སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
དབྱངས་ཅན་ལྷ་ཡི་འཕྲུལ་གྱི་གར།།
བདག་བློའི་མུན་པ་གསལ་གྱུར་ཅིག།
འཇིག་རྟེན་ཆེན་པོའི་ནང་རོལ་དུ།།
བདག་གིས་ཡི་གེའི་རོལ་རྩེད་རྩོམ།།
---སྔོན་འགྲོའི་ཚུལ་དུ།
སྣང་སྟོང་དབྱེར་མེད་ཚོར་བའི་ཡན་ལག་འགུལ།།
མི་ཡུལ་ཁམས་སུ་རྟོགས་པའི་རོ་བརྒྱ་འབར།།
ཚིག་གི་སྙན་པ་དོན་དུ་གཉེར་བྱས་ཏེ།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ལང་ཚོ་འདི་ཉིད་ཐ་སྙད་ར་བར་འཇུག།
དགའ་སྐྱོ་མཐའ་དག་ཚིག་གི་ཚལ་དུ་བསུ།།
རྨི་ལམ་ཕྲ་མོར་མཐུན་པའི་གྲོས་ཤིག་འདེབས།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ཆང་གི་བཟི་ཁར་ཚིག་གི་འཁོར་ལོ་སྐོར།།
ཤ་པགས་རུས་པའི་གཏིང་དུ་ཡི་གེ་འབྲི།།
ཤེས་པའི་ལྗིད་ཚད་འདི་ལ་སྐྱབས་བཅོལ་ཏེ།།
སྐྱེ་བ་རྗེས་མར་ཡི་གེ་གཟུགས་སུ་སྤྲུལ།།
གདུང་བའི་ན་ཟུག་སྤྱད་དེ་སྙན་ངག་རྩོམ།།
ཚིག་གི་ཤིང་རྟ་དྲུད་པའི་ཤུལ་ཡང་འཇོག།
ལས་དབང་འདི་ཉིད་རྒྱན་དུ་ལྐུགས་བྱས་ཏེ།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
གནག་ཕྱུགས་སོ་སྒྲ་འཆའ་བའི་ས་སྲོད་ལ།།
སྣང་བ་གཡུང་ལ་བསྐོར་ཏེ་ལ་གླུ་འབྲི།།
མི་རྟག་གནས་ཚང་གཡར་བའི་རྟེན་སྐལ་དུ།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
མཐོང་བའི་ཁམས་དང་ཉན་པ་སྒྲ་ཡོད་དོ།།
ཡི་གེའི་ཚོགས་དྲུག་གྲོལ་བའི་བརྡ་རུ་ངེས།།
རྣམ་ཤེས་གཡར་མ་བེམ་པོ་བདག་མེད་ཨང་།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ཞོགས་པའི་ཁ་རླངས་ནང་དུ་ཚོར་བ་འཚོལ།།
ཞབས་འོག་རྩི་མགོ་འཐོར་བའི་ཚུལ་ལ་ལྟ།།
ཚིག་དང་ཚིག་གི་ཆོ་འཕྲུལ་རབ་བརྩེས་ཏེ།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ཉི་ཟླ་ཀླད་ལ་སྐོར་བཞིན་རྣམ་དཔྱོད་རྩེད།།
སྲིད་པའི་རྩེ་རུ་ཡི་གེའི་གྲུ་ཆུང་གཏོང་།།
སྟག་ཤར་རླུང་རྟ་ཚིག་གི་སྐྱེས་སུ་འདྲེན།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ཡི་གེ་འཚོ་བའི་ནང་གི་རི་མོ་བཞིན།།
འགྲོ་འདུག་བར་ནས་དམར་པོ་ལྕེ་རུ་བརྡར།།
ཕྲ་རག་ཟབ་ཡངས་ཀུན་ལ་དབང་འབྱོར་བའི།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
སྐྱེ་བ་འདི་ལ་མི་ཡི་ལུས་རྟེན་འཐོབས།།
མ་ཤི་བར་དུ་ཡི་གེའི་གདངས་སུ་འཛུལ།།
ཚེ་ཡིས་ཕར་ལ་དེད་ཀྱང་བློ་འགྱོད་མེད།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
བོད་རྒྱལ་ལོ༢༡༥༢དང་སྤྱི་ལོ༢༠༢༥ལོའི་ཟླ༤ཚེས་པ༢༢ཉིན་བྲིས།
རྩོམ་སྒྲིག་པ། ལྷ་སྐྱིད།
བདག་བློའི་མུན་པ་གསལ་གྱུར་ཅིག།
འཇིག་རྟེན་ཆེན་པོའི་ནང་རོལ་དུ།།
བདག་གིས་ཡི་གེའི་རོལ་རྩེད་རྩོམ།།
---སྔོན་འགྲོའི་ཚུལ་དུ།
སྣང་སྟོང་དབྱེར་མེད་ཚོར་བའི་ཡན་ལག་འགུལ།།
མི་ཡུལ་ཁམས་སུ་རྟོགས་པའི་རོ་བརྒྱ་འབར།།
ཚིག་གི་སྙན་པ་དོན་དུ་གཉེར་བྱས་ཏེ།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ལང་ཚོ་འདི་ཉིད་ཐ་སྙད་ར་བར་འཇུག།
དགའ་སྐྱོ་མཐའ་དག་ཚིག་གི་ཚལ་དུ་བསུ།།
རྨི་ལམ་ཕྲ་མོར་མཐུན་པའི་གྲོས་ཤིག་འདེབས།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ཆང་གི་བཟི་ཁར་ཚིག་གི་འཁོར་ལོ་སྐོར།།
ཤ་པགས་རུས་པའི་གཏིང་དུ་ཡི་གེ་འབྲི།།
ཤེས་པའི་ལྗིད་ཚད་འདི་ལ་སྐྱབས་བཅོལ་ཏེ།།
སྐྱེ་བ་རྗེས་མར་ཡི་གེ་གཟུགས་སུ་སྤྲུལ།།
གདུང་བའི་ན་ཟུག་སྤྱད་དེ་སྙན་ངག་རྩོམ།།
ཚིག་གི་ཤིང་རྟ་དྲུད་པའི་ཤུལ་ཡང་འཇོག།
ལས་དབང་འདི་ཉིད་རྒྱན་དུ་ལྐུགས་བྱས་ཏེ།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
གནག་ཕྱུགས་སོ་སྒྲ་འཆའ་བའི་ས་སྲོད་ལ།།
སྣང་བ་གཡུང་ལ་བསྐོར་ཏེ་ལ་གླུ་འབྲི།།
མི་རྟག་གནས་ཚང་གཡར་བའི་རྟེན་སྐལ་དུ།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
མཐོང་བའི་ཁམས་དང་ཉན་པ་སྒྲ་ཡོད་དོ།།
ཡི་གེའི་ཚོགས་དྲུག་གྲོལ་བའི་བརྡ་རུ་ངེས།།
རྣམ་ཤེས་གཡར་མ་བེམ་པོ་བདག་མེད་ཨང་།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ཞོགས་པའི་ཁ་རླངས་ནང་དུ་ཚོར་བ་འཚོལ།།
ཞབས་འོག་རྩི་མགོ་འཐོར་བའི་ཚུལ་ལ་ལྟ།།
ཚིག་དང་ཚིག་གི་ཆོ་འཕྲུལ་རབ་བརྩེས་ཏེ།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ཉི་ཟླ་ཀླད་ལ་སྐོར་བཞིན་རྣམ་དཔྱོད་རྩེད།།
སྲིད་པའི་རྩེ་རུ་ཡི་གེའི་གྲུ་ཆུང་གཏོང་།།
སྟག་ཤར་རླུང་རྟ་ཚིག་གི་སྐྱེས་སུ་འདྲེན།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
ཡི་གེ་འཚོ་བའི་ནང་གི་རི་མོ་བཞིན།།
འགྲོ་འདུག་བར་ནས་དམར་པོ་ལྕེ་རུ་བརྡར།།
ཕྲ་རག་ཟབ་ཡངས་ཀུན་ལ་དབང་འབྱོར་བའི།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
སྐྱེ་བ་འདི་ལ་མི་ཡི་ལུས་རྟེན་འཐོབས།།
མ་ཤི་བར་དུ་ཡི་གེའི་གདངས་སུ་འཛུལ།།
ཚེ་ཡིས་ཕར་ལ་དེད་ཀྱང་བློ་འགྱོད་མེད།།
སྐྱེ་བ་རྗེས་མར་ཡི་གེའི་གཟུགས་སུ་སྤྲུལ།།
བོད་རྒྱལ་ལོ༢༡༥༢དང་སྤྱི་ལོ༢༠༢༥ལོའི་ཟླ༤ཚེས་པ༢༢ཉིན་བྲིས།
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།