Gལ་ཕུལ་བའི་སྙན་ངག

ལྷ།(འཇོ་མདའ) 琼迈文学网 2025-03-05
སེམས་ཅན་ལས་ཀྱི་མེ་ལོང་ངོས་སུ་རྟིང་མའི་ཟླ་བ་ཡང་ཡང་ཚེས།།
ཟླ་བའི་ནང་གི་རི་བོང་དེའང་རེ་འགའ་གསལ་ལ་རེ་འགའ་འགྲིབ།།
འཁོར་བའི་གྲོང་གི་སྒོ་དར་འོག་ནས་བརྩེ་གྲོགས་གཡུ་ཡི་མདའ་དར་འཛིན།།
མི་ཚེའི་གབ་ཚིག་རེ་རེའི་བར་ནས་སྐྱེ་བ་འདི་གའི་གསང་བརྡ་རྙེད།།

གནམ་ངོ་འཐིབ་པའི་ཕྱི་དྲོ་དེ་ལ་རི་རྩེའི་དར་ལྗང་མག་མོག་གྱུར།།
རྒོད་པོ་འཕུར་ཐལ་བྲག་དམར་ཐེམ་ནས་གཤོག་པ་ཡ་གཅིག་སྐུམ་ཙམ་བྱེད།།
སྤྲིན་པ་དུབ་རེ་ཕན་ཚུན་འདྲེས་ནས་ཆར་པ་འབབ་སྙམ་རླུང་བུ་ལྡང་།།
ལུག་ཁྱུ་གཤར་སའི་རི་སྒང་དེ་ནས་ཁྱོད་ཉིད་གྲང་བར་དོག་མི་བདེ།།

མི་ཚེའི་དབྱར་དགུན་གྲངས་མེད་རྗེས་སུ་ད་དུང་ཁྱོད་དང་འཕྲད་སྲིད་དམ།།
ཆང་དྲི་འཐུལ་བའི་སྒོ་བསྲུབས་བར་ནས་སྐད་དང་གཟུགས་ཀྱང་རྣ་བར་བཀླག།
མཚན་མོ་དག་ཀྱང་སྒོ་ནས་བསྐྱལ་ཏེ་ཟླ་འོད་ཀློང་གི་སྐྱེམས་ཆང་ཕུལ།།
གཤོག་ལྡང་འཐོར་བའི་བྱ་ཁྱུ་དག་ཀྱང་ཕྱོགས་ནས་ཕྱོགས་སུ་རྒྱུ་བར་མཐོང་།།

ཟུར་གསུམ་ཟུར་བརྒྱད་རྩྭ་ལྗང་གྲངས་མེད་སྤྲིན་དང་སྨུག་པས་ཕན་ཚུན་སྦྲེལ།།
རྫ་སྤང་འདྲེས་མའི་རི་རྒྱུད་དེ་ནས་ན་བུན་སྐྱ་བོས་ནམ་འཕངས་གཅོད།།
རྟ་ཕོ་རག་རག་སྒྲ་སྲབ་ཅན་པོ་ཚོད་ཚོད་འགྲོ་ཞོར་རྒྱང་མིག་བྱེད།།
ཆུ་མིག་ཆུང་ཆུང་ཕྱེད་གཉིས་གྱེས་པའི་ན་ཐང་དེ་རུ་སུ་ཞིག་ཡོད།།

ཤོག་བྱ་སྟོང་པ་རླུང་གིས་སྤུར་བའི་གནའ་གྲོང་དེ་ཡི་སྲང་མདོ་ན།།
སྨིན་མ་འགུལ་བའི་སྨར་ཤར་སྙིང་རྗེ་གོས་སེར་ལྗང་ཁུའི་ནུ་ཁེབས་ཅན།།
སྙི་བའི་མིག་ཟུང་འདར་མ་འདུར་གྱི་ལན་བུ་ཞིག་གི་སྣེ་མོར་འཛིན།།
ལྡེམ་ཤ་ཡག་པའི་སྙན་གྱི་ཟུར་ན་གཡུ་ཆུང་དྲུག་དཀར་ད་དུང་ཡག།

ཤ་ཕོ་ངུ་བའི་སྒང་ཟེ་དེ་ནས་ཁྲ་རིང་གློག་གི་མཇུག་མ་ལྡེམ།།
སྐྱིད་སྡུག་བར་གྱི་སྟོན་ནམ་རིང་མོ་རྨི་ལམ་ཞིག་གི་སྔོན་འགྲོར་བཏང་།།
(སྤྲིན་པ་ཡར་ལྡིང་ན་བུན་མར་ཆད་)སྐྱེ་འཆི་སྟོང་གི་གཟུགས་སྐུ་འཆར།།
རྒྱུད་སྐུད་སྐྱ་གཅིག་འཐེན་འཕྲོར་ལུས་པའི་འུ་གཉིས་བར་གྱི་གླུ་སྐད་དྲན།།

སྐད་འོད་མཆེད་པའི་གྱང་ཁུག་ཕག་ན་གསེར་མདོག་ཚོན་གྱི་འགྱུ་རིས་གསལ།།
སྟེང་དང་འོག་ནས་ས་རྡུལ་ཉིལ་ཞིང་དེ་ཡི་བཤུལ་ནས་ཨ་ཡིག་འཚེར།།
མེ་ཁ་གསོ་ཞིང་ཆུ་ཁར་འགྲོ་བའི་དབྱངས་ཅན་ལྷ་ཡང་འདི་ནས་མཇལ།།
ཉལ་ཐུན་གཅིག་ལ་ཤ་དྲོད་སྟེར་བའི་ཆུང་གྲོགས་ཁྱོད་ཀྱང་འདི་ནས་མཇལ།།

ལུང་བསྟན་ཁྲོད་ཀྱི་བྱང་ཐང་དེ་རུ་སྙིང་སྡུག་ཁྱོད་ཉིད་བཞུགས་ལགས་སམ།།
གང་སར་རྩེན་པའི་ལན་བུ་དག་གི་སྣེ་མོ་ད་དུང་དྲང་ལགས་སམ།།
སྐེ་དཀྲིས་གློ་ཁ་ཆུ་ནང་འཛག་དུས་བྱམས་པའི་འཕོ་བ་བདེ་ལེགས་སམ།།
དོ་ཞག་ཉིན་མཚན་འདི་འདྲ་རིང་བ་འུ་གཉིས་སུ་ཞིག་ལན་པ་ཡིན།།

དྲུག་དཀར་ཆག་རོའི་མཐུད་ཁ་བཙལ་ནས་ཚེ་འདིར་ཕྲན་ཡང་རབ་ཏུ་བྲེལ།།
ནམ་ཚ་བོར་བའི་ལོ་ངོ་མང་པོར་བྲོད་པ་ཡན་ཆད་སྟོང་ལྷང་ལྷང་།།
གཏད་སོ་མེད་པའི་འདུ་ཤེས་དག་ལ་སྙིང་པོ་མེད་པ་ཤེས་བཞིན་དུ།།
ཚོར་བའི་གཞུ་རྒྱུད་བཀུག་པ་འདི་ཡང་སྐྱེ་བ་སྔོན་མའི་ལན་ཆགས་སོ།།

དྲན་པའི་ས་གཞི་ཞབས་ཀྱིས་མནན་རུང་སྐྱོ་བའི་ཁང་ཆར་སྟེང་ནས་བབས།།
དབེན་པའི་རི་ཡི་ཉག་ག་འདི་ནས་གཟན་ཤམ་འོག་ནས་ཁྱོད་རང་དྲན།།
སྲོད་ཁའི་ཉི་ནུབ་སེམས་ལ་ལྷུང་དུས་ཡང་ཡང་ངུས་པ་བརྗེད་མི་སྲིད།།
ངུས་པའི་མཆི་མ་ཕྱིས་པས་མ་ཚར་དྲན་གདུང་སྙིང་གི་རི་མོ་འདར།།

སྡུག་གི་མགོ་བོ་བྲང་ལ་སྔས་ཏེ་ཁྱོད་ཉིད་དམ་དུ་འཁྱུད་པར་འདོད།།
སྐྱེ་བ་འདི་གའི་འབབ་ཚུགས་རྗེས་མ་ཁྱོད་ཀྱི་ཕ་ཡུལ་ཡིན་པར་འདོད།།
ཉི་ཤུའི་ན་ཚོད་འདི་ལྟར་ཚར་ནས་ཚུར་ཡོང་མེད་པ་ལོས་ཀྱང་གསལ།།
སྲོག་གི་མེ་སྟག་ད་དུང་གསལ་ན་ད་དུང་ཁྱོད་ཉིད་སྒུག་པར་འདོད།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

Gལ་ཕུལ་བའི་སྙན་ངག

2025-03-05 ལྷ།(འཇོ་མདའ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།