ཡབ་མེས་གཤོག་རྩལ་ཅན།

གླག (ཀོའུ་ཡན) 琼迈文学网 2025-03-17
སྲོད་ཀྱི་ཉི་མ་སེང་ལྡིང་ཕུར་བས་སྟོད། །
ཉི་ཟེར་གསེག་འཕྲོས་ཐོག་ལ་ན་བཟའ་འགེལ། །
རླུང་གི་རྟ་ཕོར་སྒ་སྲབ་མ་སྤྲས་ཀྱང་། །
བཅིབས་ནས་སྐད་ཅིག་སྐད་ཅིག་འཕུར་འགྲོ་བའི། །
ཡབ་མེས་གཤོག་རྩལ་ཅན་ཚོ་གང་དུ་བཞུད། །    

བློ་ལྡན་སེམས་དཔའི་ཚོགས་ལ་སྙན་བརྒྱུད་པའི། །
དཔྱོད་ལྡན་མཁས་པའི་ཚོགས་ཀྱིས་ཞུན་བརྡར་བའི། །
ཤེས་རིག་གསེར་ཞུན་འོ་མ་གངས་ལྗོངས་འདིར། །
དྲང་ཆེད་དཀའ་བ་བརྒྱ་ཕྲག་ཁྱད་བསད་པའི། །
ལོ་པཎ་རྣམ་ཐར་ངའི་ཡིད་ལྷུང་ལྷུང་དྲན། །

ལེགས་གྲུབ་བལ་བོ་གཅན་འཕྲང་བ་ཡིས་བསད། །
བསོད་ནམས་རྩེ་མོའི་བུ་ཡང་ཇག་པས་བཀྲོངས། །
དཔལ་གྱི་སེངྒེའི་རྩེས་པ་སྦྲུལ་གྱིས་གཞིབས། །
རིན་ཆེན་བཟང་པོས་ཕྱག་ཕྱིར་ཁྲིད་པ་ཡི། །
ཁྱེའུ་གཉིས་ཀྱང་ཁ་ཆེར་ཚད་པས་ཤི། །

གླེགས་བམ་དྲེལ་ཆུང་ཞིག་ལ་བཀལ་ནས་ནི། །
བལ་བོ་ལ་སོགས་ས་ཆ་ཀུན་ཉུག་སྟེ། །
བོད་དཔེ་རྒྱ་དཔེ་བསྡུར་བའི་ལོ་ཙཱ་བ། །
བཀའ་པོད་ལྔ་ཡི་འཆད་ཉན་འཛུགས་པ་པོ། །
བློ་ལྡན་ཤེས་རབ་དྲན་ཚེ་མོས་གུས་སྐྱེ། །

ན་རོའི་ཆོས་དྲུག་གདམས་པ་མ་ལོན་ན། །
ཤི་ཡང་རང་ཡུལ་ཕྱོགས་འདིར་མི་འཁོར་གསུང་། །
འབྲོག་མི་ལོ་ཙཱའི་དགེ་ཕྲུག་ངང་རིང་ཅན། །
མང་ཡུལ་མི་ལ་རས་པའི་བླ་མ་ཁོང་། །
ཁོང་རིག་མར་པའི་སྣང་བརྙན་མཚོན་ཐབས་བྲལ། །

མཁའ་འགྲོའི་ལུང་བསྟན་རྨི་ལམ་ནང་སླེབས་ཤིང་། །
བཙན་པོའི་བཀའ་ཡིག་ལག་པའི་མཐིལ་ལེན་པའི། །
ནམ་མཁའི་མཐའ་དང་མཉམ་པའི་བཻ་རོ་ཙས། །
གངས་ཁྲོད་ར་ཅོ་འཛིང་པ་འདི་བརྒལ་ཕྱིར། །
ལྷེ་འུ་ལུང་ནས་རྐང་མགྱོགས་འཕྲུལ་རྩལ་སྦྱངས། །

ཚད་དུག་ཕོག་ནས་ཤི་བ་གྲངས་མེད་དེ། །
ལ་ལ་གངྒའི་འགྲམ་དུ་མ་ཧེས་བསད། །
ལ་ལའི་གསེར་དངུལ་ལམ་སྒུག་ཇག་པས་འཕྲོག།
རྩ་གཅིག་ཕར་ལ་སོང་བ་ལོས་ཀྱང་བདེན། །
བཅུ་དགུ་སླེབས་རྒྱུ་མེད་པ་དེ་ཡང་བདེན། །

རྫུན་དང་ཕྲ་མའི་འཁོར་ལོ་བསྐོར་བའི་ས། །
དྲང་བོའི་མི་ལ་བསྙད་འདོགས་བྱེད་པའི་གླིང་། །
མུག་མུག་གཞན་སྐྱོན་སྒྲོག་ལ་བྱང་བའི་གནས། །
གང་བྱུང་རྒྱུ་རྐྱེན་སོ་སོར་ཐ་དད་རུང་། །
རང་ཡུལ་སླེབས་རུང་དཀའ་བའི་རྒྱུན་ཆད་མེད། །

གསལ་སྣང་ལྷོ་ཕྱོགས་ཚ་བ་རོང་དུ་སྤྱུགས། །
ནམ་མཁའི་སྙིང་པོ་ལྷོ་བྲག་ཁ་ཆུར་བདས། །
དགེ་ཆོས་སྨྱོན་པའི་སྒམ་ཆུང་ཞུགས་ལ་བཞུས། །
སྔོན་བྱོན་ལོ་ཙཱ་བ་ཡིས་མྱངས་པའི་སྡུག །
དཀའ་བ་བཅུ་དྲུག་ནང་དུ་ཤོང་ཐབས་མེད། །

ཐུང་ཐུང་མི་ལོ་ཆིག་སྟོང་སུམ་བརྒྱའི་ནང་། །
དམའ་དམའ་ཁེངས་སྐྱོང་ཅན་གྱི་ལོ་པཎ་ཚོས། །
རིང་རིང་མཚན་ཉིད་བསམ་བློའི་གཏིང་རིང་ཞིང་། །
འབར་འབར་བློ་སྦྱོང་ཕྱིན་དྲུག་འབར་བྱེད་པའི། །
མཐོ་མཐོ་བྲག་རི་མཐོན་པོའི་གླེགས་བམ་བརྩིགས། །

དཔེར་ན་འབྱོར་ལྡན་ཁྱིམ་དུ་སྐྱེས་ན་ཡང་། །
ནོར་རྫས་རྒྱུན་འཛིན་བྱེད་པའི་སྟོབས་ཞན་པའི། །
ཉམ་ཆུང་ཕྱི་རབས་མི་ཡི་གནས་སྟངས་འདི། །
དྲན་ཚེ་སྐྱོ་བའི་ཁུར་པོ་ཨོང་ཆེ་མོད། །
རང་སེམས་དད་པའི་དགའ་བ་མཚོན་བྱེད་དུ། །
རང་ཤག་གླེགས་བམ་སྣ་མང་བརྩིགས་པའི་སར། །
འཁོན་གྱི་བུ་རྒྱུད་སྨད་དུ་ཆད་པའི་འཕྲོ། །
ཨ་ཁུ་ཡི་དམ་སྐྱབས་ཀྱི་ཕྱི་ཐོགས་པ། །
སྔགས་ས་ལྷ་རྗེ་དཔལ་དུ་འབོད་པ་དེས། །
དྲན་སློང་ཡི་གེ་སྙན་རོ་མེད་པ་གཅིག །
ཨེ་ཧྥན་ཁ་པར་ནང་ལ་མགྱོགས་པོར་བྲིས། ། ཞེས་ཀྱང་ངོ་། །

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡབ་མེས་གཤོག་རྩལ་ཅན།

2025-03-17 གླག (ཀོའུ་ཡན) ཀློག་གྲངས། མཆན ཡོད།
སྲོད་ཀྱི་ཉི་མ་སེང་ལྡིང་ཕུར་བས་སྟོད། །
ཉི་ཟེར་གསེག་འཕྲོས་ཐོག་ལ་ན་བཟའ་འགེལ། །
རླུང་གི་རྟ་ཕོར་སྒ་སྲབ་མ་སྤྲས་ཀྱང་། །
བཅིབས་ནས་སྐད་ཅིག་སྐད་ཅིག་འཕུར་འགྲོ་བའི། །
ཡབ་མེས་གཤོག་རྩལ་ཅན་ཚོ་གང་དུ་བཞུད། །    

བློ་ལྡན་སེམས་དཔའི་ཚོགས་ལ་སྙན་བརྒྱུད་པའི། །
དཔྱོད་ལྡན་མཁས་པའི་ཚོགས་ཀྱིས་ཞུན་བརྡར་བའི། །
ཤེས་རིག་གསེར་ཞུན་འོ་མ་གངས་ལྗོངས་འདིར། །
དྲང་ཆེད་དཀའ་བ་བརྒྱ་ཕྲག་ཁྱད་བསད་པའི། །
ལོ་པཎ་རྣམ་ཐར་ངའི་ཡིད་ལྷུང་ལྷུང་དྲན། །

ལེགས་གྲུབ་བལ་བོ་གཅན་འཕྲང་བ་ཡིས་བསད། །
བསོད་ནམས་རྩེ་མོའི་བུ་ཡང་ཇག་པས་བཀྲོངས། །
དཔལ་གྱི་སེངྒེའི་རྩེས་པ་སྦྲུལ་གྱིས་གཞིབས། །
རིན་ཆེན་བཟང་པོས་ཕྱག་ཕྱིར་ཁྲིད་པ་ཡི། །
ཁྱེའུ་གཉིས་ཀྱང་ཁ་ཆེར་ཚད་པས་ཤི། །

གླེགས་བམ་དྲེལ་ཆུང་ཞིག་ལ་བཀལ་ནས་ནི། །
བལ་བོ་ལ་སོགས་ས་ཆ་ཀུན་ཉུག་སྟེ། །
བོད་དཔེ་རྒྱ་དཔེ་བསྡུར་བའི་ལོ་ཙཱ་བ། །
བཀའ་པོད་ལྔ་ཡི་འཆད་ཉན་འཛུགས་པ་པོ། །
བློ་ལྡན་ཤེས་རབ་དྲན་ཚེ་མོས་གུས་སྐྱེ། །

ན་རོའི་ཆོས་དྲུག་གདམས་པ་མ་ལོན་ན། །
ཤི་ཡང་རང་ཡུལ་ཕྱོགས་འདིར་མི་འཁོར་གསུང་། །
འབྲོག་མི་ལོ་ཙཱའི་དགེ་ཕྲུག་ངང་རིང་ཅན། །
མང་ཡུལ་མི་ལ་རས་པའི་བླ་མ་ཁོང་། །
ཁོང་རིག་མར་པའི་སྣང་བརྙན་མཚོན་ཐབས་བྲལ། །

མཁའ་འགྲོའི་ལུང་བསྟན་རྨི་ལམ་ནང་སླེབས་ཤིང་། །
བཙན་པོའི་བཀའ་ཡིག་ལག་པའི་མཐིལ་ལེན་པའི། །
ནམ་མཁའི་མཐའ་དང་མཉམ་པའི་བཻ་རོ་ཙས། །
གངས་ཁྲོད་ར་ཅོ་འཛིང་པ་འདི་བརྒལ་ཕྱིར། །
ལྷེ་འུ་ལུང་ནས་རྐང་མགྱོགས་འཕྲུལ་རྩལ་སྦྱངས། །

ཚད་དུག་ཕོག་ནས་ཤི་བ་གྲངས་མེད་དེ། །
ལ་ལ་གངྒའི་འགྲམ་དུ་མ་ཧེས་བསད། །
ལ་ལའི་གསེར་དངུལ་ལམ་སྒུག་ཇག་པས་འཕྲོག།
རྩ་གཅིག་ཕར་ལ་སོང་བ་ལོས་ཀྱང་བདེན། །
བཅུ་དགུ་སླེབས་རྒྱུ་མེད་པ་དེ་ཡང་བདེན། །

རྫུན་དང་ཕྲ་མའི་འཁོར་ལོ་བསྐོར་བའི་ས། །
དྲང་བོའི་མི་ལ་བསྙད་འདོགས་བྱེད་པའི་གླིང་། །
མུག་མུག་གཞན་སྐྱོན་སྒྲོག་ལ་བྱང་བའི་གནས། །
གང་བྱུང་རྒྱུ་རྐྱེན་སོ་སོར་ཐ་དད་རུང་། །
རང་ཡུལ་སླེབས་རུང་དཀའ་བའི་རྒྱུན་ཆད་མེད། །

གསལ་སྣང་ལྷོ་ཕྱོགས་ཚ་བ་རོང་དུ་སྤྱུགས། །
ནམ་མཁའི་སྙིང་པོ་ལྷོ་བྲག་ཁ་ཆུར་བདས། །
དགེ་ཆོས་སྨྱོན་པའི་སྒམ་ཆུང་ཞུགས་ལ་བཞུས། །
སྔོན་བྱོན་ལོ་ཙཱ་བ་ཡིས་མྱངས་པའི་སྡུག །
དཀའ་བ་བཅུ་དྲུག་ནང་དུ་ཤོང་ཐབས་མེད། །

ཐུང་ཐུང་མི་ལོ་ཆིག་སྟོང་སུམ་བརྒྱའི་ནང་། །
དམའ་དམའ་ཁེངས་སྐྱོང་ཅན་གྱི་ལོ་པཎ་ཚོས། །
རིང་རིང་མཚན་ཉིད་བསམ་བློའི་གཏིང་རིང་ཞིང་། །
འབར་འབར་བློ་སྦྱོང་ཕྱིན་དྲུག་འབར་བྱེད་པའི། །
མཐོ་མཐོ་བྲག་རི་མཐོན་པོའི་གླེགས་བམ་བརྩིགས། །

དཔེར་ན་འབྱོར་ལྡན་ཁྱིམ་དུ་སྐྱེས་ན་ཡང་། །
ནོར་རྫས་རྒྱུན་འཛིན་བྱེད་པའི་སྟོབས་ཞན་པའི། །
ཉམ་ཆུང་ཕྱི་རབས་མི་ཡི་གནས་སྟངས་འདི། །
དྲན་ཚེ་སྐྱོ་བའི་ཁུར་པོ་ཨོང་ཆེ་མོད། །
རང་སེམས་དད་པའི་དགའ་བ་མཚོན་བྱེད་དུ། །
རང་ཤག་གླེགས་བམ་སྣ་མང་བརྩིགས་པའི་སར། །
འཁོན་གྱི་བུ་རྒྱུད་སྨད་དུ་ཆད་པའི་འཕྲོ། །
ཨ་ཁུ་ཡི་དམ་སྐྱབས་ཀྱི་ཕྱི་ཐོགས་པ། །
སྔགས་ས་ལྷ་རྗེ་དཔལ་དུ་འབོད་པ་དེས། །
དྲན་སློང་ཡི་གེ་སྙན་རོ་མེད་པ་གཅིག །
ཨེ་ཧྥན་ཁ་པར་ནང་ལ་མགྱོགས་པོར་བྲིས། ། ཞེས་ཀྱང་ངོ་། །

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།