག་པ།། ཨེ་མ་ཧོ། ཨེ་མ་ཧོ་སྙིང་གི་མདུད་པ།། མདུད་ཁ་ལ་ཙན་དན་དྲི་བསུང་།།
མཐུན་པ་ལ་མཐུན་པོ་གནང་དང་།། སྣང་བ་ལ་རྣམ་རྟོག་མི་འདུག། ཨེ་མ་ཧོ།
ཨེ་མ་ཧོ་ཉི་ཟླའི་དཔའ་མཁར།། ཨེ་མ་ཧོ་བྲག་དམར་མགོན་ཁང་།།
བཙན་རྫོང་ན་ལྷ་འདྲེའི་ཁྱེའུ།། མ་ཡིག་ནི་ཁ་དཀར་རྐྱང་ཆུང་།།
ཨེ་མ་ཧོ། ཨེ་མ་ཧོ་དགྲ་ལྷའི་དར་མདུང་།། ཟུར་ཟུར་ལ་མཁའ་འགྲོའི་རྟེན་ཕུར།།
ལྡེམ་ལྡེམ་ལ་དར་ཚོན་སྣ་ལྔ་།། ཨེ་མ་ཧོ། ཨེ་མ་ཧོ་གཡུ་ཆུང་འབུམ་མེ།། མེ་ཏོག་ལ་དཀར་སེང་དམར་ལྗང་།།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།