མཚན་ཞག་གཅིག་གི་སྐར་མ།(ཞར་བཀོད་གཅི་ག་ཡོད)

ལྷ།(འཇོ་མདའ) 琼迈文学网 2025-03-26
རི་བོའི་ཉག་ལམ་ཁ་བའི་པད་མོ་བཞད།།
རྟ་ཕོའི་གཞུང་ལ་ཟླ་འོད་ཁམས་ཀྱང་དྭངས།།
སྤྲིན་པའི་ཡལ་གར་སྐར་མའི་ཁུ་བྱུག་བབ།།
ང་ཡི་རི་དང་ལུང་པའི་གཙང་འགྲམ་དུ།།
སྐྱེ་འཆིའི་རི་དྭགས་ཚང་ཁ་ཤིག་ཤིག་གིས།།
སྨུག་པའི་ཀློང་ནས་འདྲོགས་ཏེ་གང་སར་གྱེས།།
སྒྱུ་མའི་དར་ལྗང་རླུང་ཁར་ཟད་པའི་ཤུལ།
ཆར་པ་འབབ་སྙམ་སེམས་པ་སྔར་ནས་སྐྱོ།།
འཁོར་བའི་གླིང་ཕྲན་སྟོང་གི་ས་མཚམས་ནས།།
ཡང་ཡང་འཕྲད་ཡོང་བསམ་བཞིན་རེ་སྟོང་བཅང་།།
སྐྱིད་ལ་རྙིང་དུས་མེད་ཀྱང་སྡུག་བསྔལ་བསྐྱེད།།
ཆགས་སྡང་གོས་དང་གོང་བའི་མཐུད་སྟངས་ཀྱིས།།
ཆང་ལ་བཟི་ཁ་མེད་ཀྱང་འཐུང་སྙིང་བྲོ།།
བརྩེ་བའི་མྱ་ངན་ཁུར་བའི་ནགས་ཚལ་དུ།།
བྱ་རྒོད་བསྟུད་མར་འཕུར་རུང་ཕྱིར་ལོག་མེད།།
ལས་ཀྱི་ཆུ་ཟིལ་འཐོར་བའི་སྒེའུ་འགྲམ་དུ།།
མགོ་བོ་ཅུང་ཙམ་སྔས་ཀྱང་བློ་མ་བདེ།།
      ༢༠༢༥.༣.༢༠ མཚན་མོར།

འགྱོད་མེད་ཀྱི་གླུ།


རླུང་ཆེན་བསྟུད་མར་ལྡང་བའི་ཉག་ག་ན།།
ཆུ་ཤེལ་ཟླ་བའི་གཡེར་ཁ་རླུང་གིས་བསྐྱོད།།
གནམ་ས་ལག་འཇུ་བྱས་པའི་ཐག་རིང་ནས།།
འདས་སོང་བརྩེ་བའི་ཤ་ཁྱུ་འདྲོགས་པ་མཐོང་།།

མཚན་མོའི་མྱ་ངན་ཁུར་བའི་ནགས་ཚལ་དུ།།
ལས་ཀྱི་པདྨོ་བཞད་པས་དགུན་ཁ་ཚེས།།
རྒོད་པོ་བྲག་ཐེམ་ལྷུང་བའི་གཤོག་འགྱུར་གྱིས།།
འཁོར་བའི་སྙིང་པོ་ཟེར་བ་འཛིན་ཐབས་བྲལ།།

ཞལ་གྱི་མེ་ཏོག་སྙིང་ལ་འཁྲུངས་བ་ཡིས།།
སྐྱེ་བའི་སྔ་གཞུག་ཙམ་ལའང་འབྲལ་མི་འདོད།།
སེམས་ཀྱི་མདུད་པ་གནམ་ལ་བསྲིངས་བ་ན།།
སྐར་མའི་ཚོཊ་ཀྱང་འདར་བཞིན་བྲོས་པར་བརྩམས།།

ཉི་ཤུའི་ན་ཚོད་ལྷག་མའི་ཆགས་སྡང་གིས།།
རེ་སྟོང་དབུགས་ཀྱི་དར་ཆེན་མཁའ་ལ་ལྡིང་།།
འགྱོད་གདུང་སྨུག་པ་འཐིབ་པའི་རི་རྩེ་ལ།།
ཁ་བ་ལྷབ་ལྷུབ་འབབ་ན་ལྷག་པར་སྐྱོ།།

བརྩེ་བའི་གནམ་ངོ་འཐིབ་པའི་ས་སྲོད་ལ།།
སེམས་ཅན་རི་དྭགས་བཞིན་དུ་ས་མཐར་འཁྱམ།།
ཉི་ཟླའི་ས་ཚིག་བོར་བའི་རྩྭ་ཐང་དུ།།
ཁྱོད་དང་ཡང་བསྐྱར་འཕྲད་པས་ཅི་ཞིག་བྱ།།
     ༢༠༢༥.༣.༢༠ མཚན་མོར། 


རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཚན་ཞག་གཅིག་གི་སྐར་མ།(ཞར་བཀོད་གཅི་ག་ཡོད)

2025-03-26 ལྷ།(འཇོ་མདའ) ཀློག་གྲངས། མཆན ཡོད།
རི་བོའི་ཉག་ལམ་ཁ་བའི་པད་མོ་བཞད།།
རྟ་ཕོའི་གཞུང་ལ་ཟླ་འོད་ཁམས་ཀྱང་དྭངས།།
སྤྲིན་པའི་ཡལ་གར་སྐར་མའི་ཁུ་བྱུག་བབ།།
ང་ཡི་རི་དང་ལུང་པའི་གཙང་འགྲམ་དུ།།
སྐྱེ་འཆིའི་རི་དྭགས་ཚང་ཁ་ཤིག་ཤིག་གིས།།
སྨུག་པའི་ཀློང་ནས་འདྲོགས་ཏེ་གང་སར་གྱེས།།
སྒྱུ་མའི་དར་ལྗང་རླུང་ཁར་ཟད་པའི་ཤུལ།
ཆར་པ་འབབ་སྙམ་སེམས་པ་སྔར་ནས་སྐྱོ།།
འཁོར་བའི་གླིང་ཕྲན་སྟོང་གི་ས་མཚམས་ནས།།
ཡང་ཡང་འཕྲད་ཡོང་བསམ་བཞིན་རེ་སྟོང་བཅང་།།
སྐྱིད་ལ་རྙིང་དུས་མེད་ཀྱང་སྡུག་བསྔལ་བསྐྱེད།།
ཆགས་སྡང་གོས་དང་གོང་བའི་མཐུད་སྟངས་ཀྱིས།།
ཆང་ལ་བཟི་ཁ་མེད་ཀྱང་འཐུང་སྙིང་བྲོ།།
བརྩེ་བའི་མྱ་ངན་ཁུར་བའི་ནགས་ཚལ་དུ།།
བྱ་རྒོད་བསྟུད་མར་འཕུར་རུང་ཕྱིར་ལོག་མེད།།
ལས་ཀྱི་ཆུ་ཟིལ་འཐོར་བའི་སྒེའུ་འགྲམ་དུ།།
མགོ་བོ་ཅུང་ཙམ་སྔས་ཀྱང་བློ་མ་བདེ།།
      ༢༠༢༥.༣.༢༠ མཚན་མོར།

འགྱོད་མེད་ཀྱི་གླུ།


རླུང་ཆེན་བསྟུད་མར་ལྡང་བའི་ཉག་ག་ན།།
ཆུ་ཤེལ་ཟླ་བའི་གཡེར་ཁ་རླུང་གིས་བསྐྱོད།།
གནམ་ས་ལག་འཇུ་བྱས་པའི་ཐག་རིང་ནས།།
འདས་སོང་བརྩེ་བའི་ཤ་ཁྱུ་འདྲོགས་པ་མཐོང་།།

མཚན་མོའི་མྱ་ངན་ཁུར་བའི་ནགས་ཚལ་དུ།།
ལས་ཀྱི་པདྨོ་བཞད་པས་དགུན་ཁ་ཚེས།།
རྒོད་པོ་བྲག་ཐེམ་ལྷུང་བའི་གཤོག་འགྱུར་གྱིས།།
འཁོར་བའི་སྙིང་པོ་ཟེར་བ་འཛིན་ཐབས་བྲལ།།

ཞལ་གྱི་མེ་ཏོག་སྙིང་ལ་འཁྲུངས་བ་ཡིས།།
སྐྱེ་བའི་སྔ་གཞུག་ཙམ་ལའང་འབྲལ་མི་འདོད།།
སེམས་ཀྱི་མདུད་པ་གནམ་ལ་བསྲིངས་བ་ན།།
སྐར་མའི་ཚོཊ་ཀྱང་འདར་བཞིན་བྲོས་པར་བརྩམས།།

ཉི་ཤུའི་ན་ཚོད་ལྷག་མའི་ཆགས་སྡང་གིས།།
རེ་སྟོང་དབུགས་ཀྱི་དར་ཆེན་མཁའ་ལ་ལྡིང་།།
འགྱོད་གདུང་སྨུག་པ་འཐིབ་པའི་རི་རྩེ་ལ།།
ཁ་བ་ལྷབ་ལྷུབ་འབབ་ན་ལྷག་པར་སྐྱོ།།

བརྩེ་བའི་གནམ་ངོ་འཐིབ་པའི་ས་སྲོད་ལ།།
སེམས་ཅན་རི་དྭགས་བཞིན་དུ་ས་མཐར་འཁྱམ།།
ཉི་ཟླའི་ས་ཚིག་བོར་བའི་རྩྭ་ཐང་དུ།།
ཁྱོད་དང་ཡང་བསྐྱར་འཕྲད་པས་ཅི་ཞིག་བྱ།།
     ༢༠༢༥.༣.༢༠ མཚན་མོར། 


རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།